CLOSE WINDOW

N2918: dpal 'byung po 'dul byed kyi mdor bsdus pa'i sgrub thabs
Wyliee-texts based on the ACIP/ALL Input

བཟླས་པའི་སྔགས་སོ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། །།དཱ་དང་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར ་སྐད་དུ། ཤྲཱི་བྷུ་ཏ་ཌཱ་མ་ར་སཱཾ་ཀྵི་པ་ཏ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས། འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ཀུ་བེ་ར་སོགས་རྣམས། །དྲེགས་པ་རྣམས་འཇོམས་པ་ལ ་མཁས་གྱུར་པའི། །དཔལ་ལྡན་འབྱུང་པོ་འདུལ་བྱེད་ལ་བཏུང་ནས་།དེ་ཡི་སྒྲུབ་པའི་ཐབས་ནི་བྲི་བར་བྱ། །ཡང་དག་གདམས་དག་མདོར་བསྡུས་རྣམས་དག་པ། །མདོར་བསྡུས་ལ་དགའ་རྣམས་ལ་མཛེས་བརྗོད་པའི། །གནོད་སྦྱིན ་བྱ་སོགས་ཡང་དག་སྒྲུབ་བྱེད་པ། །བདག་སྙིང་གཅིག་ཏུ་ངོ་མཚར་སྐྱེས་ཕྱིར་རོ། །དང་པོར་རེ་ཤིག་སྔགས་པས་རང་གི་སྙིང་གའི་ཟླ་བ་ལ་སྣ་ཚོགས་རྣམ་པར་གསལ་བར་བྱེད་པའི་འོད་ཟེར་གྱིས་ལུས་ཀུན་ནས་གང་བར་གྱུར་པའི་རཾ ་གི་ས་བོན་དམར་པོ་རྣམ་པར་བསམ་པར་བྱ་བའོ། །དེ་ནས་དེ་ལས་ཀུན་ནས་འཕྲོས་པའི་ལྕགས་ཀྱུའི་རྣམ་པས་སྤྱན་དྲངས་ལ། མདུན་དུ་འདུལ་བྱེད་ལེགས་པར་མངོན་པར་མཆོད་པར་བྱ་ཞིང། ཟླ་ན་མེད་པའི་མཆོད་པ་རྣམ་པ་བདུན ་དང། སྟོང་པ་ཉིད་ཀྱང་བསྒོམ་པར་བྱ་བའོ། །དེ་ནས་ཀུན་ད་དང་མཚུངས་དྲི་མེད་རྣམ་གསལ་ཟླ་བའི་སྟེང་གི་ནི། །དབུས་ནི་ཐིག་ལེའི་ཞལ་སྔ་ནས་མཚུངས་ཧཱུཾ་གི་རྣམ་པ་སྟེ། །ཀུན་ནས་གསལ་བྱས་མ་ལུས་ཡོངས་གྱུར་པས་ནི་ཡང ་དག་པའི། །སྣ་ཚོགས་པདྨ་འདབ་མ་བརྒྱད་བ་ལེགས་པར་བལྟ་བར་བྱ། །དེ་ནས་དེའི་དབུས་སུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལྟེ་བར་གྱུར་པའོ། །ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་མཐིང་ནག་འབར་བའི་རྡོ་རྗེ ་རྣམ་པར་བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བལྟ་བར་བྱ་བ་ནི། ཞལ་རྣམ་པར་བསྒྱུར་ཞིང་འགྱིང་པ། འབྱུང་པོ་རྣམས་ཀུན་ནས་སྐྲག་པར་མཛད་པའི་རང་བཞིན་ཅན། སྐྱེ་དགུ་རྣམས་ལ་ཕན་པར་བྱེད་པ ་དང། བྱེད་པ་བོ་དང། ཁྱབ་པ་ཆགས་པའི་རྒྱུ་གཅིག་པུར་གྱུར་པ། ཁྱབ་འཇུག་དང། དབང་ཕྱུག་དང། སྨིན་དྲུག་དང། དྲག་པོ་དང། བདུད་རྣམས་ལ་གཅིག་ཏུ་དཔའ་བ། ཞལ་ཅུང་ཟད་ཙམ་ཚེམས་གཙིག་པ། ཁྲོ་བོའི་དྲ་བ་རྣམ་པར་སྤྲོ ་བར་མཛད་པ། སྐུ་མདོག་མཐིང་ནག་སྐྲ་སེར་པོ་བྱེན་དུ་འཁྱིལ་བ་བགྱིགས་པ་ན་བཟའ་སྔོན་པོ་སྐུ་ལ་མནབས་པ། གཡས་པས་རྡོ་རྗེ་བསྣམས་པ། གཡོན་པས་ཞགས་པ་བསྣམས་ཤིང་སྡིགས་མཛུབ་མཛད་པ། ཐོད་པ་ལྔའི་དབུ་རྒྱན ་དང་ལྡན་པ། གཡོན་པས་རྩེ་གསུམ་དང་ཐོད་པ་བསྣམས་པ། གཡས་པས་ཌཱ་མ་རུ་དང་གྲི་གུག་བསྣམས་པ། རལ་པ་སེར་པོ་དང་ཅོད་པན་དང་ལྡན་པ། སྤྱན་གསུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །འབྱུང་པོའི ་མངའ་བདག་དཀར་པོ་གཞན་གྱིས་མི་ཐུབ་པ། གཡས་བསྐུམས་པའི་ཞབས་ཀྱིས་ཀུན་ནས་མནན་པ། ཕྱག་གཉིས་སྙོམས་པར་སྦྲེལ་བའི་ཕྱག་རྒྱ་དང་ལྡན་པ་ནི། དཔལ་འབྱུང་པོ་འདུལ་བྱེད་དོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། སྲིན ་ལག་གཉིས་མདུང་ཅིང་མཛུབ་མོ་གཉིས་ཅུང་ཟད་ཀུག་ལ་མཐེའུ་ཆུང་དང། གུང་མོ་དང?་?་མཐེ་བོང་གི་སྦྲེལ་བར་བྱེད་པའོ། །ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྡེ། དེ་ལ་མགོ་བོ་ལ་དཀྲིས་པ་ནི་འཇོག་པོ་སྔོན་པོ། མགུལ ་པའི་རྒྱན་ནི་ཏཀྵ་ཀ་དམར་པོ། དགའ་བོ་དང་ཉེ་དགའ་ནི་རྣ་བའི་གདུབ་ཀོར་ཏེ། གཅིག་ཏུ་སེར་བ་ཉིད་དོ། །ཚངས་པའི་སྐུད་པ་ནི་མཛའ་ཡས་དཀར་པོའོ། །རྐེད་ཀའི་ཐེ་གུ་ནི་ནཾ་ར་རྒྱས་སྐྱ་བོའོ། །ཕྱག་རྒྱའི་ཕྱག ་གཉིས་ནི་རིགས་ལྡན་ཏེ། ཁ་དོག་དམར་པོའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕྱག་དག་ཀྱང་དུད་སྐྱོང་དཀར་པོས་སོ། །རྐང་གདུབ་ནི་པདྨ་དང་པདྨ་ཆེན་པོ་སྟེ། གཅིག་ཏུ་དམར་བ་ཁོ་ནའོ། །སྤྱན་གཉིས་དམར་དང ་དེ་ལྟར་གྱུར་པ་ཡི། །དཔལ་ལྡན་འབྱུང་པོ་འདུལ་བར་བྱེད་པ་ནི། །འཇིག་རྟེན་དོན་ལ་གཅིག་ཏུ་ཕྱེད་ཆེ་བའི། །ཤིན་ཏུ་ཁྲོས་པར་གྱུར་པ་བསམ་པར་བྱ། །སྙིང་ཀ་དང། མགུལ་པ་དང། མཛོད་སྤུ་དང། སྤྱི་བོ་རྣམས་སུ་རྟག་ཏུ་སྲུང་པར ་བྱ་བའི་དོན་དུ་ཕྱག་རྒྱས་གཏུག་པར་བྱ་བའོ། །བསམ་གཏན་གྱིས་སྐྱོ་བར་གྱུར་ན་རྡོ་རྗེའི་ཚིག་གམ། ཁྲོ་བའི་ཚིག་གིས་སྔགས་བཟླས་པར་བྱ་བའོ། །སྔགས་ནི་ཧཱུཾ་ཨོཾ་བཛྲ་ཕཊ་ཅེས་བྱ་བའོ། །ཡོན་ཏན་ལྡན་པས་དོན་གཉེར་ནས་ནི་འདི ་ནི་གར་ཕྱིར་གསལ་བྱས་པ། །རྣམ་པར་སྣང་མཛད་བདག་གིས་འདི་ལས་དགེ་བ་གང་དག་ཐོབ་པ་དེས། །འཇིག་རྟེན་གསུམ་གྱི་འཇིག་རྟེན་པ་རྣཾས་དྲི་མ་མ་ལུས་ཟད་པར་ཤོག། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ ་རྫོགས་སོ།། །།མཁས་པ་ཨ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །།རྒྱ་གར་སྐད་དུ། བྷུ་ཏ་ཌཱ་མར་སཱ་དྷ་ནོ་པ་ཡི་ཀ། བོད་སྐད་དུ། འབྱུང་པོ་འདུལ་བྱེད ་