| Wylie | e-texts based on the ACIP/ALL Input |
བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཽ་ཌི་ཡཱ་ན་བི་ནི་ར་ག་ཏ་ཀུ་རུ་ཀུ་ལླེ་སཱ་དྷ་ནི། བོད་སྐད་དུ་།ུ་རྒྱན་ནས་བྱུང་བའི་རིག་བྱེད་མའི ་སྒྲུབ་ཐབས། འཕགས་པ་རིག་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་བསྒོམ་པའི་དང་པོར་དྲི་ཞིམ་པ་རྣམ་པ་ལྔས་སའི་ཕྱོགས་གཅིག་བྱུགས་ལ། རྟུལ་ཞུགས་དང་ལྡན་པས་དགའ་བའི་སེམས་ཀྱིས་མཉམ་པར་བཞག་པས་འཇམ་པའི་གདན་ལ་ཉེ ་བར་གནས་ལ། དེ་ནས་ཕྱིས་ནི་རང་གི་སྙིང་ཁར་རམ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འོད་འབར་བའི་ཕྲེང་བའི་རྣམ་པ་འཁྲུག་པའོ། །དེའི་ལྟེ་བར་ཧྲི(རྒྱུད་འགྲེལ་བཅུ་ན་ཉེ་བར་གནས་པའི་སེམས་ཅན་གྱིས་ཁམས་གསལ་བར་བྱས་ཏེ། དཔལ་རིག་བྱེད་མའི་གཟུགས་སུ་ཉེ་བར་གནས་པར་བྱས་ལ། ཡང་འོད་ཟེར་དེ་ཉིད་ཕྱིར་འོངས་ཏེ། དེ་ཉིད་ལ་ཞུགས་པས་འོད་ཟེར་གྱི་དྲ་བ་རྣམ་པར་བསྒོམས ་པར་བྱའོ། །དེ་ནས་ཕྱིས་ནི་མདུན་གྱི་ནམ་མཁའ་ལ་བརྒྱད་གཉིས་ལོན་པའི་རྣམས་པ་མགོ་སྐྱེས་ཁམས་པ་གྱེན་དུ་བགྲེང་བ། ཐོད་པ་རྣམ་པ་ལྔ་དབུ་ལ་འཆང་བ། རོལ་ཞོན་པ་མགོའི་ཕྲེང་བས་དོ་ཤལ་བྱས་ཤིང་སྐྱིལ་ཀྲུང་ཕྱེད་བའི་གར་གྱིས་གནས་པ་ཅུང་ཞིང ་མཆེ་བ་གཙིགས་པའི་ཞལ། ལྕགས་འདྲིལ་བ། འཁོར་ལོ་དང། རྣ་ཆ་དང། མགུལ་བརྒྱན་དང། དབུང་བརྒྱན་དང། སྐ་རགས་དང། རྐང་བརྒྱན་གྱིས་བརྒྱན་བྱས་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡོན་དུ་བྱས་པའི་སྤྱན་གསུམ་པ་ནི་ཟླུམ་ཞིང ་དམར་ལ་གཡོ་བ། འོད་དཔག་མེད་པའི་དབུ་བརྒྱན་ཅན་ཕྱག་བཞི་པ། རྣ་བའི་བར་དུ་བཀང་བ། ཨུད་པེ་ལ་དམར་པོའི་མདེའུ་ཅན་གྱིས་མདའ། མེ་ཏོག་དམར་པོའི་གཞུ་བཀང་ཞིང་བསྣམས་བའོ། །ཕྱག་ལྷག་མ་གཉིས་ན་མེ་ཏོག་དམར་པོ་ལས་བྱས་པའི ་ལྕགས་རྒྱུ་དང། ཨུད་པ་ལ་དམར་པོ་བསྣམས་པའི་རྣམ་པར་བསམས་པར་བྱའོ། །འདི་ཉིད་མཆོད་པའི་དོན་དུ་རང་གི་སྙིང་ཁའི་ཉི་མའི་དཀྱིལ་འཁོར་ལ་གནས་པ་ཧྲི(རྒྱུད་འགྲེལ་བཤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །མཆོད་ནས་མཆོག་གི་སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས་གུས་པས་བཏུད་ཅིང་ལུས་ལ་སོགས་པའི་ཕྱག་བྱའོ། །དེ་ནས་གང་ཞིག་བྱེད་དུ་བཅུག་པ་དང། བདག་གིས་བགྱིས་པ་དང། རྗེས་སུ་ཡི་རངས་བ་འདི་དང ་བཅོམ་ལྡན་འདས་མའི་མངོན་སུམ་དུ་བཤགས་པ་བྱའོ། །དེའི་རྗེས་སུ་འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་གྱིས་ཁམས་སྒྲལ་བའི་ངོ་བོ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་རྣམ་པར་གཟུངས་ངོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་སྟོང ་པ་ཉིད་བསྒོམས་ཏེ། སྔགས་འདིས་སེམས་ཅན་དུ་ལྷག་པར་གནས་པ་བྱའོ། །ོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ་ཧཾ་ཞེས་བྱ་བས་སེམས་བྱིན་གྱིས་བརླབས་ལ། དེའི་རྗེས་སུ་ནམ་མཁའ་ཨི་ཕྱོགས་སུ་རམ་ཡོངས་སུ་གྱུར་བ་ལས་ཉི་མའི་དཀྱིལ་འཁོར་འབར་བ་བསྟན་པའི་རྣམ་པར ་བསྒོམས་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་ཀྱི་རྡོ་རྗེའོ། །ར་བ་དང། གུར་བཅིངས་པ་དང། རྡོ་རྗེའི་ས་གཞི་བསྒོམས་པར་བྱའོ། །ཞེས་པ་ནི་བསྲུང་བའི་འཁོར་ལོའོ། །དེ་ནས་དབུས་སུ་ཨེའི་རྣམ་པར་བྱེད་པའི་ལྷ་རྫས་ཀྱིས་ཆོས་འབྱུང ་གི་ཡེ་ཤེས་མདོག་དཀར་པོའི་རྣམ་པར་བསྒོམ་པར་བྱའོ། །དེའི་དབུས་སུ་ཧྲི(རྒྱུད་འགྲེལ་བཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དཔེ་བྱད་བཟང་པོ་བརྒྱད་བཅུའི་ངོ་བོ་ཉིད་ཁ་དོག་དམར་པོའོ། །དེ་ཉིད་ཀྱིས་དབུས་སུ་ཧྲི(རྒྱུད་འགྲེལ་བསྒོམས་པར་བྱའོ། །ཕྱིས་ནི་ཟླ་བ་དང་ཉི་མ་དང་མདའ་གཅིག་ཏུ་གྱུར་པ་ལས་དེ་ཉིད་སྔོན་བཞིན་གྱིས་བདག་ཉིད་ཀྱི་རིགས་བྱེད་མའི་གཟུགས་སུ་རྣམ་པར་བསྒོམས་པར་བྱའོ། །རྣམ་པར་བསྒོམས་ནས་རང་གི་སྙིང་ཁར་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡང ་ཧྲི(རྒྱུད་འགྲེལ་པོ་འོད་དཔག་མེད་པ་ཁྱེད་ཀྱི་བདག་ལ་དབང་བསྐུར་དུ་གསོལ་ཞེས་པའོ། །དེ་ནས་མགོན་པོ་འོད་དཔག་མེད་པ་དེ་ཡིད་རང་གི་སྙིང་ག་ལས་བདུད་རྩི་རྣམ་པ་ལྔས་གང་བའི་བུམ་པ་ལྔ་སྤྲོས་པའི་རྣམ་པར་བསྒོམས་པར་བྱའོ། །དེ་ནས་བདུད་རྩི་རྣམ་པ་ལྔ་གང་བའི ་བུམ་པ་ངེས་མངོན་དུ་ཁྲུས་བྱའོ། །ཁྲུས་བྱས་ནས་རང་གི་སྙིང་ཁར་བུམ་པ་གཞུག་གོ་།དེ་ལ་གཞུག་ནས་རྣལ་འབྱོར་པའི་མགོན་པོ་འོད་དཔག་མེད་པ་བསྒོམ་པར་བྱའོ། །ཐུན་འཚམས་གསུམ་དུ་བསྒོམ་ཞིང་བཟླས་པ་བྱའོ། །དེ་ན་སྔགས་ནི ་ཨོཾ་ཀུ་རུ་ཀུ་ལླེ་ཧྲི(རྒྱུད་འགྲེལ་གཅིག་ནས་བརྩམས་ཏེ་ཐུན་འཚམས་གསུམ་དུ་ཁྲི་ཚོ་གཅིག་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་མའི་གཟུགས་དམིགས་ལ་གས་དམར་པོས་རོ་སྨད་དང་ལུས་ལ་དཀྲིས་ལ་དེའི་རྗེས་སུ་རང་གི་སྙིང་ཁར་ཉི་མ་ལ་གནས་པའི་ཧྲི། དམར་པོ་ཡོངས་སུ་གྱུར་པས ་ལས་པདམོ་དམར་པོ་འདབ་མ་བརྒྱད་པ། །སྐྱེས་གནས་ཀྱི་བར་དུ་སོན་པའི་སྡོང་བུའི་རྣམ་པར་བསྒོམ་པར་བྱའོ། །དེའི་འདབ་མ་རྣམས་སུ་བུང་པ་བརྒྱད། བརྒྱད་པའི་མཛའ་ཨི་མཛའ་དབྱངས་ཡིག་དེ་ཡོངས་སུ་གྱུར་པ་ལས་བུང་བ་བརྒྱད་དོ། །ཤིན་ཏུ་དགའ་བ ་དང་རྒྱས་པ་དང་ཁྲོས་ཤིང་ཆགས་པ་ནི་གོ་རིམས་བཞིན་དུ་ཡོངས་སུ་བརྗོད་དོ། །རང་གི་སྣའི་རླུང་གིས་བསྐུལ་ཏེ། འབུར་ནས་གཡས་པ་ལས་གཞན་ཅིག་ཤོས་ཀྱི་སྣའི་ཁུང་བུ་ནས་བྱུང་སྟེ་།སྒྲུབ་བྱའི་གཡས་པའི་སྣ་བུག་ནས་ཞུགས་ནས་དགའ་ ་བས་བུར་བཏུབ་ཅིང་ཉམས་པར་བྱས། །དབྱངས་ཡིག་དང་པོ་ལ་སོགས་པ་བརྒྱད་ཅུང་ཞིག་དམར་བ་དེར་ལྡན་པའི་འདབ་མ་གཞིག་པར་བྱའོ། །འདི་ལྟར་ལྟ་བར་བྱེད་པའི་རྣལ་འབྱོར་པས་ཕྱིས་ནི་རྣ་བའི་བར་དུ་བཀང་བའི་ཨུད་པ་ལའི་མདེའུ་དང ་ལྡན་པའི་མངའ་འཆང་བ་ལ་ལྟ་བ་དང་ལྡན་པའི་སྔགས་པས་ཟེ་འབྲུ་སོ་སོར་རྟོགས་པར་བྱའོ། །དེ་ནས་བུང་བ་དེ་དབུགས་ཀྱིས་བསྐུལ་ཏེ་གཡོན་པའི་སྣ་བའི་བུ་ག་ནས་བྱུང་ནས་དབྱངས་ཡིག་རེ་རེ་བླངས་ཤིང་ཁྱེད་ནས་རྣལ་འབྱོར་པའི་རྣ་བུག་གཡས་པ ་ནས་ཞུགས་ཏེ། རང་གི་སྙིང་ཁར་རང་དང་གཞན་གྱི་ཡེ་ཤེས་གཅིག་པའི་ངོ་བོ་ཉིད་དུ་བྱའོ། །དེ་ནས་ཨུད་པ་ལ་ཡིས་སྐེ་པ་ནས་བཅིངས་ཏེ་སྐེ་ནས་ལྕགས་ཀྱུས་ཕུབ་ཅིང་མདའི་དྲ་བའི་རྣམ་པར་བསམས་ནས་དབང་དུ་འགྱུར་རོ། །མགལ་མེའི་འཁོར་ལོ་གནས ་བའི་སྒྲུབ་བྱ་བསམས་པར་བྱའོ། །སྒྲུབ་པ་པ་ནི་སྔགས་གཟུགས་གྱིས། །གདམ་ངག་དག་ནི་ངེས་བྱས་ལ། རྟག་ཏུ་དགའ་བས་སྔགས་བཟླས་བྱ། །ོཾ་ཀུ་རུ་ཀུ་ལླེ་ཧྲི(རྒྱུད་འགྲེལ་ནས་མྱོས་པར་གྱུར་ནས་འོང་བར་འགྱུར་རོ། །སྔགས་ཀྱིས་བཀུལ་ནས་སྐྲ་གྲོལ་བ་གོས་པ་མེད་པ་འདོད་པས་ནོན་པ། །དེ་ཐོབ་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་དཀྱིལ་འཁོར་མཆོད་པར་བྱའོ། །དངོས་གྲུབ་རྒྱ་ཆེན་པོ་གང་གིས་གཞོམ་པར་མི ་ནུས་པའི་དབུ་བརྒྱན་ནས་འབྱུང་བའི་ལྷ་མོ་རིགས་བྱེད་མའི། སྒྲུབས་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ཨཐི་།།རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར ་