CLOSE WINDOW

N2949: ha la ha la'i sgrub pa'i thabs
Wyliee-texts based on the ACIP/ALL Input

དག་པའོ། །རྒྱུན་དུ་བསྒོམ་པར་བྱེད་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ནུས་པ་དང་ལྡན་པར་འགྱུར་རོ། །ཤེས་རབ་ཆེན་པོར་འགྱུར་རོ། །ནད་མེད་པར་འགྱུར་རོ། །ཉེ་བར་འཚེ་བ་མེད་པར་འགྱུར་རོ། ་ཉིད་ནོར་ཕྱུག་པར་འགྱུར་རོ། །དབང་དུ་བྱེད་པ་དང་དུག་གི་ལས་ལ་ནུས་པ་ཆེན་པོར་འགྱུར་རོ། །སྔགས་ཀྱི་བཟླས་པ་ནི་གདམས་ངག་ལས་ཤེས་པར་བྱའོ། །ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་པའི ་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་པ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧ་ལ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། ཧ་ལ་ཧ་ལའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཧ་ལ་ཧ ་ལ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམ་པའི་རྗེས་སུ་པདྨ་དམར་པོ་དང། ཟླ་བ་ལས་ཧྲཱི(རྒྱུད་འགྲེལ་དང་གཡོན་གྱི་ཞལ་ལོ། །ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །མདའ་དང། ཕྲེང་བ་དང། མཆོག་སྦྱིན་པ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །གཞུ་དང། པདྨ་དང། ནུ་མ་བཟུང་བ་ནི་གཡོན་གྱི་ཕྱག་གསུམ་ནའོ། །འོད་དཔག་ཏུ་མེད་པ་དང། རིན་པོ་ཆེ་དང། ཟླ་ཕྱེད ་ཀྱི་རལ་པ་བཅིངས་ཤིང། ཐོད་པའི་ཕྲེང་བས་མཚན་པའི་དབུ་ཅན། རྒྱན་བཟང་པོས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྒེག་པའི་རོལ་པས་མདོག་བཟང་པོ་ལ་སོགས་པའི་ཡོན་ཏན་ཅན་གྱི་བཅོམ་ལྡན་འདས་མ། སྐྱིལ་ཀྲུང་བཅས་པ ་རྣམ་པར་བསམས་ཏེ། དེའི་གཡས་ཕྱོགས་སུ་འཇིགས་པར་བྱེད་པའི་སྤྲུལ་གྱིས་དཀྲིས་པའི་རྩེ་གསུམ་མོ། །གཡོན་ཕྱོགས་སུ་སྣ་ཚོགས་ཀྱི་མེ་ཏོག་གིས་བཀང་བའི་ཐོད་པའོ། །རོལ་པས་གནོན་ཞིང་ཡང་དག་པར་གནས་པའི་རིན་པོ་ཆེ་མི་གཡོ་བའི ་རིའི་ཕུག་གི་ནང་ན་གནས་པའི་ཧ་ལ་ཧ་ལར་བདག་ཉིད་སྐད་ཅིག་གིས་བསམས་ལ། ཨོཾ་བཛྲ་དྷརྨཱ་ཧྲཱི(རྒྱུད་འགྲེལ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། པདྨ་ནི་རྟེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། བཅོམ་ལྡན་འདས་པདྨ་གར་དབང་ལ་ཕྱག་འཚལ་ལོ། །སྔོན ་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམ་པའི་རྗེས་སུ་སྣ་ཚོགས་ཀྱི་པདྨའི་སྟེང་དུ་ཟླ་བ་ལ་ཧྲཱི(རྒྱུད་འགྲེལ་གཅིག་པ། ཡན་ལག་ཐམས་ཅད་དམར་པོ། ལྷ་རྫས་ཀྱི་ན་བཟའ་ཨི་བརྒྱན་གྱིས་བརྒྱན་པ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན། གཡོན་ཕྱོགས་སུ་གོས་དཀར་མོ་ལ་མཉམ་པར་འཁྱུད་པའི་ཚུལ་གྱིས་གནས་པའོ། །གཡོན་པའི་ཕྱག་ན་པདྨ་དམར་པོ་བསྣམས་པ། གར་གྱི ་ཚུལ་གྱིས་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ་ནི་ཕྱག་གཡས་པས་སོ། །བདག་ཉིད་སྐད་ཅིག་གིས་བསྐྱེད་ལ། ཨོཾ་ཀཱ་ཡ་བཱ་ཀ་ཙི་ཏ(རྒྱུད་འགྲེལ་པར་བྱ་སྟེ། དེ་ལ་འདབ་མ་བརྒྱད་པའི་པདྨའི་ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་མ། དཀར་མོ་པདྨ་དམར་པོ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་སྒྲོལ་མ་ཨུཏཔ་ལ་ལྗང་གུ་བསྣམས་པའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་དབང་ཕྱུག་མ་སེར་མོ་ཨུཏཔ་ལ་སྔོན་པོ་བསྣམས ་པའོ། །བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན་དཀར་མོ་པདྨ་སེར་པོ་བསྣམས་པའོ། །ཤར་གྱི་མཚམས་ཀྱི་འདབ་མ་ལ་གགས་མ་སེར་མོ་བཙོད་ལྟ་བུའི་པདྨ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་མཚམས་ཀྱི་འདབ་མ་ལ་པདྨའི་དབང་ཕྱུག་ནམ་མཁའ་ཨི་མདོག་ལྟ་བུ་པདྨ་དཀར ་