| Wylie | e-texts based on the ACIP/ALL Input |
མཚམས་མེད་པ་ལྔ་བྱས་པ་ཡིན་ནོ། །སེང་གེ་སྒྲའི་སྒྲུབ་ཐབས་སློབ་དོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་པ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལཾ་སཱ་དྷ་ནཾ། ་བོད་སྐད་དུ། ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། བཅོམ་ལྡན་འདས་ཧཱ་ལ་ཧཱ་ལ་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་རྫོགས་བྱེད་པའི། །ཧཱ་ལ་ཧཱ་ལ་གུས་ཕྱག་འཚལ། །སྙིང་རྗེའི་བདག་ཉིད་སྒྲུབ་པའི་ཐབས། །འདོར་བསྡུས་དེ་ནི་བརྗོད་པར་བྱ། །དང་པོར་ཡིད་དང་མཐུན ་པའི་གནས་སུ་ཙན་དང་ལ། སོགས་པས་ལེགས་པར་བྱུགས་ལ་ཐད་ཀ་ལ་སོགས་པ་གནས་པ་བཞུགས་སུ་གསོལ་ཏེ། བཅོམ་ལྡན་འདས་མཆོད་པར་བྱའོ། །མེ་ཏོག་ལ་སོགས་པ་དབུལ་བའི་སྔགས་ནི། ཨོཾ་བཛྲ་པུཥཔེ་ཧཱུམ། ཨོཾ་བཛྲ་དྷུཥཔེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་ཏྱ་ཧཱུཾ་ཞེས་བྱ་བ་ལ་སོགས་པས་སོ། །ོཾ་སརྦ་ཏུ་ཐ་ན་ཏ་པཱུ་ཛ་མེ་གྷ་བྲ་ས་ར་ས་མུ་ཏྲེ་སཕ་ར་ཧི་མཾ་ག་ག་ན་ཁཾ་ཧཱུཾ་མཆོད་པ་ཐམས་ཅད་དབུལ་པའི་སྔགས་སོ། །རབ་ཏུ་མཆོད་ལ་དེའི་མདུན་དུ། །བདེ་པའི་སྟན་ལ་རབ་གནས་སྟེ། །འགྲོ་ལ ་བྱམས་པ་རྣམ་པར་བསྒོམ། །སྙིང་རྗེ་ཡང་ནི་བརྩེ་ཆེན་པོས། །ཧྲཱི(རྒྱུད་འགྲེལ་དེ་ལ་རབ་ཏུ་བསྐོར་ཞིང་མཆོད། །སྡིག་པ་ལ་སོགས་བཤགས་པར་བྱ། །བསོད་ནམས་འཕེལ་ཞིང་བྱ་བ་ནི། །མཆོག་གསུམ་སྐྱབས་འགྲོ་ལ་སོགས་བྱ། །སྔགས་འདི་དག་ནི་བརྗོད་བྱ་སྟེ། །ཆོས་རྣམས་བདག་ནི་མེད་པའི་མཆོག། སྙིང་རྗེ་ཡི་ནི ་གསལ་བྱེད་པ་།ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་རང་གི་རིག་པས་བལྟ། །ཧྲཱི(རྒྱུད་འགྲེལ་ལས་ཧ་ལ་ར། །ཞལ་གསུམ་ཕྱག་དྲུག་ཞི་བའི་ཆོས། །རིན་ཆེན་མི་གཡོའི་རི་ཕུག་རྟེན། །པདྨ་དམར་དང་ཟླ་གནས་པའི། །རོལ་པས་གནོན་ཅིང་ཡང་དག་གནས། །དཀར་པོ་སེར་པོ་སྔོ་ཆེན་པོ། །རྩ་བ་གཡོན་དང་ཅིག་ཤོས་ཞལ། །སྟག་གི་ཤམ ་ཐབས་ལྡན་གསུམ་པ། །རྒྱན་རྣམས་ཀུན་གྱིས་མཛེས་པ་ཡིས། །མཆོད་སྦྱིན་ཕྲེང་བས་མངའ་གཡས་ཕྱག་།གཡོན་པས་འདོད་པའི་ནུ་མ་འཛིན། །པདྨ་དཀར་པོ་དབྱུག་པ་ནི། །ཕྱག་གི་ཡལ་ག་དག་གིས་བསྣམས། །སྣ་ཚོགས་མེ་ཏོག་གིས ་བཀད་བའི། །གཡོན་པར་ཐོད་པ་དགོད་པར་བྱ། །སྦྲུལ་གྱིས་དཀྲིས་པའི་རྩ་གསུམ་ཡང། །དེ་བཞིན་པདྨའི་སྟེང་གཡས་དགོད། །དཔག་མེད་གཙུག་གི་ནོར་བུ་བྱས། །ཐོད་བའི་ཕྲེང་བས་དབུ་ལ་བརྒྱན། །རལ་བའི་དབུ་རྒྱན་ཆེར་འཛིངས་ལ། །ཟླ ་བ་ཕྱེད་པའི་དུམ་བུ་ལྡན་རྟོག་པའི་དྲ་བ་རྣམ་བཅོམ་པའི། །སངས་རྒྱས་ཚོགས་ཀྱི་འོད་ཟེར་སྤྲོ། །ཧཱ་ལ་ཧཱ་ལ་འདིར་གྱུར་ནས། །རང་སྙིང་མགྲིན་པ་སྤྱི་བོར་ཡང། །ཧཱུཾ་ཨཱ(རྒྱུད་འགྲེལ་དང་མགྲིན་པའི་བར། །ཧྲཱི(རྒྱུད་འགྲེལ་ཤིན་ཏུ་གསལ། །བུལ་པ་མ་ཡིན་མྱུར་བའང་མིན། །ཇི་ལྟར་བདེ་བས་བཟླས་པ་བྱ། །བསྡུས་ལ་རབ་ཏུ་མཆོད་པ་བྱ། །ཡང་དག་པ་བསྟོང་ཅིང་བརྟན་བྱས་ལ། །ཡི་གེ་བརྒྱ་པ་བརྗོད་པར་བྱ། །ོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པ་ལ་ཡ། བཛྲ་སཏྭ་ཏེ་ནེ་པ་ཏིཥྛ་དྲི་ཌཧོ་མེ ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ་སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མ་བྷ་བ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ་ཙ་ཏི་ཤྲི་ཡ(རྒྱུད་འགྲེལ་མཛད་བདག། རྗེས་སུ་མཐུན་པའི་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འབྱོམ་པར་མཛད་དུ་གསོལ་།དེ་ལྟར་འདི་ཡིས་བསྐུལ་ནས་ནི། །སྔགས་འདི་དག་ནི་བརྗོད་བར་བྱ། །ོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཎཱཾ་ཨཱ་དྱ ་ནུཏཔནྣ་ཏྭཏ་མུ(རྒྱུད་འགྲེལ་འགྱུར། །སྒྲུབ་ཐབས་བྲིས་ལས་གང་ཐོབ་པའི། །བདག་ནི་དགེ་བ་མཆོག་གིས་ནི་།དེ་ཡིས་འགྲོ་བ་མ་ལུས་པ། །མྱུར་དུ་ཧཱ་ལ་ཧཱ་ལར་ཤོག་།ཧཱ་ལ་ཧཱ་ལའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པ་རོལ་པས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་དོན་ཡང་རྡོ་རྗེ་དང། ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཁ་སརྦ་ཎཱ་སཱ་དྷཾ་ནི། བོད་སྐད་དུ། ཁ་སརྦ་ཎཱི་སྒྲུབ་བའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོར་རེ ་