CLOSE WINDOW

N2972: mi g.yo ba'i sgrub thabs
Wyliee-texts based on the ACIP/ALL Input

རྡོ་རྗེ་དང། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་བའོ།། །།རྒྱ་གར་སྐད་དུ། ཨ་ཙ་ལ་སཱ་དྷཱ་ནཾ། བོད་སྐད་དུ། མི་གཡོ་བའི་སྒྲུབ་ཐབས། འཕགས་པ་མི་གཡོ་བ་ལ་ཕྱག་འཚལ་ལོ། །པུས་མོའི་ལྷ་ང་སར་བཙུགས་པ། །གཡས་པའི་ཕྱག་ན་རལ ་གྲི་བསྣམས། །དེ་ཡི་ཅིག་ཤོས་ཕྱག་ན་ནི། །ཁུ་ཚུར་སྡིགས་མཛུབ་ཞགས་པ་བསྣམས། །སྐུ་ལུས་མཁང་ཞིང་གྲིམས་པ་ལ། །གཏུམ་ཞིང་འབར་བ་གཏུམ་བའི་སྤྱན། །བགེགས་འཇོམས་མི་གཡོ་བ་རིས་ནི། །སྲིད་བའི་བགེགས་རྣམས་ཞི་བར་མཛོད། །ཕྱོགས ་བཅུར་བཞུགས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་གཙོ་བོ་རྣམས། །དེ་ལ་རྣམ་པ་སྣ་ཚོགས་པའི། །མེ་ཏོག་ལ་སོགས་བློས་མཆོད་བྱ། །སྡུག་བསྔལ་རྣམ་ལས་བསྐྱབ་པའི་ཕྱིར། །བདག་ཉིད་ལུས་ནི་དབུལ་བར་བགྱི། །སྔགས་པས་དགེ་བ ་སྦེལ་བའི་ཕྱིར། །སྡིག་པ་རྣམས་ནི་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་སེམས་ཚོགས། །སླབ་དང་མི་སློབ་སེམས་ཅན་གྱི། །བསོད་ནམས་རང་བཞིན་མ་ལུས་པ། །དེ་ལ་རྗེས་སུ་ཡི་རང་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། རྫོགས་པའི ་བྱང་ཆུབ་ངེས་པར་བསྟན། །ཚངས་པ་ཡི་ནི་གནས་བཞི་པོ། །རིམ་པ་ཇི་བཞིན་བསྒོམ་པར་བྱ། །མཚན་ཉིད་རང་བྲལ་སྟོང་པ་ཉིད། །རྒྱུ་དང་བྲལ་བས་མཚན་མ་མེད། །སྨོན་ལམ་ལས་ཀྱང་རྣམ་གྲོལ་བའི། །རང་བཞིན་ཉིད་དུ་དངོས་པོ་བསྒོམ། །སྣ་ཚོགས?་པདྨ་ཉི་དཀྱིལ་དུ། །ཡི་གེ་ཧཱུཾ་བྱུང ་བཞུགས་བར་བལྟར་དཔའ་བོ་སྤྱན་གཉིས་དམར་བ་སྟེ། །ཕྱག་གཉིས་རིན་ཆེན་ཅོད་པན་ཅན། །མགོན་པོ་སྡིག་པ་མོད་ལ་སྤོང། །ཇི་ལྟར་འདོད་པ་ཡོངས་སུ་བསྐོར། །ཟད་མའི་མེ་ཏོག་ལྟ་བུའི་མདོག། །སངས་རྒྱས་དྲི་མེད་འོད་ཟེར་འགྱེད། །ཡ་སས་མ་མཆུ་རྣམ་པར་བཙིར། །རྒྱན ་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དཔལ་ལྡན་ཁྲོ་བོ་གཏུམ་པོ་ཆེ། །ཕྱག་ན་དྲག་ཤུལ་རལ་གྲིས་བྲེལ། །གཡོན་ན་སྡིགས་མཛུབ་ཞགས་པ་སྟེ། གཡོན་པའི་པུས་མོ་ས་ལ་བཙུགས། །འཇིགས་པ་ཆེན་པོ་ཟུར་དམིགས་གཟིགས། །འཇིགས་པ་ཡང་ནི་འཇིགས ་པར་མཛད། །ཡེ་ཤེས་སེམས་དཔའ་གཟིགས་བརྗིད་ཆེ། །དམ་ཚིག་སེམས་དཔའ་འདྲ་བར་ལྟ། །དེ་ཉིད་ཐུགས་ཀར་སྔགས་པ་ཡིས། །ས་བོན་མཚན་མར་ཡང་དག་ལྡན། །ཇི་སྲིད་མི་སྐྱོའི་བར་དུའོ། །བསམ་གཏན་སྐྱོན་ལྷ་ཡི་ནི།། ་རྣལ་འབྱོར་ལྡན་པས་བཟླས་པ་བྱ། །དེ་ནས་གསུངས་པའི་དངོས་གྲུབ་ནི། །ཐེ་ཚོམ་མེད་པ་ཁོ་ནར་འཐོབ། །དེ་ལ་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་ནི་ལན་ཅིག་བཟླས་པས་སྡིག་པ་ཐམས་ཅད ་བསྲེག་པར་འགྱུར་ཞིང་།ཐམས་ཅད་བྲུང་བར་བྱེད་པར་འགྱུར་རོ། །འབྱུང་པོ་ལ་སོགས་པའི་གདོན་གྱིས་འཇིགས་པ་ལ་ཡུངས་ཀར་གྱིས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ། །ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་ནས་སྒོ་ལྟག་ལ ་བཏགས་ན། བྱིས་པ་གསར་དུ་བཙས་པ་བསྲུང་བར་བྱེད་དོ། །སྤྲ་ཚིལ་གྱི་གཟུགས་སོར་བཞི་པའི་ཚད་དུ་བྱས་ནས་དེའི་སྙིང་གར་སྒྲུབ་བྱའི་མིང་དང་བཅས་པ་གྲོ་ག་ལ་མངོན་པར་བྲིས་ཏེ་བཅུག་ནས། དེའི་ཁ་ལ་ཚེར་མས་བཙུགས་ན་ཕྱིར་རྒོལ་བའི་ཁ ་ཕུར་བུས་བཏབ་བར་འགྱུར་རོ། །རྐང་པ་ལ་བཙུགས་ན་འགྲོ་བ་དང་འོང་བ་རེངས་པར་འགྱུར་རོ། །སྙིང་གར་བཙུགས་ན་ཁྲོས་པ་ཞི་བར་འགྱུར་རོ། །མིའི་རྗེ་དར་གྱི་ཕུར་བུ་གང་དག་གི་མིང་ནས་སྨོས་ཏེ། དེའི་ལུས་ལ་བཏབ་ན་དེ་འཇིག་པར་འགྱུར ་རོ། །དགྲ་བོའི་སྒོ་གར་སྦས་ན་བརླག་པར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ནས་དགྲ་བོའི་སྒོ་གླེགས་བམ་ལ་བཏགས་ན་སྐྲོད་པར་འགྱུར་རོ། །རལ་གྲི་ལ་མངོན་པར་བསྔགས་ནས་གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར་རོ། ། ་བྱ་བ་གང་ལ་འཇུག་པ་ཅི་གཏོར་མ་བཏང་ཏེ་འགྲུབ་པར་འགྱུར་རོ། །བདག་གིས་བྲིས་ལས་གང་ཐོབ་པའི། །བསོད་ནམས་བྱང་ཆུབ་སྒྲུབ་བྱེད་པ། །དེས་འདིར་འཇིག་རྟེན་མ་ལུས་པ། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་ཤོག། །གཏུམ་པོ་ཆེན་པོ་མི་གསོ? ་པའི་སྒྲུབ་ཐབས་པྲ་བྷ་ཀ་ར་ཀིརྟིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།། །།རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནི། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ ་