CLOSE WINDOW

N2952: sgrol ma dkar mo'i sgrub pa'i thabs
Wyliee-texts based on the ACIP/ALL Input

པོ་བསྣམས་པའོ། །ནུབ་ཕྱོགས་ཀྱི་མཚམས་ཀྱི་འདབ་མ་ལ་སྣ་ཚོགས་པདྨ་དཀར་པོ་པདྨ་ནག་པོ་བསྣམས་པའོ། །བྱང་གི་ཕྱོགས་ཀྱི་མཚམས་ཀྱི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་པདྨ་བསྣམས་པའོ། །འདི་ཐམས་ཅད་ནི་སྐྱིལ ་མོ་ཀྲུང་ཅན་ཕྱག་གཉིས་པ། ཞལ་གཅིག་པ་ཉེ་བར་ཞི་བའོ། །ཟེ་འབྲུའི་དབུས་སུ་འདོད་ཆགས་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ་།ོཾ་ཧྲཱི(རྒྱུད་འགྲེལ་དབང་གི་སྒྲུབ་པའི་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏ་ར་སཱ་དྷ་ནཾ། བོད་སྐད་དུ། ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཏཾ་ལས་སྐྱེས་པའི་ཨུཏཔ་ལ་ཏཾ་གྱིས་མཚན་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་མདོག་ལྗང་གུ་གཡོན་པ་ན་ཨུཏཔ་ལ་བསྣམས་པ། གཡས་པ་མཆོག་སྦྱིན་སྦྱིན ་པ། ཟླ་བའི་གདན་ལ་གནས་པ། དོན་ཡོད་གྲུབ་པས་དབུ་རྒྱན་པ་བསམས་ལ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མུ་ཀྲཱི་བཱ་བ་ཤ་མ་ན་ཡ་སྭཱཧཱ། ཞེས་བྱ་བས་བསྒྲུབ་བྱའི་མིང་དང་བཅས་པ་གོང་དུ་བསྟན་པའི ་གྲངས་ངེས་པས་བཟླས་པ་བྱའོ། །མངའ་ལ་སོགས་པའི་མཚན་མ་མེད་ཀྱང། ཨུཏཔ་ལ་ཡིས་བསྒྲུབ་བྱའི་སྐེ་བར་བཅིངས་ཏེ། རང་གི་ལུས་ཀྱི་འོད་ཀྱི་ཚོགས་ཀྱིས་དེའི་ལུས་བཀང་སྟེ། རང་གི་གནས་སུ་གཞག་པར་བྱའོ། །སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན ་རྡོ་རྗེ་མྱུ་གུས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་པ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སི་ཏ་ཏཱ་ར་སཱ་དྷ་ནཾ། སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། བཅོམ་ལྡན་འདས་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ།། ་སྔོན་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཨོཾ་ཤུའནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་སུམ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་རི་རབ་བོ། །དེའི་སྟེང་དུ་པཾ་ལས་པདྨ་དཀར་པོ། དེའི་སྟེང ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཧཱུཾ་དཀར་པོ་ལས་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་མ་སྒྲོལ་མ་མདོག་དཀར་བ་སྤྱན་གསུམ་མ། ཕྱག་བཞི་བ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་དབུ་རྒྱན་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་པ་ཨུཏཔ ་ལའི་ཕྱག་རྒྱ་འཛིན་པ། གཡས་ཀྱི་ཕྱག་ན་ཡིད་བཞིན་གྱི་ནོར་བུ་དང་ལྡན་པའི་མཆོག་སྦྱིན་པས་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། གཡོན་པ་ན་ཨུཏཔ་ལའི་སྙེ་མ་བསྣམས་པ་བསམ་པར་བྱའོ། །དེའི་གཡས་ཕྱོགས་ཀྱི་ལོགས་སུ་ལྷ་མོ་འོད་ཟེར་མདོག ་སེར་བ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་གོས་སྔོན་པོ་ཕྱག་གཉིས་པ། གཡོན་ན་མྱ་ངན་མེད་དམར་པོའི་ཡལ་ག་བསྣམས་པ། གཡས་པ་ན་རྔ་ཡབ་དཀར་པོ་དང་ལྡན་པ། ཤ་འགག་དམར་པོས་བརྒྱན་པ་བསམ་པར་བྱའོ། །གཡོན་པའི་ལོགས་སུ་རྨ་བྱ་ཆེན་མོ་མདོག ་ལྗང་སེར་ཕྱག་གཉིས་པ་གཡོན་པ་ན་རྨ་བྱའི་གཞུག་སྒྲོ་བསྣམས་པ། གཡས་པ་ན་རྔ་ཡབ་བསྣམས་པ། དེ་ལྟ་བུའི་རྣམ་པར་བསམས་ལ། ཨོཾ་བྷ་ག་བཱ་ཏཱི་ཏཱ་རེ་མ་མ་ཧྲི་ཡ་པྲ་བི་ཤ་སྭཱཧཱ། །ཞེས་བྱ་བས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་ན་མ་ཏཱ་རེ་མ་ནེ ་ཧ་རེ་ཧཱུཾ་ཧ་ར་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས་སློབ་དཔོན་ཡིད་བཞིན་གྱི་ནོར་བུ་རྒྱལ་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། །། ་རྒྱ་གར་སྐད་དུ། ཁ་རོ་ར་བ་ན་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཚོགས་སྡིག་པ་བཤགས་པ་ལ་སོགས་པ་བྱས་པའི་རྗེས་ལ་སྟོང་པ་ཉིད་དུ ་