| Wylie | e-texts based on the ACIP/ALL Input |
བ་དང་ལྡན་པས་སྔགས་ཀྱི་བཟླས་བ་བྱའོ། །ོཾ་ཀུ་རུ་ཀུ་ལླེ་སྭཱཧཱ། རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རི་བསྒྱུར་བའོ།། རྒྱ་གར་སྐད་དུ། ཀལ་པ་ཊ་ཀུ་རུ་ཀུ ་རུ་ལེ་སཱ་དྷ་ནཾ། བོད་སྐད་དུ་།རྟོགས་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། འཕགས་མ་རིག་བྱེད་མ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ནི། ལྷ་དང་ལྷ་མིན་མིར?་བཅས་བ། ངེས་པར་ཅི་གྱི་ས་བྱེད་པ་ཡི། སྒྲོལ་མ་དེ་ལ ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་ཡིད་དང་རྗེས་སུ་འཐུན་པའི་གནས་སུ་བུད་མེད་ཀྱི་སྐྱེ་བོ་དང་ཚོགས་པ་ལ་སོགས་བས་དབེན་པར་ནང་བར་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་ཁར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པའི་ཟླ་བའི ་དཀྱིལ་འཁོར་གྱི་སྟེང་དུ། འོད་ཟེར་དང་བཅས་པའི་ཡི་གེ་ཧྲཱི:། ས་བོན་ལས་བྱུང་པའི་འོད་ཟེར་དམར་པོའི་ཚོགས་ཀྱིས་འགྲོ་བ་གསལ་བར་བྱས་པའི་མངོན་དུ་འགྲོ་བའི་རིག་བྱེད་མའི་རིག་པ་གནས་པའི་རིག་བྱེད་བཅོམ་ལྡན་འདས་མ ་བསྐུལ་ནས། སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་ཡང་དག་པར་བལྟས་ཏེ། སྙིང་ཁའི་ས་བོན་གྱིས་འོད་ལས་སྦྲུལ་པའི་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བྱའོ། །དེའི་རྗེས་ལ་ཕྱག་བཙལ་བ་དང། སྡིག་པ་བཤགས ་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི། སྡིག་བ་ཐམས་ཅད་སོའི་སོ་བཤགས། འགྲོ་བའི་བསོད་ནམས་རྗེས ་ཡིད་རང། སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང། །ལན་གསུམ་གྱིས་པར་དུ་བརྗོད་དོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་སྟོང་པ་རྣམ་བར་ཉིད་བསྒོམས་པར་བྱའོ། །དེ་བྱིན་གྱི་བརླབ་པའི་སྔགས་བརྗོད་པར ་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་བ་ཨད་མ་ཀོ་ཧཾ་ཞེས་སོ། །དེ་ནས་འགྲོ་བ་སྡུག་བསྔལ་མཛའ་དག་ལ་སྙིང་རྗེ་བསྒོམས་ལ། རང་གི་སེམས་ས་བོན་གྱིས་གཟུགས་སུ་བལྟས་ཏེ་དེ་ཡོངས་སུ་གྱུར་པ་ལས་ཨུད་པ་ལ་དམར་བོའི་སྟེང་དུ་དབྱངས་ཡིག་ཡོངས་སུ ་གྱུར་པའི་ཟླ་བ་ལ་གནས་པའི་ས་བོན་གྱིས་འོད་ཟེར་རྣམས་ཀྱིས་སྔོན་བཞིན་དུ་འགྲོ་བ་སྣང་བར་བྱ་སྟེ། དེ་བཞིན་གཤེགས་པ་བྱེ་བ་དཔག་ཏུ་མེད་པ་རྣམས་བསྐུལ་ཏེ། སྤྱན་དྲངས་པ་སྟིམ་པར་བྱ་སྟེ། དེ་ལ་ཨུད་པ་ལ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐུ ་མདོག་དམར་པོ་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པ་ན་བཟའ་དམར་པོ་བསྟོད་གཡོགས་བྱས་པ་འོད་ཟེར་དམར་པོ་དང་ལྡན་པ་རིན་པོ་ཆེའི་བརྒྱན་པ་དང་ལྡན་པ། དབུ་བརྒྱན་དང་ལྡན་པ་ཕྱག་བཞི་པ། གཡས་པས་མི་འཇིགས་པ་སྦྱིན་པ། ་གཉིས་པས་མདའའགེངས་པ་།གཡོན་པས་རིན་པོ་ཆེའི་གཞུ་འཛིན་པ། གཉིས་པས་ཨུད་པ་དམར་པོ་འཛིན་པ། འོད་དཔག་ཏུ་མེད་བའི་དབུ་བརྒྱན་ཅན། །རིག་བྱེད་མའི་རི་ཕུན་ན་གནས་པའི་སྒྲ་གཅན་གྱི་མགོལ་གནས་པའི་ཆུད་མ་དང་བཅས་པའི་ ་འདོད་པའི་ལྷའི་སྟེང་ན་གནས་པ། སྒེག་པ་ལ་སོགས་པའི་ཉམས་འཕེལ་བ་དང་ལྡན་པ་དང་པོའི་ལང་ཚོ་དང་ལྡན་པའི་རིགས་བྱེད་མར་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིགས་སེམས་དཔའ་བསྐྱེད་ནས་སླར་ཡང་སྐད་ཅིག་ཙམ་གྱི་ཡེ་ཤེས ་སེམས་དཔའ་མདུན་དུ་བཀུག་ལ་མཆོད་དེ། དམ་ཚིག་ཕྱག་རྒྱས་ཞལ་ནས་གཞུགས་པར་བྱའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མོ་སྦྱར་ལ་གུང་མོ་གཉིས་རྩེ་མོར་བྱས་ལ་སྲིན་ལག་གཉིས་ནང་དུ་གཞུག། འཛུབ་མོ་གཉིས་གུང་མོའི ་རྒྱབ་ཏུ་སྦྱར་ལ། མཐེབ་མོ་གཉིས་ཕྱེད་འོག་ཏུ་བྱས་ལ། །དེ་ལྟ་བུའི་རྣམ་པའི་ཨུད་པ་ལའི་ཕྱག་རྒྱའོ། །དེའི་རྗེས་སུ་བྱང་ཆུབ་རྡོ་རྗེ་ཕྱག་རྒྱ་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་ཆེར་བྱིན་པ། བདག་ལ་སྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་གསོལ།། ་ཞེས་གསོལ་བ་བཏབ་ལ། །དབང་སྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱིས། །གནས་ལས་བྱུང་བ་སྦྱིན་པར་བྱ། །འདི་ལྟར་བརྗོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བཀས་སྤྱན་མ་ལ་སོགས ་པས་དབང་བསྐུར་བས། །དབུ་རྒྱན་དུ་སྣང་བ་མཛའ་ཡས་བསམས་པར་བྱའོ། །དེ་ལྟར་བསྒོམས་ལ་བཟླས་པ་བྱས་ཏེ། སྐྱེན་བར་མ་ཡིན། བུལ་བར་མ་ཡིན། མི་གསལ་བར་མ་ཡིན། །ཕྱི་མོ་དམན་པར་མ་ཡིན། ཡང་དག་པ་མ་ཡིན་པའི་རྟོག་པ ་སྤངས་ཏེ། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱི(རྒྱུད་འགྲེལ་གྲུབ་པའི་མཚན་མ་འབྱུང་བར་འགྱུར་རོ། །དེ་ནས་ཟླ་བ་དང་པོ་ལ་ནད་ལ་སོགས་པའི་གནོད་པ་བརྒྱ་ཉེ་བར་འོང་བར་མི་འགྱུར་རོ། །གཉིས་པ་ལ་སྟོན་མོ་ཡིད་དུ་འོང་བ་མ་བསླངས་པར་རྙེད་པར་འགྱུར་རོ། །གསུམ་པ་ལ་གོས་སྣ་ཚོགས་རྙེད་པ་དང་བཞི་བ ་ལ་སྣ་ཚོགས་ཀྱི་སོ་རྩེ་རྒྱུན་མི་འཆད་པར་རྙེད་པར་འགྱུར་བ་དང། ལྔ་བ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི་བུད་མེད་ཀྱི་ཚོགས་དང་ཕྲད་པ་རྙེད་བར་འགྱུར་རོ། །ཟླ་བ་དྲུག་པ་ལ་ཀླུ་དང་དྲི་ཟ་ལ་སོགས་པའི་དུག?་མིན?? ་མ་དང་ཕྲད་པར་འགྱུར་རོ། །ཕལ་ཆེར་བཅོམ་ལྡན་འདས་མ་བསྒོམ་ན་བུད་མེད་རྣམས་ཀྱིས་འཚེ་བར་བྱེད་དོ། །དེ་ལ་བདུད་ཀྱི་ལས་འདི་རྣམས་སྤངས་ཏེ། བཅོམ་ལྡན་འདས་མ་བསྒོམ་པར་བྱེད་པ་ལ་དངོས་སུ་འམ། རྨི་ལམ་དུ་སྟོན་པར་འགྱུར་ཏེ། རལ་གྲི་དང། ་སྨིག་སྨན། རྐང་པ་བྱུག་པ་དང། མི་སྣང་བ་དང། རིལ་བུ་དང། དངུལ་ཆུ་དང། བཅུད་ཀྱིས་ལེན་དང་མཁའ་སྤྱོད་དང། ས་འོག་ལ་སོགས་པའི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་འདོད་པ་རྣམས་གྲུབ་པར་བྱེད་དོ། །གལ་ཏེ་བསྟན་པར་མ་གྱུར་ན། སྔར ་བརྗོད་པའི་ཕྱག་རྒྱ་བཅིངས་ཏེ། མཆོད་པ་དང། གཏོར་མ་སྔོན་དུ་འགྲོ་བས་ཟླ་བ་དྲུག་གིས་བར་དུ་ཉའི་ནུབ་མོ་ཐོག་ཐག་ཏུ་བཟླས་པ་བྱའོ། །དེ་ནས་ཕྱག་རྒྱ་འབར་སྟེ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་དེས། ཆངས་པ་དང། དབང་པོ་དང། ཉེ་བའི་དབང་པོ་དང། དྲག ་པོ་དང། སྲེད་མེད་ཀྱི་བུ་ལ་སོགས་པ་བཀུག་ནས་འོངས་ཏེ། ཕོ་ཉར་གྱུར་ནས་གྲུབ་པ་པོའི་འདོད་པ་རྫོགས་པར་བྱེད་དོ། །དེ་ནས་བཟུང་སྟེ་སྐྱེ་བ་དང། རྒས་པ་དང། འཆི་བ་དང་བྲལ་ཏེ་འཇིག་རྟེན་གྱིས་ཁམས་གཞན་དུ་སོང་སོང་ནས་དེ་བཞིན ་གཤེགས་པ་རྣམས་མཐོང། ས་དང་གཟུགས་ལ་སོགས་པ་ཐོབ་པར་འགྱུར་རོ། །འཕགས་མ་སྒྲོལ་མའི་རྟག་པའི་རིམ་པ། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན ་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུ་ལླེ་སཱ་དཱ་ནཾ། བོད་སྐད་དུ། ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། །འཕགས་མ་རིག་བྱེད་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་ཁར་ཟླ་བའི ་