CLOSE WINDOW

N3011: rdo rje phag mo'i sgrub thabs
Wyliee-texts based on the ACIP/ALL Input

ཧཱུཾ་པཾ་ཧཾ། རྣམ་པར་བསྐོར་བ། འདིའི་འོད་ཟེར་གསལ་བས་འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྒེག་པའི་ཆ་ལུགས་འཆང་བ། ཕྱག་བརྒྱད་པ་ཞལ་གསུམ་པ། སྤྱན་གསུམ་པ། པདྨ་དང་ཟླ་བའི་གདན་ལ་གཡོན་བརྐྱང་བའི ་ཞབས་ཀྱིས་གནས་ཤིང། ཕག་པ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་ཞོན་པ། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་མཆོད་རྟེན་གྱི་ཁོངས་ན་བཞུགས་པ། གཡས་པའི་ཕྱག་རྣམས་སུ་རྡོ་རྗེ་དང། མདའ་དང། ལྕགས་ཀྱུ་དང། ཁྱབ་པོ། ་གཡོན་བའི་ཕྱག་རྣམས་སུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང། གཞུ་དང། མྱ་ངན་མེད་པ་དང། སྐུད་པ་བསྣམས་པ། རྩ་བའི་ཞལ་གསེར་ལྟ་བུ། གཡས་དམར་བ། གཡོན་པ་ཁྲོ་བ་དང་བཅས་པའི་ཕག་གི་ཞལ་ནག་པོ། ལྗགས་འདྲིལ་པ? ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། མདོག་སེར་བ། སྟོད་གཡོགས་དང། ཤ་འགག་དམར་པོ་ཅན་རྣམ་པར་བསྒོམས་ལ། འདི་ཡི་སྙིང་ག་དང། དམ་ཚིག་དང། མགྲིན་པ་དང། དཔྲལ་བ་རྣམས་སུ་ཧཱུཾ་མཾ་ཨཱ(རྒྱུད་འགྲེལ་དང། ནུབ་དང། བྱང་རྣམས་སུ་པད་ཏཱ་ལི། བ་དཱ་ལི། པ་རཱ་ཡི། བ་རཱ་ཧ་མུ། གི་ཕྱིར་སྤྲོ་བར་བྱའོ། །ོཾ་བཏྟཱ་ལི་ཛ་སྭཱཧཱ། ཨོཾ་བ་དཱ་ལི་ཧཱུཾ་སྭཱཧཱ། ཨོཾ་བ་རཱ་ལི་སྭཱ་ཧཱ། ཨོཾ་བ་རཱ་ཧ་མུ་ཁཱི་ཧོ་སྭཱཧཱ། ཞེས་བྱའོ། །རྟོག་པ་ལ་བརྒྱུད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ལྟེ་བའི ་དབུས་སུ་གྲུ་གསུམ་མེའི་དཀྱིལ་འཁོར་རོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཧྲི་ཧཾ་གཉིས་འཇིག་པའི་དུས་ཀྱི་མེ་ལྟ་བུ་གསལ་བཞིན་པའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ ་ཆེན་མོ་མདོག་དམར་མོ་ཕྱག་གཉིས་པ་གཡས་ན་རྡོ་རྗེ་གཡོན་པ་ན་ཐོད་པ་དང་ཁ་ཊཝཱཾ་ག། ཡི་དགས་ཀྱི་གདན་གྱི་སྟེངས་སུ་གཡོན་བརྐྱང་བས་གནས་པ། སྐྲ་ཁམ་པ་གྱེན་དུ་འགྲེང་ཞིང་འབར་བ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། སྟག་གི་ལྤགས་པའི ་ཤམ་ཐབས་དང་ལྡན། །མགོ་བོའི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཞལ་གཅིག་པ་སྤྱན་གསུམ་པའོ། །དེ་ལྟར་རང་གི་སེམས་བརྟན་པར་བྱས་ཤིང་བསྒོམས་པར་བྱའོ། །དེ་ཉིད་ཀྱི་རྣལ་འབྱོར་པས་སྔགས་བཟླས་པ་བྱ་སྟེ། བཛྲ་བཱ་ར་ཧི ་ཨ་བཻ་ཤ(རྒྱུད་འགྲེལ་བསྒྱུར་ཅིང་ཞུས་སོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུ་ལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མའི་སྒྲུབ་ཐབས། །འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་སུ་གྲུ་གསུམ་དམར་པོ་མེའི་དཀྱིལ་འཁོར། །དེའི་དབུས་སུ་བན་ཏུ ་ཀྱའི?་མེ་ཏོག་ལྟ་བུ་འདབ་མ་བཞི་པའོ། །དེའི་སྟེང་དུ་ཧྲི(རྒྱུད་འགྲེལ་ཐོད་པའི་དབུ་རྒྱན་ཅན། སྟག་གི་ལྤགས་པའི་ཤམ་ཐབས་ཅན་མ། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་མ། ཕྱག་བཞི་པ་གཡས་ན་མདའ་དང་ལྕགས་ཀྱུ་འཆང་བ། གཡོན་གཞུ་དང་ཨུད་པ་ལ་དམར་པོའི་སྟེང་ན་ཐོད་པ་ཁྲག་གིས་བརྐང ་བ། སྤྱན་གསུམ་བ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་དམར་པོས་བསྣམས་པ་སྒོམས་པར་བྱའོ། །ོཾ་ཀུ་རུ་ཀུ་ལླེ་ཧྲི(རྒྱུད་འགྲེལ་