CLOSE WINDOW

N2996: bsil ba'i tshal chen mo'i sgrub pa'i thabs
Wyliee-texts based on the ACIP/ALL Input

བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་བ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མ་ཧཱ་སཱ་ཧ་སྲ་པྲ་མརྡཱ་ནི་སཱ་དྷ་ནཾ། བོད་སྐད་དུ། སྟོང་ཆེན་མོ ་རབ་ཏུ་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལ་ཕྱག་འཚལ་ལོ། །སྔོན་ཞིང་ཁོ་ནར་ཐམས་ཅད་བྱས་ལ། སྟོང་པ་ཉིད་ཀྱི་རྗེས་སུ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དཀར་མོ་ཞལ་གཅིག་མ། ཕྱག་དྲུག ་པ། གཡས་པའི་ཕྱག་གསུམ་རྣམས་སུ་གོ་རིམས་ཇི་ལྟ་བར་རལ་གྲི་དང། མདའ་དང། མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གསུམ་རྣམས་སུ་གཞུ་དང། ཞགས་པ་དང། དགྲ་སྟའོ། །སྣ་སོགས་པའི་ཆ་ལུགས་ཀྱི་ན་བཟའ་དང། རྒྱན་དང། ་དབུ་རྒྱན་དང། ལང་ཚོ་ལ་བབ་པའི་གཟུགས་སྒེག་པ་ལ་སོགས་ཡོན་ཏན་ཅན་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། བུཾ་གྱི་ས་བོན་ལས་བྱུང་བའི་ཟླ་བའི་གདན་དང་ཟླ་བའི་རྒྱབ་རྟེན་ཅན་ནོ། །འཕགས་མ་སྟོང་ཆེན་མོ་རབ་ཏུ ་འཇོམས་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མ་ཧཱ་མནྟྲ་ཡ་ནུ་སཱ་དྷ་ནཾ། བོད་སྐད་དུ། གསང་སྔག་རྗེས་སུ་འཛིན་མའི་སྒྲུབ་པའི་ཐབས། །འཕགས་མ་གསང་སྔགས་རྗེས་སུ་འཛིན་པ་ལ་ཕྱག་འཚལ་ལོ། ། ་གསང་སྔག་རྗེས་སུ་འཛིན་མ་ཞལ་གཅིག་མ། ཕྱག་བཞི་མ། ནག་པོ་གཡས་ཀྱི་ཕྱག་གཉིས་ན་ཇི་ལྟ་བུའི་སྦྱོར་བས། རྡོ་རྗེ་དང། མཆོག་སྦྱིན་པའི་ཕྱག་གོ་།གཡོན་པའི་གཉིས་ན། དགྲ་སྟ་དང་ཞགས་པ་ཕྱག་ནའོ། །ཧཱུཾ་གི་ས་བོན ་ཅན་མི་བསྐྱོད་པའི་དབུ་རྒྱན་དང་ལྡན་པ། ཉི་མའི་གདན་དང། རྒྱབ་རྟེན་ལ་སོགས་པ་དང་ལྡན་པ་སྔོན་བཞིན་ནོ། །གང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ་ཁམས་ལ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།། །།རྒྱ་གར་སྐད་དུ། མ་ཧཱ་སྟི་ཏ་བ་ཏི་སཱ་དྷ་ནཾ། བོད་སྐད་དུ། བསིལ་བའི་ཚལ་ཆེན་མོའི་སྒྲུབ་པའི་ཐབས། འཕགས་མ་བསིལ་བའི་ཚལ་ཆེན་མོ་ལ་ཕྱག་འཚལ་ལོ། །བསིལ་བའི ་ཚལ་ཆེན་མོ་ཞལ་གཅིག་མ། ཕྱག་བཞི་མ་དམོག་དམར་བ། གཡས་པའི་ཕྱག་གཉིས་ན་ཕྲེང་བ་དང། མཆོག་སྦྱིན་པའི་ཕྱག་རྒྱའོ། །གཡོན་པའི་ཕྱག་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང། སྙིང་གར་གནས་པའི་པོ་ཏི་ཕྱག་ནའོ། །ཛཏྲཱཾ་གི་ས་བོན་ནོ། །འོད ་དཔག་མེད་པའི་དབུ་རྒྱན་ཅན། སྐྱིལ་ཀྲུང་ཕྱེད་པ། ན་བཟའ་དང་རྒྱན་ལ་སོགས་པ་དང། ཉི་མའི་རྒྱབ་རྟེན་དང་གདན་གང་ལྡན་པའོ། །འཕགས་མ་བསིལ་བའི་ཚལ་ཆེན་མོའི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས ་པོ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མ་ཧཱ་པྲ་ཏྱཾ་གི་ར་སཱ་དྷ་ནཾ། བོད་སྐད་དུ། ཕྱིར་ཟློག་མ་ཆེན་མོའི་སྒྲུབ་ཐབས། འཕགས་མ་ཕྱིར་ཟློག་མ་ཆེན་མོ་ལ་ཕྱག་འཚལ་ལོ། །ཕྱིར་ཟློག་པ་ཆེན་མོ་ནག་མོ་ཞལ་གཅིག ་ཕྱག་དྲུག་མར་འདོད་དོ། །རལ་གྲི་དང། ལྕགས་ཀྱུ་དང། མཆོག་སྦྱིན་པ་ནི་གཡས་ཀྱི་ཕྱག་གོ་།པདྨ་དམར་པོ་དང། རྩེ་གསུམ་དང། སྙིང་གར་གནས་པའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་ལྡན་པ་ནི་གཡོན་པའི་ཕྱག་གོ་།ས་བོན ་ནི་ཧཱུཾ་ངོ། །མི་བསྐྱོད་པས་དབུ་རྒྱན་པ། ལྷ་རྫས་ཀྱི་ན་བཟའ་དང། རྒྱན་དང་ལྡན་པའི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པའོ། །ཕྱིར་ཟློག་པ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་བ་ལོ་ཙ་བ་དགེ ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ་།དྷ་ཛ་ཨཱ་གྲཱ་ཀེ་ཡུ་ར་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་རྩེ་མོའི་དབུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དབུང་རྒྱན་ལ་ཕྱག་འཚལ་ལོ། །རྒྱལ་མཚན་གྱི་རྩེ་མོའི་དབུང་རྒྱན ་