| Wylie | e-texts based on the ACIP/ALL Input |
གསུམ་པ་ས་ཀ་ཌ་བསམ་མོ། །པཾ་ལས་སྐྱེས་པའི་བུམ་པ་བཟང་པོ་འབོ་བཞིན་པའི། །ལག་པའི་དབུས་སུ་ཛཱཾ་ངོ། །བསྡིག་འཛུབ་ལ་བྷའོ། །གུང་མོ་ལ་ལའོ། །སྲིན་ལག་ལ་ཛཱའོ། །མཐེ་བོ་ལ་ལེ་ནོ། མཐེབ་ཆེན་ལ་དྲའོ། །ཁྲིག་མ་གྲུལ ་དུ་ཡའོ། །དེ་ནས་སྭཱཧཱ་ཞེས་པ་ནི་ལོགས་གཉིས་ལའོ། །སྔགས་དགོད་པ་བསྒོམས་པའི་རིམས་པའོ། །ཁ་མངོན་པར་བསྔགས་ལ་སྦྱིན་པར་བྱའོ། །ོཾ་ཛཱུ་སྭཱཧཱ། ཆུ་ཁྱོད་བ་ནས་སྦྱིན་པའི་སྔགས་སོ། །ོཾ་ཨིན་དྲ་ཎི་མུ་ཁ་བྷྲ་མ་རི་སྭཱཧཱ། ལག་པ་ནས་ཁ། ་ཁ་ནས་ལག་པ། དེ་ནས་ཞལ་དུ་སྦྱིན་པར་བྱའོ། །དེ་ལྟར་སྙིང་རྗེས་སེམས་ཅན་དབུལ་བའི་སྡུག་བསྔལ་བཅང་པའི་དོན་དུ་ཛཱཾ་བྷ་ལ་བསྒོམ་བ་ནི་ཛཱཾ་བྷ་ལ་ཉིད་དུ་འགྱུར་བའོ། །ུ་ཚུསྨ་ཛཱཾ་བྷ་ལའི་སྒྲུབ་པའི་ཐབས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་? ་རྫོགས་སྟོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། །།རྒྱ་གར་སྐད་དུ། བསུ་དྷ་ར་ས་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་གྱི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གཞན ་ཡང་ནོར་རྒྱུན་མ་བསྒོམ་པར་འདོད་པས། དེ་ལ་མངོན་བཞིན་དུ་ཐམས་ཅད་དེ་ལྟར་བྱའོ། འོན་ཀྱང་དྲུག་པའི་གསུམ་པའི་ས་བོན་ལ་ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ་སྟེ། དེ་ཉིད་ལ་རྫོགས་པའི་ནོར་སྦྱིན་མ་མདོག་སེར་བ་འབྲས་ཀྱི་སྙེ་མ་དང། རིན་པོ་ཆེ་སྣ་ཚོགས ་ཀྱི་ཆར་འབབ་བཞིན་པའི་བུམ་པ་ནི་གཡོན་པའི་ཕྱག་ནའོ། །གཡས་པ་མཆོག་སྦྱིན་པ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛད་པའི་སྐྱེ་འགྲོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །བདག་ཉིད་ནོར་རྒྱུན་མའོ། །ལག་པ་གཉིས་ཁུ་ཚུར་བཅིངས་ཏེ། ་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པ་ནི་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས་བཟླས་བ་བྱ་སྟེ། ཨོཾ་ཤྲཱི་བ་སུ་ནི་དྷ་ན་ཀྵེ་ཏེ་སྭཱཧཱ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བདག་སློང་བ་རིས ་བསྒྱུར་ཅིང་ཞུས་པའོ།། །།རྒྱ་གར་སྐད་དུ། བྷིཾ?་ཀུ་ཊཱི་ས་དྷ་ན། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། འཕགས་མ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས། རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་དྲུག་པའི་བཞི་པ་དང་པོའི ་བརྒྱད་པས་བཀང་བའོ། །སྟོང་པའི་ལྷས་མནན་ཅིང་ཟླ་ཕྱེད་ཀྱིས་དབུ་བརྒྱན་པའོ། །དེ་ཉིད་ལས་ཡོངས་སུ་རྫོགས་པའི་ཁྲོ་གཉེར་ཅན་མདོག་སེར་མོ་ཕྱག་བཞི་པར་ལ?་པའི?་ཅོད་པན་འཆང་ཞིང་ཞི་པ། གཡས་པ་ན་མཆོག་སྦྱིན་པ་དང་ཕྲེང་བ་འཆང་བ། གཡོན་པ་ན་དབྱིག ་པ་དང་རིལ་བ་སྤྱི་བླུགས་བསྣམས་པའོ། །པདྨ་དང་ཟླ་བའི་གདན་ལ་བཞུགས་པ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅོད་བར་བྱ་སྟེ། ལག་པ་གཉིས་བརྐྱང་སྟེ་མཐེབ་ཆེན་གྱི་མཐེ་ཆུང་གི་སེན་མོ་མནན་ཏེ། ལྷག་མ་སོ་སོར་བྱས་པ་ནི་རྡོ་རྗེའི་མཚན་ཉིད་དོ། །འདི་ནི་ཁྲོ ་གཉེར་ཅན་གྱི་ཕྱག་རྒྱའོ། །ཕྱི་ནས་སྔགས་བཟླས་བར་བྱ་སྟེ། །ོཾ་བྷྲི་སྭཱཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། །།རྒྱ་གར་སྐད་དུ། མཻ་ཏྲེ་ཡ་སཱ་ཧ་ནཾ། ་བོད་སྐད་དུ། བྱམས་པའི་སྒྲུབ་པའི་ཐབས། རྒྱལ་བ་བྱམས་པ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པ་ཐམས་ཅད་ཉིད་བྱམས་ལ་ཏེ། འོན་ཀྱང་མེཾ་གི་ཡི་གེ་ཡོངས་སུ་རྫོགས་པ་ཡི། ཐུབ་པ་སྐྱེས་མཆོག་བྱམས་པ་ནི། ཞལ་གསུམ་ཕྱག་གསུམ་གྱིས་བརྒྱན་པ། དེ་ཡི ་འོག་ཏུ་པདྨ་སྟེ། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་བཞི་དག་གིས་རྣམ་པར་མཛེས། །ཆོས་སྟོན་པ་ཡི་ཕྱག་རྒྱ་ཡིས། ཕྱག་གཉིས་དག་ནི་རྣ་བར་བརྒྱན། །གཡས་པའི་ཕྱག་ནི་གཉིས་པ་ནི། མཆོག་སྦྱིན་སེམས་ཅན་སྐྱོང་བའོ། །གཡོན་ན་ལྷ་རྫས ་ཡལ་ཀ་ནི། ཀླུ་ཤིང་མེ་ཏོག་བཅས་པའོ། །སངས་རྒྱས་སྤྲིན་ནི་རབ་སྒྲོ་ཞིང། །བྱང་ཆུབ་སེམས་དཔའ་དེ་བཞིན་འབར། །ཟླ་བའི་གདན་དང་དཀྱིལ་འཁོར་ཡང། །དངོས་གྲུབ་མགོན་པོ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིངས་བྱས་ལ། །མཉམ་པར་བཞག ་