CLOSE WINDOW

N2978: bgegs bskrad pa'i sgrub thabs
Wyliee-texts based on the ACIP/ALL Input

བྱེད་ན་བསམ་གཏན་རྩེ་གཅིག་ངེས་པར་གནས་པས་སྤྱད་བྱ་སྟེ། །ཇི་སྲིད་འབུམ་ཕྲག་ཡོངས་སུ་མ་རྫོགས་པ་ནི་རྫོགས་འགྱུར་ནས་ནི་ལས་ཀྱི་རིམ་བཞིན་བྱ། །རྣམ་པ་ཐམས་ཅད་དུ་ནི་མི་མཐུན་པའི་ཕྱོགས་སུ་ཉེ་བར་སོང་ཡང་ངོ། ་ཉིད་བསམ་གཏན་བྱེད། དཀར་པོ་ཚེ་གཅིག་ཉིད་ནས་ཤིན་ཏུ་མཛེས་པའི་ཡིད་ཀྱིས་ཇི་སྲིད་ཟླ་བ་གནས་པའི་བར། །དེ་ཉིད་སྦྱར་བའི་སྐད་ཅིག་ནུབ་རེ་བཞིན་དུ་ཇི་སྙེད་ཟླ་བ་ཉ་བའི་བར་དུ་བྱ། །དེ་ཉིད་ཀྱི་ན་ནུབ་མོ་ཐུབ་པར་དཀའ་བའི་ཚིགས་བཅད ་མཁན་གྱིས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་དཔལ་ལྡན་ནག་པོས་རྒྱལ་པོ་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྒྱུད་དུ་གནས་བྱས་པ། །དཔལ་དང་ལྡན་པའི་རྡོ་རྗེ་དབྱངས་ཅན་བཅོམ་ལྡན་འདས་མ་དེ་ནི་ཡང་དག་མཉེས་པའི་ཐབས། །སེམས ་ཅན་རྣམས་ལ་ཕན་པའི་དོན་དུ་བདག་གིས་བྱས་པའི་བསོད་ནམས་ཡང་དག་གྱུར་བ་དེས། །དེས་ནི་འགྲོ་ཀུན་ནག་པོ་ལྟ་བུར་ཐུབ་པར་དཀའ་བའི་ཚིགས་བཅད་མཁན་ནི་གྲུབ་པར་ཤོག་།སངས་རྒྱས་རྣལ་འབྱོར་དཔལ་འཛིན་གྱིས། །དཔལ་ལྡན་རྡོ་རྗེ ་དབྱངས་ཅན་གྱི། །འཇོམས་བྱེད་མཐར་ནི་བྱེད་པ་ཡི། །སྒྲུབ་པའི་ཐབས་ནི་འདི་བྱས་སོ། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་པའི་ཐབས། སློབ་དཔོན་དཔལ་གྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོ་ཙ་བ་དགེ ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།། །།རྒྱ་གར་སྐད་དུ། བིགྷྣ་སཱ་དྷ་ནཾ། བོད་སྐད་དུ། བགེགས་བསྐྲད་པའི་སྒྲུབ་ཐབས། བཅོམ་ལྡན་འདས་བགེགས་མཐར་བྱེད་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོ་ཆེན་པོའི་གདན་ལ་འདུག་སྟེ་། ་རང་གིས་སྙིང་གར་ཨཾ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་ཧཱུཾ་སྔོན་པོ་རྣམ་པར་བསམས་ནས། ཧཱུཾ་གི་འོད་ལས་སྐྱེས་པའི་བགེགས་མཐར་བྱེད་དང། བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས ་དཔའ་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱག་འཚལ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ཨཾ་དམར་པོ་ལས་སྐྱེས་པའི་དཀྱིལ ་འཁོར་གྱི་སྟེང་དུ་ཧཱུཾ་ངོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་བསྒོམ་པར་བྱའོ། །ཧཱུཾ་གི་འོད་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བས་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་བགེགས་དགྲ་བསྒོམ་པར ་བྱ་སྟེ། ཞལ་གཅིག་ཕྱག་གཉིས་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། མདོག་སྔོ་བ། ཕྱག་གཡོན་ན་སྡིགས་མཛུབ་དང་ཞགས་པ། གཡས་པ་ན་རྡོ་རྗེ་འཕྱང་ཞིང་འཇིགས་པར་བྱེད་པ། སྐྲ་ཁམ་པ་གྱེན་དུ་བསྒྲེང་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི ་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །དེ་ལྟ་བུར་གྱུར་པའི་བགེགས་དགྲ་སྤྲོ་བ་དང་བསྡུ་བའི་གཟུགས་སྣ་ཚོགས་པདྨའི་སྟེང་དུ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་འདི་ལྟར་ཐུན ་མཚམས་གཉིས་དང་གསུམ་དང་བཞི་ལ་སོགས་པར་བསྒོམ་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་པའི་ཐབས་།འཕགས་མ་རལ་གཅིག་མལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་སྣ་ཚོགས་པདྨའི་སྟེང་དུ་ཊཱཾ་ཡོངས་སུ་གྱུར་པ་ལས། ཐོད་པའི ་??་ཧཱུཾ་སྔོན་པོ་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རལ་གཅིག་མ་ཡན་ལག་ཐམས་ཅད་ནག་པ། ཕྱག་བཞི་མ། ཞལ་གཅིག་ལ། སྤྱན་དཀར་ཞིང་དམར་བའོ། །སྤྱན་གསུམ་པ་སྟག་གི་པགས་པའི་ཤམ ་