CLOSE WINDOW

N2986: khams gsum dbang du byed pa'i spyan ras gzigs dbang phyug gi sgrub pa'i thabs
Wyliee-texts based on the ACIP/ALL Input

ནུས་པའི་དབུ་བརྒྱན་ནས་འབྱུང་བའི་ལྷ་མོ་རིགས་བྱེད་མའི། སྒྲུབས་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ཨཐི་།།རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར ་སཱ་དྷ་ནཾ། བོད་སྐད་དུ། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་གིས་སྒྲུབ་བའི་ཐབས། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་ཡིད་དང་འཐུན་པའི་གནས་སུ་རྣལ་འབྱོར་པས ་ཐང་སྐུ་བཀྲམ་སྟེ། དེའི་མདུན་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་གུར་གུམ་གྱི་ཟླ་བའི་དཀྱིལ་འཁོར་སྔགས་ཏེ་འདིས་བྱའོ། །ོཾ་བཛྲ་རེ་ཀེ་ཧཱུཾ་ཛ(རྒྱུད་འགྲེལ་དབང་དུ་བྱེད་པའི་རྗེ་བཙུན་སྤྱན་རས་གཟིགས་སྔགས་འདིས་མཆོད་པར་བྱའོ། །ོཾ་ཏྲཻ་ལོཀྱ་ཝ་ཤམ་ཀ་ར་ཡ་བཛྲ་པུཥཔེ་ཧཱུཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ཨོཾ་མུ་ནེ་བཛྲེ་མུ(རྒྱུད་འགྲེལ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རྫོགས་པར་བྱའོ། །དེའི་སྟེང་དུ་ནུབ་པའི་ས་བོན་ཉི་མ་ཤར་བ་ལྟ་བུའི་འོད་ལྟས་ལ། །འདི་ཡི་འོད་ཟེར་གྱིས་དཔག་ཏུ་མེད་པ་མཆོད་ནས་སྡིག་པ་བཤགས ་པ་ལ་སོགས་པ་བྱ་སྟེ། །ཡང་རང་གི་ལུས་ལ་གཞུག་གོ་།དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པ་ཕྱེ་བའི་སྤྱན་གསུམ་པ་རལ་པའི་དབུ་རྒྱན་འཆད་པ། མདོག་དམར་བ་རྡོ་རྗེས་མཚ? ་པའི་ཞགས་པ་དང་ལྕགས་ཀྱུ་ཕྱག་ནའོ། །ས་གསུམ་གྱི་རང་བཞིན་ལུག་གཉིས་ཞགས་པས་བཅིངས་པ་དེའི་སྟེང་ན་ཞུགས་པ་སྣ་ཚོགས་པའི་སྤྲུལ་པ་འཆང་ཞིང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དབང་བསྐུར་བ་རབ་ཏུ་སྦྱིན་པ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་རྒྱན་སྣ་ཚོགས་དང་ལྡན་པས་མཆོད་པར་བྱེད་པ། རིག་པ་འཛིན་པ་དང། ཁྱབ་འཇུག་དང། བདེ་བྱེད་དང། ཚངས་པ་དང། སྣ་ཚོགས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་གར་དང་རྡུད་དཀྲོལ་ལ་སོགས་པས་བྱེད་པ་སྣ་ཚོགས ་ཀྱིས་འབྱུང་པོའི་ཚོགས?་པ་ལ་སོགས་པས་སྣ་ཚོགས་ཀྱིས་མི་མགོ་དང་ཀེང་རུས་ལ་སོགས་པས་བརྒྱན་པ་དེ་བཞིན་དུ་སྣ་ཚོགས་ཀྱིས་གདུག་དང་རྔ་ཡབ་ལ་སོགས་པ་བལྟ་བར་བྱའོ། །དེ་ལྟ་བུའི་དུས་སུ་དེ་བཞིན་གཤེགས་པ་འོད་དཔག་མེད ་པ་སྤྱི་བོར་བལྟ་བར་བྱ་སྟེ། འདི་ལྟ་བའི་བདག་ཉིད་བསམས་པར་བྱའོ། །བྱིས་ནི་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཀྱིས་རང་བཞིན་བསམས་ལ། དེའི་སྟེང་དུ་གཡོན་ཕྱོགས་སུ་ནུས་པའི་ས་བོན་སྙིང་ཁར་ཁྲོ་བོའི་ས་བོན་དབྱངས་ཡིག ་ཨ:-་ས་བརྒྱན་པ་ཞེས་བྱ་བ་ནི་བསྒོམས་པའི་སྔགས་སོ། །འདི་ཐམས་ཅད་བསམས་ནས་རྡོ་རྗེའི་བདག་ཉིད་ཀྱི་སྔགས་བརྗོད་པར་བྱས་ལ། རྡོ་རྗེའི་བདག་ཉིད་དུ་བསམ་པར་བྱའོ། །ོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བཱ་ཨད་མ་ཀོ་ཧཾ། རྡོ་རྗེའི་བདག ་ཉིད་ཀྱི་སྔགས་སོ། །འདི་ཡང་གོམས་པའི་སྦྱོར་བས་འདར་བ་དང་གཡོ་བས་དབབ་པར་བྱས། །གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །འདི་ལྟ་བུའི་རྣལ་འབྱོར་ནི་གླང་པོ་ཆེ་སྨྱོན་པ་ད་ལྟར་མྱོས་བྱེད་ཀྱི་ཆུ་ཡིས་མྱོས་པ་བཞིན་དུ་རིགས་ལྔ་ལོངས་སྤྱོད ་གལ་ཏེ་རིགས་ལྔ་ལ་མི་སྤྱོད་པ་དེའི་ཚེ་དེའི་ལུས་ལ་འདར་བ་དང་གཡོ་བ་ལ་སོགས་པ་དང་འབབ་པ་གཉིས་སུ་མེད་པའི་ཡེ་ཤེས་མི་གནས་སོ། །དེ་ལྟར་རྟོགས་པ་བྱས་ནས་རིགས་པ་ལྔ་ལ་སྤྱད་དེ་དེས་ནི་འགྲུབ་པར་འགྱུར་རོ། །གྲུབ་བར་གྱུར་ནས་གཞན་གྱི་ལུས ་ལ་ཡང་གཡོ་པ་དང་འདར་བས་དབབ་པ་བྱས་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དགག་པར་མི་བྱའོ། །ཇི་ལྟར་གྲུབ་པའི་དངུལ་ཆུས་ཕུག་པའི་ཟངས་མའི་ནག་པོ་ཡངས་བཞིན་དུ་ལུས་པོ་ཉིད་གཉིས་མེད་ཀྱིས་རོ་ཡི་ཕུག་ན་འདོད་ཆགས་དང། ཞེ ་སྡང་ལ་སོགས་པ་སྤྱོད་པར་འགྱུར་རོ། །ཧྲི་ཧཱུཾ་ཨ:-་བཟླས་པའི་སྔགས་སོ། །ོཾ་ཧྲི(རྒྱུད་འགྲེལ་སྔགས་སོ། །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་ས་ར་ཧཱས་མཛད་པ་རྫོགས་སོ། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་སྒྱུར་བའོ།། །།རྒྱ་གར ་