CLOSE WINDOW

N2984: lha mo rigs byed ma'i sgrub pa'i thabs
Wyliee-texts based on the ACIP/ALL Input

ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུ་ལླེ་སཱ་དཱ་ནཾ། བོད་སྐད་དུ། ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། །འཕགས་མ་རིག་བྱེད་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་ཁར་ཟླ་བའི ་དཀྱིལ་འཁོར་ལ་ཧྲི(རྒྱུད་འགྲེལ་སྣ་ཚོགས་དམར་བོའི་ན་བཟའ་ཨི་སྟོད་གཡོགས་ཅན་མ། །འོད་དཔག་མེད་པས་དབུ་བརྒྱན་ཅིང། ཕྱག་བཞི་པ། རྩ་བའི་ཕྱག་གཉིས་ན། ཨུད་པ་ལ་དམར་པོའི་མདེའུ་ཡིས་རྣམ་པར་མཛེས་པ་དང་ལྡན་པའི་མདའ་རྣ་བའི་བར་དུ་བཀང་བའི་མེ་ཏོག་གི་གཞུ ་བསྣམས་པའོ། །གཡོན་པ་སྡོང་དུ་དང་བཅས་ཤིང་ཁ་བྱེ་བའི་ཨུད་པ་ལ་དམར་པོ་བསྣམས་ཤིང། གཡས་པ་ན་མཆོག་སྦྱིན་པའོ། །སྒེག་པའི་རོ་ཆེན་པོ་དང་ལྡན་པ། བལྟས་པ་ལ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། རང་གི་ལུས་ཀྱི་? ་པོའི་ལྕགས་ཀྱུས་བཀུག་པའི་ལྷ་དང་ལྷ་མ་ཡིན་དང། བྱ་ཁྱུང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། གནོད་སྦྱིན་དང། སྐྱེས་པ་དང། བུད་མེད་བརྒྱ་སྟོང་ལ་སོགས་པའི་ཚོགས་ཤིན་ཏུ་གུས་པས་ལུས་བཏུད་ཅིང་མཆོག་ཏུ་དབང་དུ་འགྱུར་བར་ཕྱོགས ་བཅུར་ཡང་དག་པར་བལྟ་བར་བྱའོ། །ོཾ་ཀུ་རུ་ཀུ་ལླེ་ཧྲི(རྒྱུད་འགྲེལ་གསུངས་པའི་རྣལ་འབྱོར་གྱིས་ཚོགས་འབུམ་ཕྲག་ཅིག་བྱས་ལ་གུས་ཤིང་བཏུད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུས་སུ་གནས་པའི་རང་ལུས་ཀྱི་འོད་ཟེར་ལྕགས་ཀྱུས་སྒྲུབ་བྱ་བཀུག་ལ་མདུན་དུ་ཡང་དག་པར་གཞག་ལ་རང་གི་སྙིང་ཁར་ཨུད་པ་ལ ་དམར་པོ་འདབ་མ་བཅུ་དྲུག་པ། དེའི་སྙིང་ཁར་རྣམ་པར་བསམས་ལ། འཕགས་མ་ཡན་ལག་མེད་པའི་རྡོ་རྗེས་གསུངས་པའི་རིམས་པས་བུད་བ་ལྕགས་ཀྱུ་ལྟ་བུར་བསྒོམས་ལ། དེའི་མིང་གི་ཡི་གེ་རང་གི་སྙིང་ཁའི་སྔགས་ཀྱི་དམར་པོར་གནན ་ནས་དེ་བཞིན་དུ་མདའ་ཉིད་གྱི་སྙིང་ཁ་ཕུག་པས་འདོད་ཆགས་ཆེན་པོས་བརྒྱལ་ཞིང་ཡང་སྡོང་བུས་རྐང་པ་གཉིས་བཅིངས་ཨུད་པ་ལའི་ཞབས་པས་ཀྱང་སྐེ་པ་ནས་བཅིངས་ཏེ། ཡང་དག་པར་བཀུག་པ་ལ་རང་གི་རྐང་པ་གཉིས་སུ་ལྷུང་བའོ། །གྲལ་ཏེ་སྐྱེས་བུ ་ཡིན་ན་ལྕགས་ཀྱུས་སྙིང་ཁ་དབུགས་པའོ། །བུད་མེད་ཡིན་ན་ནི་ཆོས་འབྱུང་གནས་སོ། །ོཾ་ཀུ་རུ་ཀུ་ལླེ་ཆེ་གེ་མོ་འམ་ཆེ་གེ་མོ་ཨ་ཀརྫ་ཡ་ཧྲི(རྒྱུད་འགྲེལ་ན་ཡ་ཞེས་བྱ་བ་དང་སྤེལ་ཞིང་བཟླས་པ་བྱའོ། །བརྒྱ་བཟླས་པས་ཐུན་མོང་གིས་སྐྱེས་པ་དང་བུད་མེད་གྱི་ཚོགས་དང། རྒྱལ་པོ་དང་བློན་པོ་དབང་དུ་འགྱུར་རོ། །ཁྲི་བཟླས་ན་འཇིག་རྟེན་ཐ་མལ་པ་རྣམས་སོ། །འབུམ་ཕྲག་གིས་རྒྱལ་པོའོ། །འབུམ་ཕྲག་བདུན་གྱིས ་ལྷ་དང་ལྷ་མ་ཡིན་གྱི་བུ་མོ། །བྱེ་བས་ནི་བྱ་ཁྱུང་དང་གང་པོ་ཆེ་ལ་སོགས་པའི་བཟང་པོའོ། །ཕྱུགས་དང་ཐུན་མོང་གིས་ཕྱུགས་རྣམས་ཀྱང་ངོ། །གུས་པས་རྒྱུན་མ་ཆད་པར་དུས་རིང་པོས་དཔག་ཏུ་མེད་པ་བཟླས་ནས་གསུམ་པ་དབང་དུ་བྱེད་དོ། །ལྷ་མོ་རིག ་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཽ་ཌི་ཡཱ་ན་བི་ནི་ར་ག་ཏ་ཀུ་རུ་ཀུ་ལླེ་སཱ་དྷ་ནི། བོད་སྐད་དུ་།ུ་རྒྱན་ནས་བྱུང་བའི་རིག་བྱེད་མའི ་