| Wylie | e-texts based on the ACIP/ALL Input |
ཡིག་བསམ་པར་བྱའོ། །དེ་ནས་རྣལ་འབྱོར་མའི་འཁོར་ལོ་སྤྲོ་བ་དང་བསྡུ་བལྟས་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རོའི་སྙིང་གར་ཟླ་བ་ལ་བཅོམ་ལྡན་འདས་མ་བདག་མེད་མ་མདོག་ནག་མོ། །གྲི་གུག་དང་ཐོད་པ་དང་ཁ ་ཊཝཱཾ་ག་བསྣམས་པའོ། །ཕྱག་གཉིས་མ། ཞལ་གཅིག་མ་བསམ་པར་བྱའོ། །སྤྱན་གསུམ་ཟླུམ་ཞིང་དམར་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བའོ། །མགོ་བོ་དང། མགྲིན་པ་དང། སྙིང་ག་རྣམས་སུ་ཨོཾ་ཨཱ(རྒྱུད་འགྲེལ་གི་ཆད་གཟུངས་ཀྱི་ཟླ་བ་ལ་ཨོཾ་བལྟས་ཏེ་བསྔགས་བཟླས་པར་བྱའོ། །ོཾ་ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨོ་ཨཽ། ཨཾ་སྭཱཧཱ། ཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །བདག་མེད་མའི་སྒྲུབ་ཐབས་རྫོགས་སོ།། །། ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཀ་ན་ཀ་བརྣ་པྲ་ཛྙཱ་བཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོས་བདེ་བའི་སྟན་ལ་གནས་ཏེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དབུས་སུ་དྷཱི(རྒྱུད་འགྲེལ་ལྡན་འདས་མ་བཀུག་སྟེ། རང་གི་མདུན་དུ་བཞུགས་སུ་གསོལ་ལ། དེ་ལས་བྱུང་བའི་མེ་ཏོག་ལ་སོགས་པ་བསྒོམ་བཞིན་པས་ཡང་དག་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་སུ་ཚངས་པའི་གནས ་བཞི?་བསྒོམ་པ་སྔོན་དུ་འགྲོ་བས་ཡུད་ཙམ་གྱིས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། སྔགས་ནི། ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ལ་དྷཱི(རྒྱུད་འགྲེལ་མཚན་པ་བསྒོམས་ལ། ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ན་མདོག་སེར་མོ་སྣ་ཚོགས་པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་གནས་པ། ཕྱག་གཉིས་མ་ཞལ་གཅིག་མ། ཆོས་འཆད་པའི་ཕྱག་རྒྱ ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་ཕྱོགས་སུ་གནས་པའི་པདྨའི་དབུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མདོག་སེར་མོའི་པོ་ཏི་འཆང་བ་བསྒོམ་པར་བྱའོ། །དཔྲལ་བར་ཨོཾ་སེར་པོའོ། །མགྲིན་པར་ཨ(རྒྱུད་འགྲེལ་བར་ཧཱུཾ་ནག་པོའོ། །བཟླས་པའི་སྔགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་རྒྱ་གར་སྐད་དུ། ཀལ་པཱ་མ་ན་ཡ་མཱ་རཱི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་བརྒྱུད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཁ་ལ་སོགས་པ་དག་པར་བྱས་ལ། འཇམ་ཞིང་རྒྱ་ཆེ ་བའི་གདན་ལ་ཉེ་བར་གནས་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། དེའི་རྗེས་སུ་བགེགས་བསྐྲད་པའི་སྔགས་བརྗོད་པར་བྱའོ། །བགེགས་བསྐྲད་པའི་སྔགས་ནི། ཨོཾ་མཱ་རཱི་ཙཡཻ་ཧཱུཾ་སརྦ་བིགྷཱན། ཨུ་ཙ་ཏ་ཡ་མེ་ཧཱུཾ་ཕཊ། ཕྱག་རྒྱ་དང་བཅས ་པས་སྙིང་ག་དང་མགྲིན་པ་སྤྱི་བོར་འདུག་པར་བྱའོ། །དེ་ནས་རང་གི་སྙིང་གར་པཾ་ལས་སྐྱེས་པའི་སྣ་ཚོགས་པདྨའི་དབུས་སུ་ཨཱཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་མཾ་ལས་རྡོ་རྗེ། རྡོ་རྗེ་དེའི་ལྟེ་བ་ལ་མཾ་མོ། །རྡོ་རྗེའི་ལྟེ་བའི་མཾ་ལ་ཛ ་