| Wylie | e-texts based on the ACIP/ALL Input |
ར་བ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གྱི་མཁན་པོ་ཀ་མ་ལ་གུཔཏ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གདན་ལ་ཕབ་པའོ།། །། ་རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །རྣམ་དག་འཇམ་དཔལ་སྒྲུབ་པའི་ཐབས། །ཤིན་ཏུ་གསལ་ཞིང་མདོར་བསྡུས་པ། །མི་ཤེས་རབ་རིབ་འཇོམས་པར ་བྱེད། །དམ་པ་རྣམས་ཕྱིར་ལེགས་བརྗོད་བྱ། །སྟོང་པ་ཉིད་ཀྱི་རྗེས་སུ་དེ་བཞིན་དུ་སྙིང་གར་ཡི་གེ་མུ(རྒྱུད་འགྲེལ་ཤོས་ཀྱི་ཞལ་ལོ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་ལྡན་པ། །རལ་གྲི་དང། མདའ་དང་མཆོད་སྦྱིན་པ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང། ཨུཏཔལ་སྔོན་པོ་དང། གཞུ་ནི་གཡོན་པའི་ཕྱག་གསུམ་ནའོ། །སྒེག་པ་དང་བཅས ་ཤིང་གཞོན་ནུའི་རྒྱན་གྱིས་བརྒྱན་པ་བྱས་ཤིང་ཁ་དོག་སྣ་ཚོགས་ཀྱི་གོས་དང། མེ་ཏོག་ལ་སོགས་པས་བརྒྱན་པར་བྱས་ཤིང་ལྕང་ལོ་གསུམ་གྱིས་མཛེས་པའོ། །དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་ཡོངས་སུ་རྫོགས་པའི་བདག་ཉིད་བསྒོམ་པར་བྱའོ། །ོཾ་མུ: ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། །།ཁམས་པ་ལོ་ཙ་བ་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་མཉྫ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨ་རཱ་ག་ལྟར། །ཤེས་རབ་མཆོག་ལྡན་མདངས་གསལ་བ། །འཇམ་པའི་རྡོ་རྗེ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་འདི་ཙམ་བྱ། །དང་པོར་མལ་ནས་ལངས་ཏེ་གདོང་ལ་སོགས ་པ་དག་བར་བྱས་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམ་སྟེ། དེ་ལས་བྱུང་བའི་འོད་ཟེར་གྱིས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བྱ་སྟེ། གསང་སྔགས་ནི་འདིའོ། །ོཾ་ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ་ཕཊ། དེ་ནས་ནམ་མཁའ་ལ་གནས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ ་རྣམས་གསལ་བར་དམིགས་ཏེ། ཡིད་ཀྱི་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྤྱན་དྲང་བར་བྱའོ། །ོཾ་ཨེ་ཧཡེ་ཧི་བྷ་ག་བཱན་མཉྫུ་བཛྲ་ས་མ་ཤ་རཱི་མེ་མ་ཏིཥྛ་ནཾ་ཀུ་རུ་སྭཱཧཱ། །དེ་ནས་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཇམ་དཔའ་ཨི་རྡོ་རྗེ་སྐུ་མདོག་དམར་པོ་རྒྱན ་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཆང་བ། རྨ་བྱའོ་ཁྲི་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང། མོ་ཧ་ཀུ་མ་རི་དང། རཱ་ཀ་ཀུ་མ་རི་དང། ཨིརཤ་ཀུ་མ་རི་དང། ཀུ་ལ་ཀུ་མ་རི་སྟེ་ལྷ་མོ་བཞིའོ། །དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བར་བསམ་པར་བྱའོ། །དེ་དག་ཀྱང་ཕྱག་གཉིས ་ནི་རྡོ་རྗེ་དང་རལ་གྲི་བསྣམས་པ་རྨ་བྱའི་ཁྲི་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇོ་སྒེག་དང་བཅས་བཞིན་རབ་བཞུགས་པའོ། །སྐུ་མདོག་ནི་བཅོམ་ལྡན་འདས་དང་མཚུངས་པར་བསམ་པར་བྱའོ། །ོཾ་ཧྲི(རྒྱུད་འགྲེལ་ཧྲཾ་མཾ་ཧཱུཾ། ཨོཾ་ཁཾ་ཏཾ་ཧཱུཾ། དེ་དག་ནི་ལྷ་མོ་བཞིའི་ཡི་གེ་བཞི་པའི་སྔགས་སོ། །མཆོད་པའི་དུས་སུ་ཕྱི་རོལ་ཏུ་པདྨ་བཞི་བྱས་ཤིང་དམིགས་ཏེ། དབུས་ཀྱི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཇི་ལྟ་བཞིན་བསམ་པ་དང། ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་ལ་ལྷ་མོ་བཞི་ཇི་ལྟ་བ་བཞིན ་བསམས་ལ་གསང་སྔགས་གོང་མ་རྣམས་ཀྱིས་རིམ་བཞིན་དུ་མཆོད་པར་བྱའོ། །དེ་ནས་གསང་སྔགས་འདིས་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་པར་བྱ་སྟེ། མཆོད་སྦྱིན་གྱི་ཕྱག་རྒྱ་དང་སེ་གེལ་ལན་གསུམ་གཏོག་ཅིང། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨ་དྱ་ནུཏཔནྣ་ཏྭཱ་ད་ཅེས་བྱ་བའི་སྔགས་འདི་སྦྱིན ་པར་བྱའོ། །དེ་ནས་སྨོན་ལམ་འདི་ལན་གསུམ་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ནམ་མཁའ་ཨི་མཐར་ཐུག་པའི། །སེམས་ཅན་ཁམས་ནི་རབ་གྲོལ་ཞིང། །འཇམ་དཔལ་སྤྱོད་པ་ཇི་བཞིན་དུ། །དེ་བཞིན་བདག་ནི་སྤྱོད་གྱུར་ཅིག་།བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་རྫོགས་སོ།། །། ་