CLOSE WINDOW

N2920: mgon po nag po'i sgrub thabs
Wyliee-texts based on the ACIP/ALL Input

བསྡེབས་པ་རྫོགས་སོ། །།པཎྜི་ཏ་ཨ་བྷ་ཡ་ལ་སོགས་པའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མཱ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། མགོན་པོ་ནག ་པོའི་སྒྲུབ་ཐབས་དེ་ཁོ་ན་བཞིན་དུ་སྔར་བཤད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགS་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་ཡི་གེ་ཧཱུཾ་གི་དེ་ཁོ་ན་ཉིད་ཁ་དོག་ནག་པོ་ཡོངས་སུ་རྫོགས་པ་ལས། དཔལ་དང་ལྡན་པའི་རྗེ་བཙུན་མགོན་པོ་ནག ་པོ་སྟེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ། སྤྱན་གསུཾ་པ་འབར་བ་ཆེན་པོ་གྲི་གུག་དང་ཐོད་པ་ཕྱག་གཡས་པ་དང་གཡོན་པས་འཛིན་པ། མགོ་བོའི་ཕྲེང་བས་བརྒྱན་དུ་བྱས་པ། སྐྲ་ཁམ་པ་གྱེན་ལ་འཕྱུར?་པ། སྐུ་ལ་དོ་ཤལ་དང ་ལྡད་པ། མཆེ་བ་འཇིགས་པ་དང། ཡན་ལག་ཐམས་ཅད་ལ་འཇིགས་པ་ཆེན་པོ་དང་ལྡན་པའི་ལྟོ་འཕྱེས་ཀྱིས་བརྒྱན་པ། སྐུ་བོང་ཐུང་བ། ཞལ་ནས་ཁྲག་འཛག་པར་གྱུར་པར་བདག་ཉིད་སྐད་ཅིག་གིས་རྣམ་པར་རྫོགས་པར་བྱས་ལ། ་སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དུག་དང་ཁྲག་དང། ར་སོ་ན་ཡུངས་ཀར་གྱིས་མགོན་པོ་ནག་པོ་ལ་བདུག་པ་ཡུལ་ལ། ཛ་བུ་ལ་ཤ་དང། ཆང་དང། མེ་ཏོག་དང། བྱུག་པ ་དང། ལྕགས་ཀྱུ་ལྔ་དང། བདུད་རྩི་རྣམས་ཀྱི་མགོན་པོ་ནག་པོ་ལ་གཏེར་མ་དབུལ་བར་བྱ་བའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ཤཱ་ས་ནཱ་ཨུ་པ་ཏ་རི་རེ་ཡི་ཨེ་ཥཱ་ཨ་པས་ཙི་མ་ཀཱ་ལོ་ཨ་ཡམ་ཨི་དཾ། རཏན་ཏྲ་ཡཱ་ཡ་ཨུ་པ་ཀཱ ་རི་ཎཾ་ཡ་དི་པྲ་ཏི་ཛྙཾ་སྨ་ར་སི་ཏཱ་དཱ་ཨི་དོཾ?། དུཥཌཱ?་ཁ་ཁ་ཁཱ་ཧི་ཁའཧི་མཱ་ར་མཱ་ར་གྲིཧྣ་གྲིཧྣ་བནདྷ་བནདྷ་ཧ་ན་ཧ་ན་ད་ཧ་དྷ་པ་ཙ་པ་ཙ་དཾ་ན་མེ་ཀེ་ནཱ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། འདི་ལ་སྔོན་སྤྱྡ་ནི་འདི་ཡིན་ཏེ། ཚ་བ་གསུམ་གྱིས་བསྒྲུབ་བྱའི ་གཟུགས་བརྙན་བྱས་ལ། ལུས་ཚོར་མས་གང་བར་བྱས་ཏེ། དུག་དང་སྐེ་ཚེས?་ཆོ་ག་བཞིན་དུ་བྲིས?་ལ། མེ་ལ་གང་གི་མིང་ནས་བསྲས་པ་དེ་ནི་དེའི་སྐད་ཅིག་ལ་མི་མཐོང་བར་འགྱུར་རོ། །སློབ་དཔོན་ལ་ནི་རྟག་ཏུ་ཞེ་སྡང་གང། །དཀོན ་མཆོག་གསུམ་ནི་སྤོང་བར་བྱེད་གང་དང། །སེམས་ཅན་དུ་མ་གཙེ་བར་བྱེད་པ་རྣམས། །མགོན་པོ་ནག་པོས་ཟ་བར་བྱེད་པ་ཡིན། །དེ་ལུས་ཤ་ནི་གཅོད་པར་བྱེད་པ་དང། །ཁྲག་ཀྱང་འཐུད་བར་བྱེད་དང་དེ་བཞིན་དུ། །མགོ་བོ་ལ་ནི་རྣམ་པར་གནས་བྱས ་ནས། ཏིལ་ཙམ་དུ་ནི་གཅོད་པར་བྱེད་པ་ཡིན། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གོ་བར་བྱ་བ་ཡིན་ནོ། །དཔལ་དང་ལྡན་པའི་མགོན་པོ་ནག་པོའི་སྒྲུབ་ཐབས་ཡོངས་སུ་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡ་ལ་སོགས་པ་ལས་དགེ་སློང་ཚུལ ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།སྙིང་པོ་རྟོག་མཁས་ངག་གིས་འགལ་མེད་ཆོས་ཀྱང་འགལ་བར་རྟོག་བཱི་འགྲོ་དོན་བསྟན་འཇུག་རིམ་པར་བཅའ་བ་མཛད་མོད ་ཀྱི། །བག་ཡངས་གྱུར་དང་ཐེག་མཆོག་དུས་འདིར་རྒྱུས་བཞོས་སྙིང་ཁུ་མཆོག་དང་མཆོག་མིན་དངོས་གྲུབ་རྣམས་ནི་སྒྲུབ་བྱེད་སྒྲུབ་པའི་ཐབས། །པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས ་བསྒྱུར་དགེ་བ་སྐྱོན་བྲལ་ངེས་ནི་སྐྱེ་དགུ་ཆོས་མཆོག་སྣོད་དང་བརྩོན་ལན་འབྲས་ཐོབ་ཤོག། དང་པོར་བདག་སོགས་སྒྲིབ་ཟད་སྔགས་མོས་སྔགས་པའི་ཆོས་ལྡན་སྐད་ཐབས་གང ་གིས་འདུལ་བས་རྟག་ཏུ་ཆོས་འདི་སྟོན་གྱུར་ཅིག། མོས་པའི་ཁྱད་པར་གྱིS་རྒྱ་གར་ན་སྒྲུབ་ཐབས་བསྡུས་པ་འགའ་ཞིག་སྲིད་ན་ཡང་གཞུང་སྙན་དངགས?་དང་ལྡན་པས་སཾ་སྐྲི་ཏ། ་མཆོག་ཏུ་གྱུར་ཅིང་དོན་བཟང་ལ་གདམས་ངག་ཆེ་བ་རྣམས་བསྡེབས་པ། ཨ་བྷ་ཡ་ཀཱ་རའི་ཕྱག་དཔེ་ལས་པཎྜི་ཏ་ཆེན་པོ་དེ་དག་དང། པ་ཚབ་ཀྱི་རིགས་སུ་སྐྱེས་པའི་དགེ་སློང ་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྔོན་གྱི་ཁྲིམས་ལས་མ་འདས་པར་བསྒྱུར་བའི་ཚད་དུ་བསྒྱུར་བའོ།། །། ་