CLOSE WINDOW

N2979: ral gcig ma'i sgrub pa'i thabs
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་པའི་ཐབས་།འཕགས་མ་རལ་གཅིག་མལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་སྣ་ཚོགས་པདྨའི་སྟེང་དུ་ཊཱཾ་ཡོངས་སུ་གྱུར་པ་ལས། ཐོད་པའི ་??་ཧཱུཾ་སྔོན་པོ་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རལ་གཅིག་མ་ཡན་ལག་ཐམས་ཅད་ནག་པ། ཕྱག་བཞི་མ། ཞལ་གཅིག་ལ། སྤྱན་དཀར་ཞིང་དམར་བའོ། །སྤྱན་གསུམ་པ་སྟག་གི་པགས་པའི་ཤམ ་ཐབས་ཅན། ཐོད་པའི་ཕྲེང་བས་དབུ་རྒྱན་པའོ། །སྐྲ་ཁམ་པ་གྱེན་དུ་བགྲེང་བ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། གསུས་པ་འཕྱང་བ། སྔོན་པོའི་སྦྲུལ་གྱིས་སྣ་ཚོགས་བརྒྱན་པའོ། །བརྒྱད་གཉིས་ལོན་པ། འོ་མ་འཛིན་པའི་ནུ ་མ་རྒྱས་ཤིང་འབོར་བར་ལངས་པ། དོ་ཤལ་དང། དབུ་རྒྱན་དང། གཡེར་ག་དང། མེ་ཏོག་གི་?་བས་མ་ལུས་པའི་ཡན་ལག་ལ་ཚོན་དུ་བྱས་པའོ། །གཡས་པའི་ཕྱག་གཉིས་ན་རལ་གྲི་དང་གྲི་གུག་བསྣམས་བ། གཡོན་པའི་ཕྱག་གཉིས་ན་ཨུཏཔལ་དང་ཐོད ་པ་བསྣམས་པའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ལ་བསྔགས་བཟླས་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་