CLOSE WINDOW

N3026: dpal kha sar+pa Na'i sgrub thabs
Wyliee-texts based on the ACIP/ALL Input

ཞབས་ཀྱིས་མཛད་ཡ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཁ་སརྦ་ཎི་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཁ་སརྦ་ཎིའི་སྒྲུབ་ཐབས། དཔལ་ཁ་སརྦ་ཎི་ལ་ཕྱག་འཚལ་ལོ། །འདིར་དགེ་བསྙེན་དགེ་བྱེད་ཅེས་བྱ་བ་དགེ་བའི་ལས་ལ་བརྩོན་ཞིང ་སྙིང་རྗེ་དང་ལྡན་པ་ཞིག་ཡོད་པར་གྲགས་པ་དེས། པོ་ཏ་ལ་ཀེར་འགྲོ་བར་བརྩམས་ཏེ་ཆབ་ནས་ཁཱ་ཌི་མཎྜལ་ཁ་སརྦ་ཎི་ཞེས་གྲགས་པའི་གྲོང་ཞིག་ཡོད་པར་བསྡད་པ་ན། དེར་བཅོམ་ལྡན་འདས་འཕགས་པ་འཇིག་རྟེན ་དབང་ཕྱུག་གིས་གནང་བ་བྱིན་ཏེ། ཁྱོད་རང་མ་འགྲོ་བར་འདིར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་རྒྱལ་པོའི་རིམ་པས་པའི་སྐུ་གཅིག་གྱིས་དང། དེས་སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོར་འགྱུར་རོ་ཞེས་གསུངས་ནས། ་ད་ནས་དེས་བཅོམ་ལྡན་འདས་ཀྱི་སྐུ་གཅིག་མྱུར་དུ་བཞེངས་སོ་ཞེས་ཐོས་སོ། །དེ་ལ་བཅོམ་ལྡན་འདས་བསྒྲུབ་པའི་ཕྱིར་ལྟ་བ་ཕུན་སུམ་ཚོགས་ན་དགེ་སློང་མཆོག་གི་ཚུལ་ཁྲིམས་ཉམས་ཀྱང་བླའི། ལྟ་བ་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། །འདིར ་རེ་ཞིག་ཆོས་ཐམས་ཅད་བདག་མེད་པར་རྣམ་པར་བལྟས་ནས་རྣམ་པར་རྟོག་པ་མཛའ་དག་སྤངས་ཏེ། བརྩེ་བའི་བསམ་པས་ཀྱེ་མ་སེམས་ཅན་འདི་རྣམས་ཉོན་མོངས་པ་ལ་སོགས་པའི་ལས་ཀྱི་བར་དུ་གཅོད་པ་སྡུག་བསྔལ་བ་སྟེ། དེ་ལ ་སྐྱེ་བ་དང། རྒས་པ་དང། ནད་དང། འཆི་བའི་སྡུག་བསྔལ་རྣམས་ཀྱིས་ཤིན་ཏུ་མནར་བ་དང་ལྡན་པའི་སེམས་ཅན་རྣམས་དཔག་ཏུ་མེད་པའི་སྡུག་བསྔལ་བར་གྱུར་བ་རྣམས་ལ་དེའི་ཕྱིར་བདག་ཉིད་འཇིག་རྟེན་དབང་ཕྱུག་སྒྲུབས་ཏེ། དེ་རྣམ ་ཀྱི་སྡུག་བསྔལ་ཐམས་ཅད་བསལ་ཞིང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པར་བྱའོ། །ཞེས་དམ་བཅས་ནས། རང་གི་སྙིང་གར་ཕཾ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་སྟོང་གི་ལྟེ་བའི་དབུས་སུ་ཨ་ཡིག་ལས་སྐྱེས་པའི ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཏཱཾ་སུཾ་བྷྲིཾ་ཧཾ་ཞེས་པའི་ས་བོན་ལྔ་བཀོད་ལ། དེ་རྣམས་ཀྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ཞིང་བླ་མ་དང། །སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ཏེ། མདུན་གྱི་ནམ་མཁའ་ཨི་མཐིལ་དུ ་བཞུགས་ནས་ཕྱག་དང། མཆོད་པ་དང། སྡིགས་པ་བཤགས་པ་དང། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་མཆོད་པ་རྣམས་བདུན་ནམ་བཅུ་གཅིག་བྱས་ཏེ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམ་པར ་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་བྱང་ཆུབ་ཏུ་བྱས་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རྣལ་འབྱོར་དུ་བདག་ཉིད་བྱས་ཏེ། དེ་ཡང་སྟོན་ཀའི་ཟླ་བ་བཞིན་དུ་དཀར་ཞིང་རལ་པའི ་ཅོད་པན་འོད་དཔག་མེད་ཀྱིས་དབུ་ལ་བརྒྱན་ཅིང། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་དང་སེང་གེའི་གདན་གྱི་སྟེང་ན་པདྨ་འདབ་མ་སྟོང་ལ་རོལ་པའི་ཚུལ་གྱིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། གཡོན་ན་པདྨ་བསྣམས་པ། གཡས ་ན་བདུད་རྩིའི་ཆུ་རྒྱུན་འབབ་པའི་མཆོག་སྦྱིན་པའོ། །མདུན་ན་སྒྲོལ་མ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། གསེར་སྔོན་པོའི་མདོག་ལྟ་བུ་དཀར་ཞིང་མཁྲེགས་ལ་མཐོ་བ། རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ན་ཨུཏཔ་ལ་སྡོང་བུ་དང ་བཅས་པ་བསྣམས་ཤིང་སྤྱན་གྱིས་གཟིགས་པའོ། །དེའི་རྗེས་སུ་ནོར་བཟངས་གཞོན་ནུ་གསེར་འབར་བ་ལྟ་བུའི་རིན་པོ་ཆེའི་རྒྱན་དང། རིན་པོ་ཆེའི་ཅོད་པན་ཅན། མཚན་གཡོན་ན་ཀ་པ་ལི་བསྣམས་ཤིང་ཐལ་མོ་སྦྱར་བའོ། །དེའི་རྗེས་ཁྲོ་གཉེར་ཅན ་རལ་བའི་ཅོད་པན་ཅན་སྟེང་བ་རྗེས་པས་བརྒྱན་པ། གསེར་འབར་བ་ལྟ་བུ་ན་བཟའ་དམར་པོ་ཡོངས་སུ་བསྣམས་པ། ཕྱག་གཡས་པ་ཕྱག་འཚལ་བའི་ཚུལ་དུ་བྱས་པ། གཞན་ན་བགྲང་ཕྲེང་འཛིན་པ། གཡོན་པ་དག་གིས་དབྱུག་གུ་རྩེ་གསུམ་དང། ་རིལ་པ་སྤྱི་བླུགས་བསྣམས་པ། དེའི་རྗེས་སུ་རྟ་མགྲིན་དབུ་སྐྲ་དམར་སེར་གྱེན?་དུ་འབར་བ། སྐུ་མདོག་དམར་པོ་ཀླུའི་རྒྱན་དང་ལྡན་པ། ལྟོ་བ་འཕྱང་ཞིང་སྟག་གི་པགས་པའི་ན་བཟའ་བསྣམས། ཕྱག་ན་འབྱུང་བ་བསྣམས་པ། དེ་བཞིན་དུ་ལྔའི་ ་བདག་ཉིད་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་མཎྜལ་བྱས་ཏེ་ཆོ་ག་འདིས་མཆོད་པར་བྱའོ། །དེ་ནས་དང་པོ་མཎྜལ་བྱས་ནས་བསྲུང་བ་བྱ་སྟེ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་ས་རེ་རཀྵ་རཀྵ་མཾ ་ཕཊ་སྭཱཧཱ། ཨོཾ་བཛྲ་རེ་གེ་ཧཱུཾ། མཎྜལ་གྱི་སྔགས་སོ། །ོཾ་ཨ་གཙྪ་བྷ་ག་པཱན་མཎྜལ་ཀ་སིཾ་ཧཱ་ས་ནེ་ཨོཾ་ཨཱ(རྒྱུད་འགྲེལ་པ་ལྔའི་བདག་ཉིད་མཆོད་པར་བྱའོ། །དེ་ལ་མཆོད་པའི་སྔགས་ནི། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་ཨ་ཧཱ་རེ་ཧཱུཾ། མཆོད་ཅིང་བསྟོད་དེ་སྔགས་བཟླས་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་མེ་གྷ་པྲ་ས་རཱ་མཱུ་ཧོ་ཧཱུཾ། ་མཆོད་པ་བྱིན་གྱིས་བརླབས་པའི་སྔགས་སོ། །ོཾ་ཨཱ་ཏཱཾ་བྷྲཱཾ?་ཧཾ་ཕཊ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཾ་ལ་ལི་ཏ་ན་མི་ཏཻ་ར་ན་མཱ་མི་བྷ་ག་བཱན་ཏཾ་ཛ(རྒྱུད་འགྲེལ་ནི་གཤེགས་སུ་གསོལ་བའི་སྔགས་སོ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲིཧྞ་གྲིཧྞ་གྲིཧྞ། ཏུ་སརྦ་བྷུ་ཏི་ཀཱ་ཨི་མཾ་བ་ལིཾ་སྭཱཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །དེ་ནས་མཆོད་པ་རྩོམ་པའི་དུས་སུ་དེ་བཞིན་དུ་བརྗོད་ནས་སེམས་སྦྱང་བར་བྱའོ། །གང་ཡང ་སྤྱོད་པ་ངན་པ་རྣམས་བདག་གིས་སྤང་ཞིང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རྣམས་ལ་བསླབ་བོ། །བདག་གིས་ཇི་སྲིད་ནུས་པས་མཆོད་པ་བསྒྲུབ་བོ། །གང་ཡང་མི་བྱ་བ་ནི་དེ་ཡང་འདོད་ཆགས་ལས་སྐྱེས་པ་དང། ཞེ་སྡང ་ལས་སྐྱེས་པ་དང། གཏི་མུག་ལས་སྐྱེས་པའི་མི་དགེ་བའི་རྩ་བ་རྣམས་སོ། །འདིར་ཐམས་ཅད་དེ་བཞིན་དུ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་བསམ་པ་ཅན་རྣམས་དང། དེ་བཞིན་དུ་འདོད་ཆགས་ལས་སྐྱེས་པའི་དགེ་བའི་རྩ ་བ་ནི་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དག་གོ་།ཞེ་སྡང་ལས་སྐྱེས་པ་ནི་ར་བ་ཎའོ། །གཏི་མུག་ལས་སྐྱེས་པ་ནི་གནོད་སྦྱིན་རྣམ་ཐོས་སྲས་སོ། །དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་ལ་སོགས་པ་ཡོངས་སུ་སྤངས་ནས་སེམས་སྦྱངས་ཏེ། ཐམས་ཅད ་དེ་བཞིན་དུ་སྙིང་རྗེའི་སེམས་ཀྱི་རང་བཞིན་གྱིས་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་བྱའོ། །སློབ་དཔོན་དགེ་བྱེད་ཀྱིས་མཛད་པའི་ཁ་སརྦ་ཎིའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཁ་སརྦ་ཎི་སཱ་དྷ་ནཾ། བོད་སྐད་དུ། ་