CLOSE WINDOW

N3016: dam tshig gsum gyi rgyal po'i sgrub thabs
Wyliee-texts based on the ACIP/ALL Input

པཎྜི་ཏ་ཆེན་པོ་ཀུ་ཆུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པའོ།། །།རྒྱ་གར་སྐད་དུ། ཏྲི་ས་མ་ཡ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ལོ། །མི་མཉམ་མི་གཡོ་ཤིན་ཏུ་ཡང་དག་ཆོས་ཀྱི་སྙིང། །སྙིང་རྗེའི་བདག་ཉིད་འགྲོ་བ་རྣམས་ཀྱི་སྡུག་བསྔལ་འཇོམས། །མཉམ་མེད་ཡོན་ཏན་ཀུན་དང་དངོས་གྲུབ་སྟེར་མཛད་པ། །དྲི་མེད་མི་གཡོ་མཚུངས་མེད ་[ི]་*། །རབ་མཆོག་ཆོས་རྣམས་ནི། །ནམ་མཁའ་དང་མཚུངས་དེ་རྣམས་དཔེ་མེད་ཡོན་ཏན་གྱི། །ཆ་ཤས་རྡུལ་ཕྲན་གཟིགས་ནས་ཀྱང་ནི་མཚམས་མེད་པ། །རྟག་ཏུ་སེམས་ཅན་ཁམས་བྱེད་དངོས་གྲུབ་སྦྱིན་པ་པོ། །དཔེ ་དང་བྲལ་ཞིང་མ་ལུས་པ་ཡི་དངོས་གྲུབ་རྣམས། །རྟག་ཏུ་དྲི་མེད་སྙིང་རྗེའི་ཤུགས་ཀྱིས་ལངས་ནས་ནི། །སྨོན་ལམ་གྲུབ་ཅིང་འགོག་པ་མེད་པའི་ཆོས་ཉིད་དོ། །འགྲོ་བའི་དོན་དུ་སྒྲུབ་ཐབས་གཞན་ཡང་མཛའ་མེད་པ། །བརྩེ་བ་ཆེན་པོའི ་[ིི]་*། །པའི་དམ་ཚིག་ལ་གནས་ནས་ཆགས་པ་ཐམས་ཅད་སྤངས་ཏེ། དང་པོ་དང་བརྟན་པའི་ཡང་དག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་གསུམ་པོ་ལ་ཕན་པ་དང་ལྡན་པའི་ལུས་དང་ངག་དང་ཡིད? ་ཀྱི་བྱེད་པ་དང། དམ་ཚིག་གསུམ་ལས་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་འདོད་པའི་དངོས་གྲུབ་དུ་འགྱུར་རོ། །རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །། ་