| Wylie | e-texts based on the ACIP/ALL Input |
སྔགས་སོ། །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་ས་ར་ཧཱས་མཛད་པ་རྫོགས་སོ། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་སྒྱུར་བའོ།། །།རྒྱ་གར ་སྐད་དུ། ཤྲཱི་ཛཱཾ་བྷ་ལ་སྭ་དྷ་ནཾ། བོད་སྐད་དུ། དཔལ་གནོད་གནས་ཀྱིས་སྒྲུབ་པའི་ཐབས། ཕུན་སུམ་ཚོགས་པ་མ་ལུས་པ་སྟེར་བའི་དཔལ་གནོད་གནས་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་དོན་ཐམས་ཅད་དང། རང་གིས་ལུས་ཀྱང་སྟོང་པ་ཉིད ་དུ་རྣམ་པར་བསམས་ལ། དེའི་རྗེས་སུ་ཅུང་ཞིག་དམར་བའི་ཟླ་བའི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ།། །དེ་ཉིད་གཉིད་གནོད་སྦྱིན་གྱིས་ཀ་ཊི་པདྨ་འདབ་མ་བརྒྱར་པའི་རྣམ་པའོ། །དེའི་དབུས་སུ་དབང་གི་ལྷ་མོ་ནོར་རྒྱུན་མ་མདོག་སེར་བ ་འབྲས་ཀྱི་སྙེ་མ་དང་མཆོག་སྦྱིན་པ་ཕྱག་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གནོད་སྦྱིན་མོ་བརྒྱད་ཀྱིས་བསྐོར་བ་ནི་འདི་ལྟ་སྟེ། རབ་ཏུ་བཟང་མོ་དང། སྦ་མ་དང། རབ་ཏུ་སྦས་མ་དང། ལྷ་མོ་དང། དབྱངས་ཅན ་མ་དང། འཕགས་མ་དང། ཟླ་ཤེལ་ཅན་ནོ། །འདི་རྣམས་ཀྱི་ཡོངས་སུ་བསྐོར་བའི་ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ངོ་གི་བདག་ཉིད་སངས་རྒྱས་རྣམ་པ་ལྔའི་དབུ་རྒྱན་ཅན་གཡས་པའི་ཕྱག་ན་ས་བོན་གྱིས་གང་བའི་ཤིང་རྟོག་།གཡོན ་བ་ན་སྲེ་མོང་བསྣམས་པ། དེ་བཞིན་གཤེགས་པ་ལྔས་ཀྱང་རིན་པོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབེབས་བཞིན་པ། ཞབས་གཉིས་ན་དུང་གི་མགོ་དང་པདྨའི་མགོ་བའི་གཏེར་ཆེན་རིན་པོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབེབས ་བཞིན་པ། རང་གི་ཁྱིམ་གྱིས་ཕྱོགས་གཅིག་ཏུ་རྣམ་པར་བསམས་པར་བྱའོ། །མདོག་སེར་པོ་ཨུད་པ་ལ་སྔོན་པོའི་ཕྲེང་བ་འཆད་བ་དང། དཔལ་གནོད་གནས་མགོན་པོ་ནོར་རྒྱུན་མ་ལ་མཁྱུད་པ། བྱང་ཆུབ་ཀྱི་སེམས་ཕྱིར་སྤྲོས ་པ་ལས་སྐྱེས་པའི་རིན་པོ་ཆེའི་ཚེགས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་པའི་རྣམ་པ་བསྒོམ་པར་བྱའོ། །འབབ་པའི་དུས་སུ་ཤར་ཕྱོགས་སུ་མདོག་སྔོན་པོའི་གང་བ་བཟང་པོའོ། །ལྷོ་ཕྱོགས་སུ་མདོག་སེར་པོའི་རྣམ་ཐོས་སོ། །ནུབ་ཕྱོགས ་སུ་མདོག་དམར་པོའི་གནོད་སྦྱིན་ནོ། །བྱང་གི་ཕྱོགས་སུ་མདོག་སེར་པོའི་ནོར་བུ་བཟང་པོའོ། །མེའི་ཕྱོགས་སུ་མདོག་དམར་པའི་ཙི་པི་ཀུཎ་ཌ་ལིའོ། །སྲིན་པོ་རུ་སྔོན་པོ་ཀི་ལི་མ་ལི་ནཾ་ངོ། །རླུང་དུ་སེར་པོ་ཙ་རེན་དྲམ་པོ་དབང་ལྡན་དུ་སེར་པོ ་མུ་ལིན་དའོ། །དེ་ཐམས་ཅད་ཀྱང་སྣོད་སྦྱིན་མའི་བྷ་གའི་དབུས་སུ་གནས་པའི་རིན་པོ་ཆེའི་ཆར་འབེབས་བཞིན་པ་གནོན་གནས་དང་འདྲ་བ་བསྒོམ་པར་བྱའོ། །ཤར་གྱིས་སྒོ་རུ་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ་གཉིས་གཅེར་བུ་དབང་པོ ་འཕྱང་བ། རིན་པོ་ཆེར་ཆར་རབ་ཏུ་འབེབས་པའོ། །ལྷོའི་སྒོ་རུ་པདྨ་དང་པདྨ་ཆེན་པོའོ། །ནུབ་ཀྱི་སྒོ་རུ་ཀི་ལི་ཆེན་པོའོ། །བྱང་གི་སྒོ་རུ་གང་བ་དང?་?་བ་བཟང་པོའི། །འདི་རྣམས་ཀྱང་གཅེར་བུ་དབང་པོ་འཕྱང་བའོ། །མགོན་པོ་གནོད་གནས་ལས ་རིམས་བཞིན་དུ་སྔགས་ཀྱིས་ཡི་གེ་དགོད་པར་བྱའོ། །ོཾ་ནི་སྤྱི་བོར་རོ། །ཛ་ནི་ཁ་ལའོ། །བྷ་ག་ནི་ལག་པ་གཉིས་ལའོ། །ཛ་ནི་སྙིང་ཁར་རོ། །ལེན་ནི་ལྟེ་བར་རོ། །དྲ་ཡི་ནི་བརླབ་པ་གཉིས་ལའོ། །སྭཱཧཱ་ནི་རབ་གདོང་གཉིས་ལའོ་ཞེས་བྱའོ། །སྤྱི་བོར་ནི་ནོར ་བུ་བཟང་པོ་སྟེ། མིག་གཉིས་ལ་ནི་རྣམ་ཐོས་སོ། །དེ་བཞིན་དུ་མུ་ལེན་ད་བ་ནི་ཁ་ལ་གནས། གང་བ་བཟང་པོ་ནུ་མའི་བར། །ལྟེ་བར་གནོད་སྦྱིན་ནོ། །བརླ་གཉིས་ཀེ་ལཾ་མཱི་ལ་ནི། རྐང་གཉིས་ཙི་བི་ཀུ་ཎ་ཌ་ཡི། ཡན་ལག་ཐམས་ཅད་ཅི་ལེན་དྲ། ། ་གནོད་གནས་མགོན་པོའི་བདག་ཉིད་དུ་དེ་ལྟར་བསམས་ལ། ད་ནི་ཡི་གེ་དགོད་བར་བྱའོ། །ོཾ་ནི་སྤྱི་བོར་རོ། །ཛལུཾ་ནི་དཔྲལ་བར་རོ། །བླུཾ་ནི་རྣ་བ་གཉིས་ལའོ། །ས(རྒྱུད་འགྲེལ་གེ་སྟེ། ཨོཾ་ནི་འཁྲིག་།འགུལ་དུའོ། །ཛལུཾ་ལག་པའི་དབུས་སུའོ། །བྲུཾ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ལའོ། །ས་ནི་རྩེ་མོ་ཐམས་ཅད་ཀྱི་རྩ་བར་རོ། །ོཾ་ཛཾ་བྷ་ལ་ཛ་ལེན་དྲ་ཡེ་སྭཱཧཱ་ཞེས་བྱ་བས་རབ་ཏུ་གནས་པའོ། །བསྡིགས་འཛུབ་ལ་ནོར་བུ་བཟང་པོ ་སྟེ། གང་བ་བཟང་པོ་གུང་མོའོ་སྲིན་འབབ་ནི་ནོར་སྦྱིན་དགོད། །དེ་བཞིན་མཐེ་ཆུང་རྣམ་ཐོས་སོ། །མུ་ལེན་དྲ་ནི་ལག་པའི་ལོགས། །འཁྲིག་འགུལ་ཀེ་ནི་མ་ལི་ནི། མཐེ་ཆེན་རྩི་བི་ཀུཎྜ་ལི། བསྡིགས་འཛུབ་མཐེ་བོ་གཉིས་ཀྱིས་ནི། བར་དུ་ཇ་ལེན་དྲ་ཀའོ།། ་ལག་པའི་དབུས་ཛཾ་བྷ་ལ་ཛ་ལེན་དྲའོ། །རྡོ་རྗེ་ཆུ་ལ་སོགས་པ་བདུད་རྩི་ལྔ་སྦྱིན་ནོ། །དེ་མེད་ན་རྡོ་རྗེའི་ཆུ་ཙམ་ཡང་ཆུ་དང་བསྲེས་ཏེ་ཁྱོ་རབས་འཐུངས་ཏེ། ཁྱོར་བ་བརྒྱ་རྩ་རྒྱེད་ཐུན་གསུམ་དུ་སྦྱིན་པས་བྱའོ། །དང་པོར?་མི་ཐོགས་པ་ཉིད་དུ་གནོད་གནས ་དང་འདྲ་བར་འགྱུར་རོ། །གསེར་དང་ནོར་ལ་སོགས་པ་ཡང་དག་པར་འབེབས་བཞིན་པས་ས་གཞི་རྫས་ཀྱིས་གང་པར་བྱེད་དོ། །ོཾ་ཛལུཾ་བྲུཾ་སྭཱཧཱ། ས་ཞེས་བྱ་བ་བརྗོད་ཅིང་ཁྱོར་བས་སྦྱིན་པར་བྱའོ། །མ་གྲུབ་པར་གྱུར་ན ་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསྒོམ་ལ་གནོད་གནས་ཀྱིས་སྐུ་གཟུགས་ལ་དུག་དང་སྐེ་ཆེ་དང་ནིམ་བའི་ལོ་མ་དང་ང་དུ་ར་དང། དུར་ཁྲོད་ཀྱིས་སོལ་བས་རབ་ཏུ་བྱུགས་ལ་བསྲོ་ཞིང་སྐྲམ་པར་བྱའོ། །ཕྱིས་ནི་དུར་ཁྲོད་ཀྱིས་མེ་ལ་ཁྲོས ་པས་གདུང་བར་བྱས་ན་ངེས་པར་འགྱུར་རོ། །དཔལ་གནོད་གནས་ཀྱིས་སྒྲུབ་ཐབས་རྫོགས་སྟོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དག་སློང་བ་རིས་སྒྱུར་བའོ།། །།རྒྱ་གར་སྐད་དུ། མ་ཧཱ་ཙིན་ཎ་ཀྲ་མ ་