CLOSE WINDOW

N2908: he ru ka'i sgrub thabs
Wyliee-texts based on the ACIP/ALL Input

ནི། །རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ། གདུག་ཆེན་འཇིགས་པའི་གང་རྒྱངས་ཅན། །ཁམས་གསུམ་པ་ནི་བསྐྱོད་པར་མཛད། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །ཕྱག་གཉིས་ཕྱག་རྒྱ་འཆིང་བར་མཛད། །གཡས་བསྐུམས་པ་ཡི་ཞབས་ཉིད་ཀྱིས། ་འཇིགས་བྱེད་གནོད་མཛད་འཇིགས་མཛད་པོ། །སྙིང་མགུལ་མགོལ་དགོད་བྱ་བ། །ོཾ་ཨཱ:ཧཱུཾ་གི་ཡི་གེ་གསུམ། །དབང་སྐུར་པ་ཡི་ཆོ་གྲ་ཡིས། །རྡོ་རྗེ་སེམས་ཀྱིས་རྒྱས་བཏབ་པའོ། །སྔགས་ནི། ཨོཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབས་ཐབས་སོ། །། ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མཧཱ་བཱ་ལ་སཱ་དྷ་ནཾ། བོད་སྐད་དུ། སྟོབས་བོ་ཆེའི་སྒྲུབ་ཐབས། སྔར་བ་ཤད་པའི་ཆོ་གའི་རིམས་བས?་སྟོང་པ་ཉིད་བསྒོཾས?་པའི་རྗེས་ཐོགས་ལ། པདྨ ་དཀར་པོ་དང་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྟོབས་པོ་ཆེ་ཞལ་གཅིག་པ་ཕྱག་བཞི་པ། སྐུ་མདོག་ཐམས་ཅད་དམར་བ། དབུ་སྐྲ་ཁམ་སེར་གྱེན་ལ་འཕྱུར་བ། །སྤྲུལ་གྱི་ཐོད་ཀྱིས་བཅིངས་པ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་དབྱུག་ཐོ་དཀར་པོ་དང། ་?་ཡབ་དཀར་པོ་བསྣམས་པ། གཡོན་པའི་ཕྱག་གཉིས་ཀྱིས་ནི་ཕྱག་འཚལ་པའི་སྟངས་དང། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཀྱི་ཕྱག་གོ་།སྟག་གི་པགས་པའི་ཤམས་ཐབས་མནབས་ཤིང་སྦྲུལ་གྱིས་བརྒྱན་པ། ཞབས ་གཡས་བསྐུམ་ཞིང་ཞལ་མཆེ་བ་གཙིགས་པ། ཉི་མའི་དཀྱིལ་འཁོར་གྱི་ཕྲེང་བ་དན་ལྡན་པ། སྣང་བ་མཛའ་ཡས་དབུ་བརྒྱན་ལ་གནས་པར་བསྒོམས་ལ། སྔགས་བཟླས་པར་བྱ་སྟེ། ཨོཾ་མཧཱ་བཱ་ལ་སྭཱཧཱ། འདི་ནི་སྟོབས་པོ་ཆེའི་སྒྲུབ ་ཐབས་སོ།། །། བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཧེ་རུ་ཀའི་སྒྲུབ་ཐབས། དུར་ཁྲོད་བརྒྱད་ཀྱི་དབུས་གནས་པའི། ། ་དོགས་བྲལ་དགའ་བའི་ཡིད་ལྡན་པས། །ཐབས་དང་ཤེས་རབ་ཆོ་ག་ཡིས། །ཉི་མ་ཟླ་བའི་སྦྱོར་ལྡན་པས། ། ཚན་ཀ་ཚན་མཉམ་སྦྱོར་ལས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་ཧཱུཾ་ཡིག་ལས་བྱུང་བའི། །རྡོ་རྗེ་རྩེ་མོ་ལེགས་ལྡན་ལས། །མི་ལྤགས ་གཙང་མ་མནབས་པ་ཡིས། །སྐྱིལ་ཀྲུང་ཕྱེད་པས་རོ་ལ་བཞུགས། །ཐལ་བའི་རྡུལ་གྱིས་ལུས་བྱུགས་ཤིང། །འཕྲོ་བའི་རྡོ་རྗེ་གཡས་ན་སྟེ། །བསྐྱོད་པའི་བ་དན་ཁ་ཊཱཾ་ག། ཁྲག་གི་ཐོད་པ་གཡོན་ནའོ། །བརྒྱ་ཕྱེད་མགོ་བོའི་ཕྲེང་བ་ཡིས། །ཡིད་འཕྲོག ་པ་ཡི་དོ་ཤལ་བྱས། །ཞལ་གྱི་མཆེ་བ་ཅུང་ཟད་གཅིགས། །སྤྱན་མིག་དམར་པོ་བགེགས་ལྡན་པ། །སྐྲ་སེར་གྱེན་འཕྱུར་མི་བསྐྱོད་པ། །དབུ་བརྒྱན་རྣ་བའི་གདུབ་སྐོར་ལྡན། རུས་པའི་རྒྱན་རྣམས་མཛེས་པ་དང། །དབུ་ལ་ཐོད་པ་ལྔ་ལྡན་པའི། །སངས་རྒྱས ་ཉིད་ནི་སྦྱིན་མཛད་བསྒོམ། །སྐྱེ་དགུའི་བདུད་རྣམས་བཟློག་མཛད་ཡིན། །སྔགས་ནི། ཨོཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བའོ། ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་མདོར་སྡུས་པ་རྫོགས་སོ།། །། བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས ་བསྒྱུར?་བའོ།། །།རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས། འཇིག་རྟེན་གསུམ་སྐྱོང་ཧེ་རུ་ཀ། བླ་མ་མགོན་ལ་ཕྱག་འཚལ་ནས། །ཤཱན་ཏིའི་ཞལ་སྔ་ནས་གསུངས་དེའི། །སྒྲུབ་ཐབས་ཆོ་ག་རབ་རྣམ ་དབྱེ། །དཔའ་པོ་ཞལ་གཅིག་ཕྱག་གཉིས་པ། །མགུལ་པར་བདག་མེད་མ་ཡིས་འཁྱུད། །འཁོར་ལོ་ལ་སོགས་རྒྱན་དང་ལྡན། །སྤྱན་གསུམ་རྐང་གཉིས་རྒྱལ་པའོ། །རྒྱུད་འདིར་བསྒོམ་པའི་དབང་དུ་བྱས་པའི་རྣལ་འབྱོར་པས། ནམ་མཁའ་བྱུང་བ ་དང་སྟན་ལས་ལངས་ལ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་བལྟས་ཏེ། དེའི་འོད་ཟེར་གྱིS་དཔལ་ཧེ་རུ་ཀ་ལ་ལེགས་པ་གསལ་བར་བྱས་ཤིང་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པའི་ཉེ་བར་མཁོ་བའི་ཡོ་བྱད་ལྔས་ཡང་དག་པར ་