| Wylie | e-texts based on the ACIP/ALL Input |
ཁམས་སུ་རཾ་ལས་སྐྱེས། །ཉི་མའི་དཀྱིལ་འཁོར་འོད་འབར་བའོ། །བསྐལ་པའི་མེ་ལྟར་ཤིན་ཏུ་དྲག། མདོག་ནག་འོད་ཆེན་འབར་བ་སྟེ། །དེ་ལས་སྐྱེས་པའི་དྲག་ཆེན་པོ། །རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ། །རྒོད་པ་བརྒྱད་ཀྱིས་དྲག་ཆེན་པོ། །ཁམས ་གསུམ་མ་ལུས་གནོན་པའོ། །རྡོ་རྗེ་དྲིལ་བུ་སྦྱོར་བ་ཡིས། །ཕྱག་གཉིས་ཀྱིས་ནི་ཕྱག་རྒྱ་བཅིང། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། །འཇིགས་བྱེད་མནན་ཅིང་འཇིགས་པར་བྱེད། །ོཾ་ཨཱ(རྒྱུད་འགྲེལ་དགོད། །དབང་བསྐུར་པ་ཡི་ཆོ་ག་ཡིས། །ཐུགས་ཀྱི་རྡོ་རྗེ་རྒྱས་བཏབ་བྱ། །སྔགས་ནི་ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་པབ?་པའོ།། །།འཕགས་མ་རི་ཁྲོད་མ་ལོ་མ་ཅན་ལ་ཕྱག་འཚལ་ལོ། །དྲི་ཁྲོད་མ་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ། སྔོན་བཞིན་དུ་ཐམས་ཅད་བྱས་ལ་རང་གི་སྙིང་གར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་པཾ་སེར ་པོ་ལས་སྐྱེས་པའི་རྡོ་རྗེ་ལྟེ་བ་ལ་ལམ་མོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་སྐུ་མདོག་སེར་བ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་དྲུག་པའོ། །ཞལ་དང་པོ་གསེར་གྱི་མདོག་ལྟ་བུའོ། །གཡས་པ་དཀར་བ། གཡོན ་དམར་བ། འགྱིད་ཞིང་རྒོད་པ། རྒྱན་ཐམས་ཅད་ཀྱིས་མཛེས་བ། ཤིང་ལོ་རྩེ་མོ་གཤིབས་པའི་ཤམ་ཐབས་ཅན་ལང་ཚོ་གསར་ལ་བདེ་ཞིང་གྲིམས་བའོ། །གཡས་ཀྱི་ཕྱག་རྣམས་ན་རྡོ་རྗེ་དང། དགྲ་སྟ་དང། མདའ་རྣམས་སོ། །གཡོན་པའི་ཕྱག་ཏུ ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང། ཤིང་ལོའི་ཆུན་པོ་དང་གཞུ་བསྣམས་པའོ། །མེ་ཏོག་གིས་བཅིངས་པའི་རལ་པའི་ཅོད་པན་ལ་མི་སྐྱོད་པ་འཆང་བའོ། །ཉི་མའི་དཀྱིལ་འཁོར་ཅན་མ། འོག་ཏུ་བགེགས་བསྒྱེལ་བ་ལ་པདྨ་དཀར་པོ་དང། ་ཟླ་བའི་གདན་ལ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པ། གཡོན་པའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱས་པ་ནི། འོག་གི་བགེགས་ཀྱི་ཚོགས་སྐྲག་པར་བྱེད་པ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་འཕྱར་བའི་ཚུལ་གྱིས་བསྣམས་པ་སྟེ། ཕྱག་རྒྱ་འདི་ཡིས་སྙིང་ཁ་ལ་སོགས ་པར་བསམས་པས་རྒྱས་གདབ་པའོ། །རང་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་སྐྱེད་ལ། ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པ་བསམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱའོ། །ོཾ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་མཱ་ར་པྲ་ཤ་བ་ནཱི་སྭཱཧཱ ་དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལ། ཇི་ལྟར་བདེ་བསམ་གནས་པར་བྱའོ། །རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། །།ན་མོ་རཏན་ཏྲ་ཡཱ་ཡ། ་ན་མ་ཨི་མ་ཏཱ་བྷཱ་ཨ?། ཏ་ཐཱ་ག་ཏཱ་ཡ། ཨརྒྷ་ཏེ་སཾ་མྱཀསིཾ?་བུདྡྷ་ཡ། ན་མ(རྒྱུད་འགྲེལ་ཏྲཱ?་?་?་?་ཙི?་པརྞ་ཤ་བ་རི། པི་ཤཱ་ཙི་པཱ་ཤ་པ་ར་ཤུ་དྷ་རི་ཎི། ཨཱ་མི་ཀཱ་ནི་ཙིདབྷ་ཡ་ནྱུད?་པ་དྱཾ?་ཏེ་ཨཱ(རྒྱུད་འགྲེལ་??་ས་བ་ཏེ་པཱ། ལ་ཏ་ཨ་བོཏཔ་བྱཾ་ཧེ། ན་པ་ན་ཌ་ཏ་ཏ(རྒྱུད་འགྲེལ་པར?་ཧེ་རི?་ཀུ་རུ། ཤ?་སྲ?་པ་པ་ད?་ཧཱ་རཾ་ཀུ་རུ། ། བདྭི?་ཤ་དྷུ་ཥ་ཎི་ཀུ་རུ། ཨ་ཀ་ནི་པ་རི་ཧ་ར་ཀུ་རུ་།ུ་པ་རི་ཧ་ར་ཀུ་རུ། ཀཱ་ཁོ་རྡ་ཚེ་དཾ་ཀུ་རུ། སཱི་མ་བནདཾ་ཀུ་རུ། དྲི་རཱི་ཎི་པནདྷཾ་ཀུ་རུ། ཏདྱ་ཐཱ། ཨ་མྲི་ཏ་ཨ་མྲི་ཏོདབྷ་ག་ཨ་མྲི་ཏ་སཾ་བྷ་བེ། ཨསྤ་ཏེ། ཨསྤསྟཱདགེ། མཱ་མམ་མར ་