| Wylie | e-texts based on the ACIP/ALL Input |
ཆོ?་གའི?་འོད་ཟེར་ཅན་དཀར་མོའི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་བ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨ་ཤཱོ་ཀ་ཀནྟཱ་མཱ་རཱ་ཙཡེ་སཱ་དྷ་ན། བོད་སྐད་དུ། མྱ་ངན་མེད་པའི་ཤིང་གི་འོད ་ཟེར་ཅན་གྱི་སྒྲུབ་པའི་ཐབས་འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་ག་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་སུ་ཟླ་བ་ལ་མ་སེར་པོ་ལས་བྱུང་བའི་མྱ་ངན་མེད་པའི་སྟེང་དུ་མཾ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་སེར་མོ་ཞལ་གཅིག་མ་ཕྱག ་གཉིས་མ། རྣམ་པར་སྣང་མཛད་མགོན་པོས་དབུ་རྒྱན་བྱས་པ། གསེར་ལྟ་བུའི་ཕག་པའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཟླ་བ་ལ་འགྱིད་བྲག་དང་བཅས་པ་སྟེང་དུ་བཞུགས་པའོ། །མྱ་ངན་མེད་པའི་སྡོང་པོ་ཡལ་ག་ཕྱག་གཡོན་པས་བཟུང་བའོ། །ཕྱག་གཡས་བས ་མཆོག་སྤྲིན་པ། དོ་ཤལ་ལ་སོགས་པས་བརྒྱན་པའི་སྐུ་ལང་ཚོ་སར་ལ་བབ་པ་མཛེས་མ་འདི་ལྟ་བུར་བསམས་ནས། སྙིང་གའི་མཾ་གྱི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱིས་ཕག་གི་རྣམ་པས་གདུག་པ་ཅན་ཐམས་ཅད་བརླག་སྟེ། སེམས་ཅན་མང་པོའི་དོན་སྣ ་ཚོགས་བྱས་ནས་སོ། །ོཾ་མཱ་རཱི་ཙཡེ་མེ་སྭཱཧཱ། ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །མྱ་ངན་མེད་པའི་ཤིང་གི་རྩ་བའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོ་ཙ་བ་དགེ་སློང་བ ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨུ་ཌཱི་ཡཱ་ཎ་མཱ་རཱི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྡིག་པ་བཤགས་པའི་རྗེས་སུ་སྟོང་པ་ཉིད ་