CLOSE WINDOW

N2946: kha sarpa Na'i sgrub thabs
Wyliee-texts based on the ACIP/ALL Input

པཎྜི་ཏ་དོན་ཡང་རྡོ་རྗེ་དང། ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཁ་སརྦ་ཎཱ་སཱ་དྷཾ་ནི། བོད་སྐད་དུ། ཁ་སརྦ་ཎཱི་སྒྲུབ་བའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོར་རེ ་ཞིག་སྔགས་པས་གདན་བདེ་བ་ལ་ཉེ་བར་འདུག་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཡི་གེ་ཧྲཱཾ(རྒྱུད་འགྲེལ་དཔའ་རྣམས་ལྟ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ(རྒྱུད་འགྲེལ་དུ་དམིགས་པར་བྱ་སྟེ། སྔོན་དུ་བསྟན་པའི་ཧྲཱི(རྒྱུད་འགྲེལ་དབུ་ལ་འཆིད་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུལ་ཀྲུང་ཕྱེད་བས་བཞུགས་པ། ཕྱག་གཡས་པས་མཆོག་སྦྱིན། གཡོན་པས་པདྨ་འཛིན་པ། །པདྨ་དང་ཟླ་བའི་གདན་ལ་གནས་པའོ། །གཡས་ཀྱི་ལོགས་ན་སྒྲོལ་མ་དང། ནོར་བཟངས ་གཉིས་སོ། །གཡོན་པའི་ལོགས་ན་ཁྲོ་གཉེར་ཅན་དང་རྟ་མགྲིན་གཉིས་སོ། །བཅོམ་ལྡན་འདས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་མོ། མགྲིན་པར་ཨཱ:། སྙིང་གར་ཧཱུཾ། དེ་ལྟར་བསྒོམ་པ་གོ་བར་བྱའོ། །རྣལ་འབྱོར་པ་བསམ་གཏན་གྱིས་བལ?་ན་བཟླས་པ་བྱའོ། ། ་སྔགས་འདི་ཡིན་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་