| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།མཁས་པ་ཨ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །།རྒྱ་གར་སྐད་དུ། བྷུ་ཏ་ཌཱ་མར་སཱ་དྷ་ནོ་པ་ཡི་ཀ། བོད་སྐད་དུ། འབྱུང་པོ་འདུལ་བྱེད ་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །འབྱུང་པོའི་དྲེགས་པ་རྣམས་འཇོམས་པའི། །འདུལ་བྱེད་ཁྲོ་བོར་ཕྱག་འཚལ་ནས། །གདམས་ངག་ཇི་ལྟར་འབྱུང་བ་བཞིན། །དེ ་ཉིད་སྒྲུབ་ཐབས་བཤད་པར་བྱ། །རེ་ཞིག་དང་པོར་དངོས་པོ་གཉིས་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའ།?་།དེའི་དབུས་སུ་ཧཱུཾ་འབར་བའི་ཕྲེང་བས་དཀྲིགས་པ་བསྒོམས་ལ། སྔགས་འདི་བརྗོད་པར ་བྱ་སྟེ། ཨོཾ་སིདྷི་བཛྲ་ཧཱུཾ། སྔགས་དེ་བརྗོད་པས་སོར་མོ་རྣམས་ཕན་ཚུན་དུ་མདུད་ཅིང། མཛུབ་མོ་གཉིས་ཁབ་བཞིན་དུ་རབ་ཏུ་བརྐྱང་ལ། སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱ་བའོ། །དེ་ལ་ཐིག་ལེ་དམར་པོ་དང་ལྡན ་པའི་ཡི་གེ་ར་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པར་བསྒོམས་ལ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཧ་ན་བི་དྷཝཾ་ས་ཡ་བི་དྷཝཾ་ས་ཡ་ནཱ་ཤ་ཡ་ནཱ་ཤ་ཡ་པཱ་པཾ་ཧཱུཾ་ཕཊ། དེ་ནས་དེའི་རྗེས ་ཐོགས་ལ་སྟོང་པ་ཉིད་བསྒོམས་ལ། ཀུན་ད་དང་ཤེལ་དང་མཚུངས་པར་མདུན་དུ་བལྟ་བར་བྱ་བའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་དང་ཡི་གེ་ཧྲཱི(རྒྱུད་འགྲེལ་ཡི་གེ་ཨ་ལས་ངེས་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ཉིད་ལ་འབར་བའི་ཕྲེང་བས་ཀུན་ནས་བཀྲིགས་པའི་ཡི་གེ་ཧཱུཾ་རྣམ་པར་བསྒོམས་ལ། ཁྲོ་བོ་འཇུག་པར་བྱེད་པའི་སྔགས་དང་ཕྱག་རྒྱས་ཀུན་ནས་བཞུགས་པར ་བྱ་སྟེ། ཕན་ཚུན་གཉིས་ཁུ་ཚུར་བཅིངས་ལ་མཛུབ་མོ་གཉིས་མདུད་པར་བྱ་བའོ། །ོཾ་ཀྲོ་དྷ་བེ་ཤ་ཧཱུཾ་ཧཱུཾ་ཧཱུཾ་ཨཱ(རྒྱུད་འགྲེལ་པར་བསཾ་པར་བྱ་བའོ། །དེ་ནས་བསོད་ནཾས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་འཕེལ་བ་ལས་འབར་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་དུ་མ་དང་ལྡན་པའི་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པ་རྣམ་པར་བསྒོམ་པར་བྱ་བའོ། །རྡོ་རྗེ ་དེ་ལས་ཁྲོ་བོ་དུ་མ་ལ་སོགས་པ་ཕྱོགས་བཅུ་རྣམས་སུ་འཕྲོས་ནས་སེམས་ཅན་ཐཾས་ཅད་ཀྱི་དོན་དུ་རྫུ་འཕྲུལ་ལ་སོགས་པ་བྱས་པར་བལྟས་ལ། ཕྱག་རྒྱ་དེ་ཉིད་ཀྱི་མངོན་དུ་ཕྱོགས་པར་བཀུག་ཅིང། སྔགས་ཀྱང་བརྗོད་པས་རྡོ་རྗེ་དེ་ལ ་ཞུགས་པར་བསམ་པར་བྱ་བའོ། །ོཾ་རྡོ་རྗེ་ཞུགས་ཤིང་ཞུགས་ལ་ཕོབ་ཅིག། ཧཱུཾ་དེ་ནས་ནི་ཁྲོ་བོ་ཆེན་པོའི་སྐུར་བདག། ཉིད་བལྟ་བར་བྱ་སྟེ། དྲག་པོ་འབར་བའི་ཕྲེང་བས་ཀུན་ནས་བཀྲིགས་པར་གྱུར ་པའི་གཟི་བརྗིད་དང་ལྡན་པ། ཕྱག་བཞི་པ། ཁྲོ་བོ་ཆེན་པོའི་འོད་ཟེར། ཨིནྡྲ་ནཱི་ལ་དང་མཚུངས་པ། གཡས་པས་རྡོ་རྗེ་གསོར་བར་མཛད། །སྡིགས་མཛུབ་མཛད་པ་གཡོན་པ་སྟེ། ཞལ་ནི་མཆེ་བ་གཙིགས་པ་དང། །ཀླུ་བརྒྱད ་ཀྱིས་ནི་རྣམ་པར་བརྒྱན། །མཛའ་ཡས་ནི་ཚངས་པའི་སྐུད་པའོ། །ནོར་རྒྱས་ནི་སྨད་ཀའོ། །དུང?་སྐྱོང་ནི་ལག་གདུབ་སྟེ་གཞན་ནོ། །དེ་དག་རྣམས་ནི་དཀར་པོའོ། །ཕྱག་གཡོན་པ་ལ་ནི་རིགས་ལྡན་ལག་གདུབ་སྟེ། ཁ་དོག་དམར་པོའོ། ། ་དགའ་བོ་དང་ནི་ཉེ་དགའ་གཉིས་ནི་རྣ་གདུབ་བོ། །མགུལ་པ་ལ་ནི་ཏཀྵ་ཀའོ། །དཔུང་རྒྱན་ནི་གཞན་དག་སྟེ། །དེ་དག་རྣམས་ནི་སེར་པོའོ། །པདྨ་དང་པདྨ་ཆེན་པོ་དམར་པོ་ནི་རྐང་རྒྱན་ནོ། །འཇོག་པོ་ནག་པོ་ནི་མགོ་བོའི་ཐོད་དོ། །ཐོད་པའི་ཕྲེང་བའི་དབུ་རྒྱན ་ཅན། །འཇིག་རྟེན་གསུམ་ཡང་བརླག་པར་མཛད། །འཇིགS་པཱི་གད་རྒྱངས་ཆེན་པོ་ཅན་།འཇིག་རྟེན་གསུམ་པོ་བྱིན་རློབ་རྗེ། །གཡས་བསྐུམས་ཞབས་ཀྱིས་ལེགས་གནས་པས། །གཞན་གྱིས་མི་ཐུབ་ཞབས་མནན་ནས། །ཉི་མ ་བྱེ་བའི་གཟི་བརྗིད་ཅན། །ཕྱག་རྒྱ་བཅིངས་པས་གནས་པ་སྟེ། །སྲིན་ལག་གཉིས་ནི་མདུད་བྱས་ཤིང། །མཛུབ་མོ་གཉིས་ནི་བཀུག་བྱས་ཏེ། །མཐེའུ་ཆུང་གཉིས་གུང་མོ་ཉིད་དག་ཀྱང། །མཐེ་བོང་དག་གིས་མནན་བྱས་པའི། ། ་ཕྱག་རྒྱའི་མཆོག་གྱུར་དཔལ་ལྡན་འདིས། །འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ། །དེ་ནས་ཁྲོ་བོའི་མངའ་བདག་ཁྲོ་བོའི་རྒྱལ་པོའི་སྔགས་དང་ཕྱག་རྒྱས་ཡན་ལག་དྲུག་ལ་རྣམ་པར་དགོད་པར་བྱ་སྟེ། ཕན་ཚུན་གཉིས ་ཁུ་ཚུར་བཅངས་ལ་གུང་མོ་གཉིས་ལེགས་པར་བརྐྱང་བར་གྱུར་པ་ནི་མགོ་བོའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ཧ་ན་བཛྲ་ཧཱུཾ། ཕྱག་རྒྱ་འདི་ཉིད་ལ་གུང་མོ་གཉིས་བཅུག་ལ། མཛུབ་མོ་གཉིས་བསྒྲེང་བ་ནི་སྤྱི་བོའི?་ཕྱག་རྒྱའོ། །སྔགས་ནི། ཨོཾ་ད་ཏ་བཛྲ་ཧཱུཾ ་ཕྱག་རྒྱ་འདི་ཉིད་ལ། མཐེ་བོང་གཉིས་ངོས་ལ་སྦྱར་ལ། །མཐེ་བོང་གཡས་པ་ནི་མིག་གཡས་པ་ལའོ། །མཐེ་བོང་གཡོན་པ་ནི་མིག་གཡོན་པ་ལའོ། །ོཾ་གསལ་བའི་རྡོ་རྗེ་ཧཱུཾ། ཕན་ཚུན་གཉི་ག་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས ་མདུད་ཙིད?། མཛུ་གུ་གཉིས་བརྐྱང་བ་ནི། སྙིང་གའི་ཕྱག་རྒྱ་སྟེ། སྔཌ་ནི། ཨོཾ་བཛྲ་རོ་ཥ་ཧཱུཾ། ཕྱག་རྒྱ་འདི་ཉིད་ལ་མཇུབ་མོ་གཉིས་རྩེ་སྤྲད་ནས་བཀུག་པ་ནི་གོ་ཆའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་དྲི་ཌ་བཛྲ་ཧཱུཾ། མཛུབ་མོ་གཉིས་རབ་ཏུ་བརྒྱད ་བ་ནི་མཚོན་ཆའི་ཕྱག་རྒྱའོ། །ོཾ་ཧ་ན་ད་ཧ་པ་ཙ་ཀྲོ་དྷ་བཛྲ་སརྦ་དུཥྚན་མ་ར་ཡ་ཧཱུཾ་ཕཊ། དེ་ནས་རྡོ་རྗེའི་ཁྲོ་བོ་ཀུན་ནས་སྤྱན་དྲང་བར་བྱ་སྟེ། ཕན་ཚུན་གཉི་ག་ཐ་དད་མེད་བྱས་ལ་མཛུབ་མོ་གཉིས་བཀུག་པས། ཨོཾ་རྡོ་རྗེ་ཁྲོ་བོའི་དམ ་ཚིག་རྗེས་སུ་བརྐྱང་བའི་དོན་དུ་མྱུར་དུ་ཀུན་ནས་སྤྱོད་ཅིང། ཏྲཱི(རྒྱུད་འགྲེལ་ལྟ་ཐམས་ཅད་རབ་ཏུ་བཞེད་པའི་མཆོད་ཡོན་ལེགས་པར་བཞེས་ཤིག་ཧཱུཾ་ཨ(རྒྱུད་འགྲེལ་གྱིས་ལག་པ་གཡོན་པའི་མཐེ་བོང་བཅངས་ལ། མཐེ་བོང་གཡས་པ་སླང་སྟེ། ཨོཾ་ཛ་ཡ་ཛ་ཡ་ཁྲོ་བོའི་མངའ་བདག་ཆེན་པོ་ཁྲོ་བོའི་རྒྱལ་པོ་འབྱུང་པོའི་གདན་འདི་གཟིགས་ལ་ལེགས་པར་བཟུང་དུ་གསོལ་སྭཱཧཱ། ཐལ་མོ ་ཁ་སྦྱོར་དུ་བསྡམས་ལ་སོར་མོ་ཐམས་ཅད་སོ་སོར་ཕྱེ་བ་ནི་པདྨའི་ཕྱག་རྒྱར་བརྗོད་དེ། གདན་གྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ལྷ་ཐམས་ཅད་པདྨའི་སྲིད་པ་མཆོ་ལ་བཞུགས་པས་སྭཱཧཱ། དེ་ནས་ནི་ཀུན་ཏུ་བསྒྲད ་པར་བྱ་སྟེ། ཁུ་ཚུར་གཡས་གཡོན་གཉིས་བཅངས་ལ་མཐེ་བོང་རབ་ཏུ་བརྐྱང་བའི་ཁུ་ཚུར་གཡོན་པ་སྙིང་གར་གཞག་ཅིང། ཁུ་ཚུར་གཡས་པ་ཐལ་ལྕག་གིས་སྟབས་ཀྱིས་གྱེན་ལ་བསྟེག་པས་སྔགས་བརྗོད་པར་བྱ་སྟེ། ཨོཾ ་གདུག་པ་ཐམས་ཅད་རླག་པར་གྱིས་ཤིག། ད་ཏ་པ་ཙ་གདུག་པ་ཅན་རྣམས་ཐལ་བར་ལྷོགས་ཤིག་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ཡང་སྔགས་འདི་ཕྱོགས་བཅིང་བར་བྱ་སྟེ་།ཕན་ཚུན་གཉི་ག་སོ་སོར་ཁུ་ཚུར་བཅངས་ལ་མཛུབ་མོ་གཡོན་པ་རབ་ཏུ་བརྐྱང་བ ་དཔུང་པ་གཡས་པའི་རྩ་བར་གཏད་ལ་མཐེ་བོང་གཡས་པས་མཐེའུ་ཆུང་གི་སོར་མོ་མནན་ཞིང་སོར་མོ་ལྷག་མ་ལེགས་པར་བརྐྱང་པས། ཕྱོགས་བཅུར་བསྐོར་བར་བྱ་བའོ། །ོཾ་རྡོ་རྗེའི་ཁྲོ་བོ་གཏུམ་པོ་ཆེན་པོ་ཕྱོགས་བཅུ་ཆིངས་ཤིག་ཆིངས་ཤིག་ཧཱུཾ ་ཧཱུཾ་ཕཊ་ཕཊ། དེ་ནས་རྡོ་རྗེ་གསོར་ཞིང་འདི་སྐད་བརྗོད་པར་བྱ་སྟེ། ཁྲོ་རྒྱལ་ཆེན་པོ་གྲུབ་པ་དང། །གྲུབ་པའི་དམ་ཚིག་བསྟན་པ་དང། །གྲུབ་པའི་ལྷ་རྣམས་ཀུན་གྱིས་ཀྱང། །དངོས་གྲུབ་བླ་མེད་བདག་མྱུར་མཛོད། །ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་དམ ་ཚིག་བཅིངས་ལ། ཧཱུཾ་བཛྲ་ཕཊ་བྱ་བས་དམ་ཚིག་བརྟན་པར་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་ཁྲོ་བོ་ཀུན་ནས་འཇུག་པའི་ཕྱག་རྒྱ་བཅིངས་པས་རྡོ་རྗེའི་ཁྲོ་བོའི་རང་གི་ལུས་ལ་ལེགས་པར་བཞུགས་པར་བྱ་སྟེ། ་ཨོཾ་ལེགས་པར་ཞུགས་ཤིག། ཁྲོ་བོ་ཧཱུཾ་ཧཱུཾ་ཧཱུཾ་ཨ(རྒྱུད་འགྲེལ་དོན་དུ་ཐལ་མོ་ཁ་སྦྱར་ལ། ཀུན་ཆུབ་པར་བྱ་བའི་སྔགས་བརྗོད་པར་བྱ་བ་ནི། ཨོཾ་གྲུབ་པའི་རྡོ་རྗེ་ཨཱ་པུ་ར་ཡ་ཨཱ་བུ་ར་ཡ། བྱ་བ་འདིས་ལྷག་པ་དང་ཆད་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཁྲོ་བོ་ནི་ད་ཡིན་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ། དངོས་གྲུབ ་རྣམས་ཐམས་ཅད་ཀུན་ནས་དགུག་པར་བྱ་སྟེ། ཕན་ཚུན་དུ་ཁུ་ཚུར་བཅངས་ལ་མཐེའུ་གཉིས་མདུད་པར་བྱ་ཞིང། མཛུབ་མོ་དག་རབ་ཏུ་བརྐྱང་བ་དགུག་པར་གྱུར་པས། ཅུང་ཟད་བསྐྱོད་པར་བྱ་བའོ། །ོཾ་རྡོ་རྗེ་ཁྲོས་པའི་ཁྲོ་བོ་དངོས་གྲུབ་རྣམས་ཁུག་ཅིག ་ཧཱུཾ་ཛ:བྱ་བའི་སྔགས་འདིས་སོ། །དེ་ནས་རང་གི་སྙིང་གར་ཟླ་པའི་དཀྱིལ་འཁོར་ལ་གནས་པར་རྣམ་པར་བསམ་པར་བྱ་བ་ནི་མགོ་གྱེན་དུ་བལྟས་པའི་ཡི་གེ་འདི་དག་རྣམས་ཏེ། མཐིང་ནག་གི་ཁོར་ཡུག་དང་འདྲ་བའི་ཕྲེང་བར་གྱུར་པ། ཧཱུཾ་བཛྲ་ཕཊ་འོ། ། ་དེ་ལས་རང་ཉིད་ཀྱི་བ་སྤུའི་ཁུང་བུ་རྣམས་ནས་ཁྲོ་བོའི་ཚོགས་རྣམས་སྤྲོ་བ་དང། ལེགས་པར་སྡུད་པར་བྱེད་པར་རྣམ་པར་བསམ་མོ། །སྒོམ་པས་སྐྱོན་ན་བཟླས་པར་བརྩམ་པར་བྱ་སྟེ། དེ་ཡིད་ལ་བྱེད་ཅིང་ཡི་གེ་ལ་གཅིག་ཏུ་སེམས་པས་སོ། །བཟླས་པS ་དུབ་ན་ནི་ཁྲོ་བོའི་སྐུ་རྣམས་རང་གི་སྙིང་གའི་ནང་དུ་བསྟིམས་ལ། ཐལ་མོ་སྦྱར་བ་བྱས་པས་དངོས་གྲུབ་རྣམས་ཐམས་ཅད་དོན་དུ་གཉེར་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གྲུབ་པའི་རྡོ་རྗེས་ཀུན་ནས་རྫོགས་པར་མཛད་པས་དངོས་གྲུབ་ཐམས ་ཅད་བདག་ལ་གསོལ་ཅིག་ཧཱུཾ་ཛ(རྒྱུད་འགྲེལ་འཛིན་པས་ཡང་དག་པར་བཀའ་བསྒོ་བ་ཡིན་ནོ། །སྭཱཧཱ། དེ་ནས་ནི་རང་གི་ལུས་ལ་གོ་ཆ་བགོས་ལ། ཁྲོ་བོའི་ང་རྒྱལ་དང་ལྡན་པའི་ཡིད་ཀྱིS་ཇི་ལྟར་བདེ་བར་རྒྱུ་བར་བྱ་བའོ། །རིམ་པ་འདི་ཉིད་ཀྱིས་སྔགས་འབུམ་ཕྲག་གཅིག་བཟླས་པས་ནི་མྱུར ་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་སྔགས་པ་དབང་བསྐུར་ཞིང་རྗེས་སུ་གནང་བ་དང། སྔོན་དུ་འགྲོ་བ་ཡང་བྱ་སྟེ། རྡོ་རྗེ་འཛིན་པ་བསྒྲུབ་པར་འདོད་པས་ནི། ཟླ་བ་གཅིག་ཏུ་ཐུན་གསུམ་ལ་སྟོང་ཕྲག་གཅིག་བཟླས ་པར་བྱ་བའོ། །དེ་ནས་ཟླ་བ་ཉ་ལ་ནི་ཕུན་སུམ་ཚོགས་པ་ཇི་བལྟ་བ་བཞིན་དུ་མཆོད་པ་བྱས་ལ་ཤིན་ཏུ་མཉམ་པར་བཞག་པས་ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ། མཚན་ཐོག་ཐག་བཟླས་པར་བྱ་པའོ། །དེ་ནས་ནམ་མཁའ་བྱུང་བ་དང་ནི་ས་གཡོ་བ ་དང། ཕྱག་རྒྱ་འབབ་པར་འགྱུར་རོ། །འབར་བ་ཙམ་གྱིས་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་ཞིང། །རྒ་བ་མེད་པ་དང་འཆི་བ་མེད་པ་དང། ལྷའི་ལུས་སུ་འགྱུར་རོ། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །མདོར་བསྡུས་ཤིང ་ལེགས་པར་རྫོགས་ལ་རྣམ་པར་གསལ་བ་དང། རིམ་པ་ལེགས་པར་འབྲེལ་པས་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་སེམས་ཅན་མཛའ་དག་བསྒྲལ་བར་བྱ་བའི་དོན་དུ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛེས་པར ་བསྡེབས་པ་རྫོགས་སོ། །།པཎྜི་ཏ་ཨ་བྷ་ཡ་ལ་སོགས་པའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མཱ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། མགོན་པོ་ནག ་