CLOSE WINDOW

N2921: dpal rdo rje gdan gyi sgrub thabs
Wyliee-texts based on the ACIP/ALL Input

བ་རི་བརྒྱ་རྩ་བཞུགས་སོ། ་རྒྱ་གར་སྐད་དུ། ཤྲཱི་བཛྲ་ས་ན་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། དཔལ་རྡོ་རྗེ་གདན་པ་ལ ་ཕྱག་འཚལ་ལོ། །ཡོན་ཏན་ཚོགས་ཀྱི་གཞིར་གྱུར་གཞན་དོན་བླ་མ་དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་ལོ། །དཔལ ་ལྡན་རྡོ་རྗེ་གདན་ཞེས་ཕུན་སུམ་ཚོགས་མིན་འཇོམས་ཤིང་འཁོར་བའི་སྐྱོན་གྱིས་མགོས་པ། གང་ཞིག་དུལ་ཞིང་ཞི་བ ་མཆོག་གི་སངས་རྒྱས་ཉིད་ཀྱི་དེ་ཉིད་སྒྲུབ་པའི་ཐབས་གྱུར་པ། །སྣ་ཚོགས་ཁ་དོག་གིས་སྤྲས་བརྒྱན་པའི་དེ་བཞིན་གཤེགས ་པ་ལ་སོགས་བདག་གིས་བྲི་བར་བྱ། དེ་ལ་མདུན་དུ་འོག་ནས་འབྱུང་བའི་ཆོ་གས་བཅོམ་ལྡན་འདས་སྐུ་མདོག ་དང་ཕྱག་ལ་སོགས་པ་དང་ལྡན་པ་རྣམ་པར་བསམས་ཏེ། མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །ོཾ་ན་མོ་ཨཀྵོ་བྷཡ(རྒྱུད་འགྲེལ་ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། སོ་སོར་ལན་གསུམ་དུ་དབུལ་བར་བྱའོ། །ོཾ་ན་མོ་བཻ་རོ་ཙ་ན་ཡ། ཨོཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་ན་མོ ་རཏན་སཾ་བྷ་བཱ་ཡ་ཏྲཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་ན་མོ་ཨ་མི་ཏཱ་བྷ་ཡ་ཧྲི། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་ན་མོ་ཨ་མི་གྷ་སིདྡྷེ་ཡེ་ཨ(རྒྱུད་འགྲེལ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་ན་མོ་ལོ་ཙ་ན་ཡེ་ལཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་མཱ་མ་ཀཻ་མཾ། བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་ན་མོ་པཎྜ་རཱ་ཡེ་པཱཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ་ཨོཾ་ན་མ(རྒྱུད་འགྲེལ་རིམ་པ་འདི་ཉིད་ཀྱིས་ཏེ། ཨོཾ་བཛྲ་དྷུ་པེ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་གནདྷ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་ནཻ་བི་དྱ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་དཱི་པེ་ཧཱུཾ་སྭཱཧཱ། ཞེས་པ་ལ་སོགས་པས་མཆོད ་པའི་ཆོ་ག་བྱས་ནས། བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་སོ། །དེ་ནས་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ ་འཁོར། དེའི་སྟེང་དུ་ཧཱུཾ་ཡིག་གསེར་གྱི་ཁ་དོག་ལྟ་བུ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ལ། ་དེ་ནས་ཁྲུས་དང་མེ་ཏོག་ལ་སོགས་པ་མཆོད་པའི་སྤྲིན་རབ་ཏུ་འཕྲོ་བས་ཡང་དག་པར་མཆོད་དེ། དེ་ནས་སྡིག་པ་བཤགས་པ་དང། བསོད་ནམས་ལ ་རྗེས་སུ་ཡི་རང་བ་དང། དགེ་བ་ཡོངས་སུ་བསྔོ་བ་དང། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། རྒྱལ་བའི་ལམ་བསྟེན་པ་དང། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར ་ཡང་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་སྟོང་པ་ཉིད་ཀྱི་རྣམ་པར་བསྒོམ་པར་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད ་པའི་ངོ་བོ་ཉིད་དུ་བསྒོམས་ནས། ཡི་གེའི་གཟུགས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་བདག་ཉིད་ཀྱིས་བལྟ་བར་བྱའོ། །བརྟན་པར་བྱ་བའི་དོན་དུ་སྔགས་བརྗོད ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ(རྒྱུད་འགྲེལ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། གཞན་ཡང་ཡི་གེ་ཀ་ལ་སོགས་པའི་སྡེ་ཚན་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །མ་ལུས་པ་ཁ་དོག་དཀར་པོའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ ་འཁོར་གྱི་གཟུགས་སུ་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་གི་རྣམ་པའི་ས་བོན་ནོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མདོག་སེར་པོའོ། །རྡོ་རྗེ་དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ངོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གདན ་གྱི་གཟུགས་ཁ་དོག་གསེར་གྱི་མདོག་ལྟ་བུ་དེའི་གདན་བདུད་རྣམ་པ་བཞི་སྟེ། དེ་ཡང་སྔོན་པོ་དང། དཀར་པོ་དང། ལྗང་གུ་དང། དམར་པོའི་མདོག་ཅན་རིམ་པ་ཇི་ལྟ་བ་བཞིན་དུ་གཟུགས་འདི་རྣམ་པར ་བསྒོམ་པར་བྱས་ནས། བདུད་འདི་རྣམས་ཀྱིས་ཡོངས་སུ་བྱས་པའི་སེང་གེའི་ཁྲི་དེའི་སྟེང་དུ་སྣ་ཚོགས་པདྨ་དང། རྡོ་རྗེ་ལ་གནས་པའི་བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས ་བཞུགས་པ་ཕྱག་གཡས་པས་གནོན་གྱི་ཕྱག་རྒྱ་དང་ལྡན་པ། ཕྱག་གཡོན་པ་འགྱིང་བར་བཀན་ནས་གནས་པའོ། །ན་བཟའ་དམར་པོ་སྐུ་ལ་མནབས་པ་ཞི་བའི་བདག་ཉིད་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་ནས་ང ་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བཱཏྨཀོཉཧཾ། དེ་ནས་བཅོམ་ལྡན་འདས་ཀྱི་གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་མདོག་སེར་པོ་ཕྱག་གཉིས་པ་རལ་པའི་ཅོད་པན་འཆད་བ་ཕྱག་གཡས་ན་རིན ་པོ་ཆེའི་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་ཀླུ་ཤིང་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །དེ་བཞིན་དུ་གཡོན་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདོག་དཀར ་བ་ཕྱག་གཡས་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་པདྨ་བསྣམས་པ། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་འདུག་པ་བསྒོམ་པར་བྱའོ། །དེ་ནས་ཡན་ལག་དྲུག་ལ་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི ་སྤྱན་གཉིས་ལ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཀྵི་མདོག་དཀར་པོའོ། །སྣ་བུག་གཉིས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛཾ་མདོག་དམར་པོའོ། །རྣ་བའི་བུ་ག་གཉིས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཁཾ ་མདོག་སེར་པོའོ། །ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གཾ་མདོག་དམར་པོའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཀཾ་མདོག་ལྗང་གུ། ནུ་མའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་སཾ་མདོག་དཀར་པོའོ ་ཞེས་བྱ་བ་ནི་ཡན་ལག་དྲུག་པ་དགོད་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེའི་བུམ་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ། དེ་ནས་མགོ་ལ་ཟླ་བའི ་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་ཨོཾ་ཡོངས་སུ་གྱུར་པ་ལས། འཁོར་ལོ་མདོག་དཀར་པོའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨོཾ་མོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་དག་པ་བསྒོམ་པའོ། ། ་མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཱ(རྒྱུད་འགྲེལ་གྱི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མདོག་སྔོན་པོའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ངོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་དག་པ་བསྒོམ་པའོ། །སངས་རྒྱས་བསྒྲུབ་ཅིང་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་པ་ཞེས་བྱའོ། །ནམ་མཁར ་གནས་པའི་བཅོམ་ལྡན་འདས་སྙིང་གའི་འོད་ཟེར་གྱིས་བཀུག་ནས་ཛ(རྒྱུད་འགྲེལ་བར་བྱའོ་ཞེས་བྱ་བ་ནི་བདུད་རྩི་མྱང་བར་བྱའོ། །དེ་ནས་སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་བསྟོད་པ་འདིས་བསྟོད་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་བཅས་པས་དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱས་ནས་ས་མ་ཡ་སྟཝཾ་ས་མ་ཡ་སྟཝཾ་ས་མ་ཡ་སྟཝཾ་ཨ་ཧཾ་ཨཾ ་ཨཱ?(རྒྱུད་འགྲེལ་ལྟར་བདེ་བར་གནས་པར་བྱའོ། །བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་མྱུར་དུ་ཐོབ་གྱུར་ཅིག་།རྗེ་བཙུན་རྡོ་རྗེ་གདན་གྱི་མན་ངག་གི་སྒྲུབ་ཐབས་ཀྱི་ཆོ་ག་རྫོགས་སོ།། །།ཁམས་པ་བ་རི་ལོཙྪ་བས་བསྒྱུར ་