CLOSE WINDOW

N2934: yan lag med pa'i rdo rje 'jam pa'i dbyangs kyi sgrub thabs
Wyliee-texts based on the ACIP/ALL Input

རྫོགས་སོ།། །།ཁམས་པ་ལོཙྪ་བ་བ་རི་དགེ་སློང་དྷརྨཱ་ཀཱིརྟིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲཱ་ལངྒ་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེ་འཇམ་དཔའ་ཨི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་པའི་དབྱངས་ལ ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པར་བསྒོམས་པའི་རྗེས་སུ་ཡི་གེ་ཧཾ་ལས་སྐྱེས་པའི་ཡི་གེ་ཧཾ་གི་ཆད་གཟུངས་ཀྱི་དབུས་སུ་མནན་པའི་མདའ་དང་ལྡན་པའི་གཞུ་བསྒོམས་ནས། དེ་ཡོངས་སུ་གྱུར་པ ་ལས་ཡན་ལག་མེད་པར་རྡོ་རྗེ་ཞེས་བྱ་བ་འཕགས་པ་འཇམ་དཔལ་མདོག་སེར་པོ་ཕྱག་དྲུག་པའོ། །རྩ་བའི་ཕྱག་གཉིས་ནི་ན་ལྟག་གི་བར་དུ་བཀད་པའི་ཨུཏཔ་ལ་དམར་པོའི་མདེའུ་ཅན་གྱི་མདའ་དང་ལྡན་པའི་མེ་ཏོག་གིས་གཞུ་འཛིན་པའོ། །གཡས་པའི་ཕྱག ་གཉིས་ན་རལ་གྲི་དང་མ་ལོར་བསྣམས་པ། གཡོན་པ་གཉིས་ན་ཨུཏཔལ་སྔོན་པོ་དང། མྱ་ངན་མེད་པ་དམར་པོ་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །མི་བསྐྱོད་པའི་བྱིན་གྱིས་བརླབ་པའི་རལ་པའི་ཅོད་པན་ཅན་གཡོན་བརྐྱང་བའི་ཞབས་ཅན། ལོ ་བཅུ་དྲུག་གི་རྣམ་པར་བྱེད་ཅིང་ཆེར་སྒེག་པའི་སྐུར་བལྟ་བར་བྱའོ། །ཡང་ན་ཕྱག་བཞི་པ་སྟེ་མེ་ལོང་དང། མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའི་ཕྱག་དང་བྲལ་བ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ནས། ་ཨོཾ་མཉྫུ་གྷོ་ཥ་ཤྲཱི(རྒྱུད་འགྲེལ་རྒྱལ་བརྟན་པོ་བྱས་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་མངོན་པར་འཕྱང་བའི་སྡོང་བུ་དང། རྩ་བ་དང་བཅས་པ་དམིགས་ནས་དེའི་སྡོང་པོའི་དབུས་སུ་ཡི་གེ་ཧཱུཾ་དམར་པོ་དགུ་ལྟའོ། །དེའི་འདབ་མ་ལ་གཡས ་བསྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་བསྒོམ་པར་བྱས་ནས། དེའི་ཟེ་འབྲུའི་སྟེང་དུ་ནུབ་མོ་དང་ཉིན་མོ་ཇི་ལྟར་སྲིད་པར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དམར་པོའོ། །དེའི་དབུས་སུ་ཡང་ཡི་གེ་ཧྲི(རྒྱུད་འགྲེལ་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབྱངས་ཡིག་དམར་པོ་དེ་རྣམས་སྦྲང་མ་ཡིས་མ་དྲངས་པའི་རྒྱས་པའི་རྣམ་པར་བསྒོམས་ནས། རང་གི་སྔགས་ཀྱི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུ་བཀང་སྟེ་ཇི་སྙེད་མངོན་པར་འདོད་པའི་བུད་མེད་ཀྱི་གནས་སུ་སོང་ནས ་མེ་རླུང་གི་དཀྱིལ་འཁོར་སྟེང་དུ་སྟོབས་ཀྱིས་གཞག་ནས་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་ལེགས་པར་རྐེ་ནས་བཅིངས་ནས། ལྕགས་ཀྱུ་བརྟན་པོས་ཆོས་འབྱུང་ནས་ཕུག་སྟེ། མདུན་དུ་ཡང་དག་པར་བཀུག་ནས་ཐལ་མོ་སྦྱར་ཏེ། མགལ་མེ ་འཁོར་བའི་འཁོར་ལོའི་ནང་དུ་བཅུག་ནས་ཡི་གེ་ཧཱུཾ་དམར་པོས་མིག་དང་སྙིང་ག་དང། ཡན་ལག་ཉིང་ལག་ཐམས་ཅད་བཀང་བར་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་གར་དབྱངས་ཡིག་དམར་པོ་བཅུ་དྲུག་དང་ལྡན་པའི་སྡོང་བུའི་སྦུགས་ནས་ཡི་གེ་ཧཱུཾ་དང ་བཅས་པའི་པདྨ་འདབ་མ་བཅུ་དྲུག་པ་དམིགས་པར་བྱ་སྟེ། འོན་ཀྱང་དྲི་མ་དང་བཅས་པའི་མདོག་ཅན་ནོ། །དེའི་དབུས་སུ་ཡི་གེ་ཧྲི(རྒྱུད་འགྲེལ་དམར་ཞིང་ཕྲ་བའི་ལྕགས་ཀྱུ་རབ་ཏུ་རྣོན་པོ་དང། པདྨའི་སྡོང་པོ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཀྱི་སྟེང་དུ་འགྲོ་ཞིང་བསྐུལ་བས། སྦྲང་བུའི་ཚོགས་ཀྱིས་རྗེས་སུ་འགྲོ་བཞིན་པས། རང་གི་སྣ་བུག་གཡས་ལས་གཞན་པའི་ཅིག་ཤོས་ཀྱི་སྒོར་བྱུང ་སྟེ། བསྒྲུབ་བྱའི། སྣ་བུག་གཡས་པའི་སྒོ་ནས་དེའི་སྙིང་གར་ཞུགས་ཏེ། ལྕགས་ཀྱུ་དེ་ཡིས་དེའི་མིང་གི་ཡི་གེ་འགུགས་པར་གནས་པར་བྱེད་ཅིང། སྦྲང་བུ་དེ་རྣམས་ཀྱིས་དང་དགའ་བས་པདྨ་དེ་ཕྱུང་ཞིང། རང་དགས་དུམ་བུར་ཕྱེད་ཅིང་དབྱངས་ཡིག་རྣམས ་བཞིབ་པར་བྱའོ། །ཞེས་ཡུན་རིང་དུ་མི་གཡོ་བར་བལྟ་བར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་དབུགས་ཀྱིས་བསྐུལ་བའི་ལྕགས་ཀྱུས་དེའི་མིང་སྟོབས་ཀྱིས་བླངས་ཏེ། སྦྲང་བུ་དེ་རྣམས་ཀྱིས་དང། རང་གི་དབྱངས་ཡིག་བཀུག་སྟེ། དེའི་སྣ་བུག་གཡོན་པའི ་ལམ་དུ་བྱུང་བར་བལྟ་བར་བྱའོ། །ཡང་དེ་བླངས་ནས་འཇུག་པའི་རླུང་གིས་ལྕགས་ཀྱུ་དང། སྦྲང་བུ་རྣམས་བཀུག་སྟེ། རང་གི་སྣ་བུག་གཡས་པའི་སྒོ་ནས་འཇུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ལ་བཅུག་ནས། དེའི་མིང་གི་ཡི་གེ་རང་གི་སྙིང་གའི ་སྔགས་ཀྱིས་དྲག་པོར་མནན་ནས་དབྱངས་ཡིག་ད་རྣམས་འདབ་མ་སོ་སོ་སྦྲང་བུ་མཆོག་གིས་དབང་དུ་བྱས་པའི་རྣམ་པར་བསམ་པར་བྱའོ་ཞེས་བྱའོ། །རིམ་པ་འདི་ཡིས་རང་གི་རྣམ་པར་ཤེས་པ་དང། དེའི་རྣམ་པར་ཤེས་པ་དེ་གཅིག་ཏུ་བྱས་པ་བལྟ་པར ་བྱའོ། །དེ་ནས་དེའི་ནུ་མ་ལ་ཨུཏཔ་ལ་དམར་པོའི་མདེའུ་རྣོན་པོ་དང་ལྡན་པའི་མངས་ཕུག་ནས་འདོད་ཆགས་ཆེན་པོར་བརྒྱལ་བར་གྱུར་པ་དེས་ཡང་བལྟས་ནས་ལྕགས་སྒྲོག་ལྟ་བུའི་གཞུས་དེའི་རྐང་པ་གཉིས་དམ་པོར་བཅིངས་ནས། རང་གིས་བསྣམས ་པའི་ཨུཏཔ་ལའི་སྡོང་བུའི་རང་བཞིན་གྱི་ཞགས་པས་རྐེ་བ་ནས་བཅིངས་ཏེ། ཡང་དག་པར་བཀུག་ནས་རྐང་པ་གཉིས་ཀྱིས་དྲུང་དུ་ལྷུང་བར་བྱས་ནས། མྱ་ངན་མེད་པས་སྙིང་གར་བྲབས་པའོ། །མངོན་པའི་ང་རྒྱལ་མེད་པར་བྱ་སྟེ། རལ་གྲི་ཡིས་འཇིགས ་པར་བྱས། སྐྱབས་གཞན་མེད་པར་བྱས་ནས་ཡང་རང་ཉིད་ཇི་ལྟར་གནས་པས་སྐྲ་གྲོལ་ཤིན་ཏུ་འདོད་ཆགས་ཀྱིས་མྱོས་པ། གཅེར་བུ་གོས་མེད་པ། མི་སྦྱོར་བས་འཇིགས་ཤིང་ཤིན་དུ་ཆགས་པར་གྱུར་པ་མེ་ལོང་ལ་བརྟན་པར་བྱས་ནས་རང་རིག་པས ་རྗེས་སུ་ཆགས་པར་བྱའོ། །ོཾ་ཧཱི་ཨ་མུ་ཀཱི་ཨ་ཀར་ཥ་ཡ་མཉྫུ་གྷོ་ཥ་ཧྲཾ(རྒྱུད་འགྲེལ་གཅིག་ནས་བརྩམས་ཏེ། ཇི་སྲིད་ཚེས་བཅུ་བཞིའི་བར་དུ་ཁྲི་ཕྲག་གཅིག་ཙམ་བཟླས་པར་བྱའོ། །ཡང་བཅོ་ལྔ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་པ་བྱའོ། །དེ་ནས་མཐོ་རངས་དེ་ངེས་པར་འོད་བར་འགྱུར་རོ། །འོངས་ནས་དེ་ལ་ཡང་ཕྱག ་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རང་གི་ལྷ་མཆོད་པའི་བསམ་པས་ཇི་ལྟར་བདེ་བར་ལོངས་སྤྱོད་པར་བྱའོ། །ཡན་ལག་མེད་པའི་རྡོ་རྗེའི་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་རྫོགས་སོ།། །།ཁམས་པ་ལོཙྪ་བ་བ་རི་དགེ་སློང་དྷརྨཱ་ཀཱིརྟིས ་བསྐྱུར་བའོ།། །།རྒྱ་གར་སྐད་དུ། དྷརྨ་དྷཱ་ཧུ་བཱ་གཱི་སྭཱ་ར་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གིས་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་ཉིད་བཞིན་དུ་སྟོང་པ་བསྒོམས་པའི་རྗེས་སུ ་