| Wylie | e-texts based on the ACIP/ALL Input |
ཐབས་མཆོག་གྱུར་པ། །བདེ་བའི་སྐྱེ་བོ་བཟད་པོས་བྱས། །འདི་ཡི་དག་གི་སྒྲུབ་བྱེད་བ། །ངག་གི་དབང་ཕྱུག་དེ་འགྱུར་ཤག། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་དཔོན་སུ་ཛན་པ་ཏྲེས་མཛད་པ་རྫོགས་སོ།། །རྒྱ་གར་སྐད་དུ། སིཾ་ཧཱ་ནཱ་ད་སཱ་དྷ་ནཾ། བོང ་སྐད་དུ། སེང་གེ་སྒྲའི་སྒྲུབ་པའི་ཐབས། འཕགས་པ་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། །དང་པོ་པར་ཞིག་སྔགས་པས་གདོང་བཀྲུ་པ་ལ་སོགས་པོ་བྱས་ནས། བདེ་པའི་གདན་ལ་འདུག་སྟེ། རྣལ་འབྱོར་པས་རང་གི་སྙིང་གར་ཟླ་བའི་དཀྱིལ ་འཁོར་ལ་ཡི་གེ་ཧྲཱི(རྒྱུད་འགྲེལ་ཨཱཏྨ་ཀོ་ཧཾ་།ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། དེ་ནས་སྐད་ཅིག་ཙམ་གཅིག་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་དེའི་སྟེང་དུ་ཡི་གེ་སི་ཡོངས་སུ་གྱུར་པ་ལ་སེང་གེ་དཀར་པོ། དེའི་སྟེང་དུ་ཟླ་བ་ལ་ཧྲཱི(རྒྱུད་འགྲེལ་སྒྲའི་སྐུ་གཟུགས་སུ་བསྒོམས་ཏེ། སྐུ་མདོག་དཀར་པོ་རལ་པའི་ཐོར་ཚུགས་ཅན། སྤྱན་གསུམ་པ། ཕྱག་གཉིས་པ། དཀའ་ཐུབ་ཅན་གྱི་ཆ་བྱད་འཛིན་པ། རྒྱལ་པོ་རོལ་པའི་གནས་པའོ། །ཕྱག་གཡོན་བས་ནི་པདྨ་བསྒྲེང་པའི་སྟེང་ན་རལ་གྲི་འབར་བས ་བརྒྱན་པའོ། །གཡས་སུ་སྦྲུལ་དཀར་པོས་དཀྲིས་པའི་མདུད་རྩེ་གསུམ་པའོ། །གཡོན་དུ་དྲི་ཞིམ་པོའི་མེ་ཏོག་གི་ཚོགས་ཀྱིས་བཀང་བའི་ཐོད་པ་དཀར་པོའོ། །སྐུ་ལས་དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་སྤྲུལ་པའི་གཟུགས་སུ་བསྒོམས་ལ། སྔགས ་འདི་བཟླས་བར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊ་བ་རེ་སྭཱཧཱ། འདིའི་ཉེ་བར་སྤྱོད་པ་ནི་བཅོམ་ལྡན་འདས་ཀྱི་མདུན་དུ་གཟུངས་སྔགས་འདི་ས་ལ་མ་ལྷུང་བའི་ལྕི་བས་?་བརྒྱད་ཕུལ་ཏེ། མཎྜལ་རེ་རེ་ཞིང་ལན་བཅུ་གསུམ་བཅུ་གསུམ་བརྗོད་པར་བྱའོ། ། ་དེ་ནས་ལྕི་བ་ལྷག་མ་དེ་ཉིད་ལ་མངོན་བར་བསྔགས་ཏེ་ལུས་ལ་ཉེ་བར་བྱུགས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གལ་ཏེ་མཚམས་མེད་པའི་ལས་བྱས་པས་ཀྱང་ཉི་མ་བདུན་ནམ། བཅུ་བཞི་པའམ། ཉི་ཤུ་རྩ་གཅིག་གིས་མ་གྲུབ་ན་དེའི་ཚེ་བདག་གིས ་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ། །སེང་གེ་སྒྲའི་སྒྲུབ་ཐབས་སློབ་དོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་པ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལཾ་སཱ་དྷ་ནཾ། ་