| Wylie | e-texts based on the ACIP/ALL Input |
སྔགས་འདི་ཡིན་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡི་གེ་དྲུག་མའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་བདེ་པའི་གདན་ལ་འདུག་སྟེ། ཁ་དོག་པ་ལ་སོགས་པ་བྱས་ནས་སངས་རྒྱས ་ལ་སོགས་པ་བལྟས་ཏེ་ཡང་དག་པར་མཆོད་ནས། གསུམ་ལ་སྐྱབས་སུ་འགྲོ་བ་བྱས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞེས་བྱ་བ་ལ་སོགས་པ་བྱའོ། །ཇི་སྲིད་སེམས་ཅན་ཐམས་ཅད་ཀྱི་གྲངས་སུ་གཏོགས་པ། སྒོ་བ་ལས་སྐྱེས་པ་འམ། ་མངའ་ལས་སྐྱེས་པ་འམ། བརྫུས་ཏེ་སྐྱེས་པ་འམ། དྲོད་གཤེར་ལས་སྐྱེས་པ་འམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནི་འདུ་ཤེས་མེད་པ་འམ། ཡོད་མིན་མེད་མིན་གྱི་འདུ་ཤེས་ལ་སོགས་པ་ཇི་སྲིད་སེམས་ཅན་གྱི་ཁམས་སུ་གཏོགས་པ་བརྗོད ་པ་དེ་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཞག་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་མོངས་པའི་ཚོགས་ཁམས་གསུམ་དུ་རྟོག་པ་དག་པར་བྱས་ནས། ཡི་གེ་དེ་ཉིད་རང་གི་སྙིང་གར་བཅུག་པས། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་བ། ཕྱག་བཞི་པ། རལ ་པའི་ཅོད་པན་འཆད་པ། གཡོན་པ་པདྨ་བསྣམས་པ། གཡས་ཀྱི་བགྲང་ཕྲེང་འཛིན་པ། ཕྱི་མའི་ཕྱག་གཉིས་སྙིང་གར་ཐལ་མོ་སྦྱར་ཞིང་འཛིན་པ། འོད་དཔག་ཏུ་མེད་པའི་རལ་པའི་དབུ་རྒྱན་ཅན་ནོ། །གཡས་ཕྱོགས་སུ་ནོར་བུ་འཛིན་པ། དེ་དང་འདྲ་བའི་མདོག ་དང་ཕྱག་དང། མཚན་མ་ཅན་ཏེ། དྲི་བའི་ཕྱག་གིས་ཐལ་མོ་སྦྱར་བའོ། །གཡོན་ཕྱོགས་སུ་ཡི་གེ་དྲུག་པའི་རིག་པ་འཇིག་རྟེན་དབང་ཕྱུག་དང་འདྲ་བའི་སྐུ་མདོག་དང་ཕྱག་མཚན་བསྒོམ་པར་བྱའོ། །དེ་ནས་ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛ(རྒྱུད་འགྲེལ་ཧོ(རྒྱུད་འགྲེལ་བའི་སྦྱོར་བས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་རྟོག་པ་སྔགས་ཀྱི་རྒྱལ་པོ་འདི་བཟླས་པར་བྱའོ། །དེ་ནས་འཁོར་ཞིང་འཇུག་པ་ལ་སོགས་པ་ཐོབ་ནས། དད་པ་དང་སྙིང་རྗེ་དང་ལྡན་པ་བླ་མ་ལ་གུས་པའི་རྣལ་འབྱོར་པས ་དུས་མི་རིང་བར་འགྲུབ་པར་འགྱུར་རོ། །ོཾ་མ་ཎི་པདམེ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །དེ་ནས་ལྡང་བའི་དུས་སུ་སྔགས་འདི་བརྗོད་དེ་གནས་པར་བྱའོ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌཧོ་མེ་བྷ་བ་སུ་ཏོ་ཥྱོ་མེ་བྷ ་བ། སུ་བོ་ཥྱོ་མེ་བྷ་བ(རྒྱུད་འགྲེལ་པའི་སྒྲུབ་ཐབས། དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁ་མོས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ནོདབྷ་བཾ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད ་