CLOSE WINDOW

N2939: phrul du nyams su myong ba'i a ra pa tsa na'i sgrub thabs
Wyliee-texts based on the ACIP/ALL Input

ཁམས་པ་ལོ་ཙ་བ་བ་རི་དྷརྨཱ་ཀཱིརྟིས་བསྒྱུར་བའོ།། །།འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱི། །སྒྲུབ་ཐབས་ལགས་པར་འདོད་པ་སྟེ། ཤེས་རབ་དོན་གཉེར་སྐྱེ་བོ་ཡི། །ཤེས་རབ་དན་རྨོངས་དུག་གཞོམ་ཕྱིར། །དང་པོར་རེ་ཞིག་རྣལ་འབྱོར་པས་ཡིད་དང ་མཐུན་པའི་ས་ཕྱོགས་གཅིག་ཏུ་དབྱངས་ཡིག་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཡི་གེ་དྷཱི(རྒྱུད་འགྲེལ་སེམས་ཀྱི་རྣམ་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་དྷཱི(རྒྱུད་འགྲེལ་བ་ལས་རལ་གྲི་དང་པོ་ཏི་བསྣམས་པ། གཙུག་པུད་ལ་ཅུང་ཞིག་འཁྱིལ་བ། གོས་དམར་པོ་ཟུང་དང་ལྡན་པ། སྒེག་པའི་ཆ་ལུགས་འཆང་གཅུང་ཞིག་བཞད་པའི་ཞལ་ཅན། ཟླ་བའི་འོད་དང་འདྲ་བར་མཛེས་པ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་ལ་སྐྱིལ་མོ་ཀྲུང་གིས་གནས་པ ་འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་གཟུགས་སུ་བདག་ཉིད་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་མ་རེག་པའི་འཁོར་ལོ་རྩིབས་བརྒྱད་པའོ། །འཁོར་ལོ་དེའི་སྟེང་དུ་སོར་གཅིག་ཙམ་གཅིག་མ་རག་པའི་དབྱངས་ཡིག་དང ་པོ་ལས་ཡང་དག་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཡང་ཟླ་བ་དང་ས་བོན་གྱིས་བསྐྱེད་པའི་རལ་གྲི་ཡི་རྩེ་མོ་ལ་ཟླ་བ་དང། སྔོན་དུ་བསྟན་པའི་རལ་གྲིའི་ས་བོན་གྱིས་རྣམ་པར་བརྒྱན་པ། རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དེ་ལྟ་བུ་ཉིད་ཀྱི་འཇམ་པའི་དབྱངས ་ཀྱི་རྣམ་པར་བསྒོམ་པར་བྱའོ། །དེའི་མདུན་དུ་རྭ་ལས་སྐྱེས་པའི་རལ་གྲི་རྩེ་མོ་ལ་དབྱངས་ཡིག་དང་པོ་ལས་སྐྱེས་པའི་ཟླ་བ་ལ་གནས་པ་རྭའི་རྣམ་པར་བསྒོམ་པར་བྱས་ནས་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཛཱ་ལཱི་ནཱི་གཞོན་ནུ་བཅོམ་ལྡན་འདས་ལྟ་བུར་ལྟ་བར་བྱའོ།། ་དེ་བཞིན་དུ་རྒྱབ་ཏུ་དེ་ལྟར་ཡང་ལྔ་པའི་དང་པོ་ལས་ཙནྡྲ་པྲ་བྷའོ། །དེ་བཞིན་དུ་གཡས་ཕྱོགས་སུ་ཡི་གེ་ཙ་ལས་ཀྱེ་ཤི་ནཱིའོ། །ནུ་མའི་ཁུར་དབུས་རྣམ་པར་མཛེས་པའི་མགོན་པོའི་གཟུགས་སོ། །གཡོན་པར་ཡང་ཨུ་བཀྱེ་ཤི་ནཱི ་ཡི་གེ་ན་ལས་དེ་བཞིན་དུའོ། །དེ་ཐམས་ཅད་རང་གི་སྙིང་གར་ཟླ་བ་ལ་རང་གི་ས་བོན་དཀར་པོའི་རྣམ་པར་བསམ་པར་བྱའོ། །དེ་ནས་གཙོ་བོའི་ཐུགས་ཀའི་ས་བོན་ལས་འབྱུང་བའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དེ་དང་ལྷན་ཅིག་ཏུ་བྱས ་ནས། འཁོར་ལོ་ཡང་མྱུར་དུ་འཁོར་ཞིང་ཟླ་བ་ལ་གནས་པའི་ལྷ་བཞི་པོ་དང་ལྡན་པའི་བདག་བརྟན་པོར་དག་གི་རང་བཞིན་མ་ལུས་པར་སྤྲོ་བ་དང་སྡུད་པར་བསམ་པར་བྱའོ། །བསམ་གཏན་གྱིས་སྐྱོ་བར་གྱུར་ན་སྔགས་བཟླས་པ་བྱ་སྟེ། དེ་སྔགས་ཀྱི ་རྒྱལ་པོ་ནི་འདི་ལྟ་སྟེ། ཨ་ར་པ་ཙ་ན་དྷཱི(རྒྱུད་འགྲེལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ།། །།ཁམས་པ་བ་རི་ལོ་ཙ་བ་དགེ་སློང་དྷརྨཱ་ཀཱིརྟིས་བསྒྱུར་བའོ།། །།ཧཱུཾ་གི་ས་བོན་ལས་སྐྱེས་ནས། རྣམ་པར་དག་པའི་བྱ་བའི་བར་དུའོ། །དེ་ནས་ཉི་མ་ལ ་