| Wylie | e-texts based on the ACIP/ALL Input |
པའི་ཐབས་མདོར་བསྡུས་པ། །སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། །རྒྱ་གར་སྐད་དུ། ཨུ་ཚུསྨ་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཨུ་ཚུསྨ་ཛཱཾ་བྷ་ལའི་སྒྲུབ ་ཐབས་བཅོམ་ལྡན་འདས་ཛཾ་བྷ་ལ་ཕྱག་འཚལ་ལོ། །ོཾ་ཨཱ(རྒྱུད་འགྲེལ་པའི་སྔགས་ཀྱིས་ཕབ་ལ་ཛཱཾ་བྷ་ལ་མགོན་པོའི་རང་གི་སྙིང་ཁར་རབ་ཏུ་བཙུགས་པས། ཨུ་ཚུསྨ་མིའུ་ཐུང་གི་གཟུགས་རྣ་བམ་ཕུག་པ་མདོག་ནག་པོ་སྐྲ་ཁམ་པ་གྱེན་དུ་འགྲེང་བ། ལུས་ཐུང་བར་བྱེད་ཅིང་ཁྲོ་གཉེར་ཅན། མཆེ་བ་དང་ལྡན་པ། རིན་པོ་ཆེ་འབྱུང་ལྡན ་གྱི་དབུ་རྒྱན་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་གྱིས་བརྒྱན་པ། གཡོན་པའི་ཕྱག་ན་རིན་པོ་ཆེ་ལ་སོགས་པའི་སྐྱུག་པའི་སྲེ་མོ་བསྣམས་པ། གཡས་ན་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པའོ། །མགོ་གཡས་ཕྱོགས་སུ་བསྟན་པའི་གསེར་གྱི་མདོག ་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ནོར་སྦྱིན་འགྱེལ་བ་ལ་ཞབས་གཉིས་ཀྱིས་མནན་པའི་རིན་པོ་ཆེའི་སྙེ་མ་ལ་སོགས་པ་སྐྱུག་པར་བྱེད་པའོ། །འོད་འཕྲོ་བ་འཁྲིགས་པའི་བདག་ཉིད་དུ་བསམས་ལ་ཨུ་ཚུསྨའི་གཡས་པའི་ཕག་ཏུ་ཨཱཾ་ལས་སྐྱེས་པ་གྲུ ་གསུམ་པ་ས་ཀ་ཌ་བསམ་མོ། །པཾ་ལས་སྐྱེས་པའི་བུམ་པ་བཟང་པོ་འབོ་བཞིན་པའི། །ལག་པའི་དབུས་སུ་ཛཱཾ་ངོ། །བསྡིག་འཛུབ་ལ་བྷའོ། །གུང་མོ་ལ་ལའོ། །སྲིན་ལག་ལ་ཛཱའོ། །མཐེ་བོ་ལ་ལེ་ནོ། མཐེབ་ཆེན་ལ་དྲའོ། །ཁྲིག་མ་གྲུལ ་དུ་ཡའོ། །དེ་ནས་སྭཱཧཱ་ཞེས་པ་ནི་ལོགས་གཉིས་ལའོ། །སྔགས་དགོད་པ་བསྒོམས་པའི་རིམས་པའོ། །ཁ་མངོན་པར་བསྔགས་ལ་སྦྱིན་པར་བྱའོ། །ོཾ་ཛཱུ་སྭཱཧཱ། ཆུ་ཁྱོད་བ་ནས་སྦྱིན་པའི་སྔགས་སོ། །ོཾ་ཨིན་དྲ་ཎི་མུ་ཁ་བྷྲ་མ་རི་སྭཱཧཱ། ལག་པ་ནས་ཁ། ་ཁ་ནས་ལག་པ། དེ་ནས་ཞལ་དུ་སྦྱིན་པར་བྱའོ། །དེ་ལྟར་སྙིང་རྗེས་སེམས་ཅན་དབུལ་བའི་སྡུག་བསྔལ་བཅང་པའི་དོན་དུ་ཛཱཾ་བྷ་ལ་བསྒོམ་བ་ནི་ཛཱཾ་བྷ་ལ་ཉིད་དུ་འགྱུར་བའོ། །ུ་ཚུསྨ་ཛཱཾ་བྷ་ལའི་སྒྲུབ་པའི་ཐབས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་? ་རྫོགས་སྟོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། །།རྒྱ་གར་སྐད་དུ། བསུ་དྷ་ར་ས་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་གྱི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གཞན ་