CLOSE WINDOW

N2903: gshin rje mthar byed kyi sgrub thabs
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཡ་མཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། དང་པོ་གདོང་པའི་གཏང་སྒྲ་ལ་སོགས་པ་བྱས་པའི་སྒོམ་པ་བོས་རང་གི་སྙིང་གར་ཡི་གེ་ཨ་ལས་སྐྱེས་པའི་ཟླ་བ་ལ་ཡི་གེ་ཡོ་ནག་པོ་རྣམ་པར་བསྒོམས? ་ལ། དེ་ལས་འོད་སྦྲོས་པས་བླ་མ་དང་སངས་རྒྱས་དག་སྤྱན་དྲངས་ཏེ། ལེགས་པར་མཆོད་ཅིང་སྡིགས་པ་བཤགས་པ་ལ་སོགས་པ་རྣམས་བྱ་བའོ། །དེ་ནས་ཡི་གེ་ཡ་ཙམ་གྱི་བདག་ཉིད་རྣལ་འབྱོར་པ་སྟོང་པ་ཉིད་མངོན་དུ་བྱས ་པ་བྱིན་གྱིས་ཀྱང་བརླབས་ཏེ། །སྨོན་ལམ་རྗེས་སུ་དྲན་པར་བྱ་བའོ། །དེའི་རྗེས་ལ་ཡི་གེ་ར་ལས་ངེས་པར་བྱུང་བའི་ཉི་མ་ལ་ཧཱུཾ་ལS་བྱུང་བའི་རྡོ་རྗེའི་དབྱུག་ཐོ་རང་གི་ས་བོན་འཕྲོ་བ་དང་ལྡན་པ་རྣམ་པར་བསྒོམས་ལ། ་དེས་བསྐྱེད་པའི་རྡོ་རྗེའི་ས་གཞི་དང། རྡོ་རྗེའི་ར་བ་དང། རྡོ་རྗེའི་གུར་བསྒོམ་པར་བྱ་བའོ། །དེའི་དབུས་སུ་དབྱངས་ཀྱི་ཡི་གེ་ཉིས་འགྱུར་གྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར ་འབྱུང་བ་ཤེས་རབ་ཀྱི་ངོ་བོ་ལེགས་པར་བལྟ་བར་བྱའོ། །དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པར་དག་པ་ཌ་ཌཧ?་ད་དྷ་ཡ་ལ་རྣམས་ཉིས་འགྱུར་དང་བཅས་པའི་ཀཱ་ལ་སོགས་པའི་གསལ་བྱེད་རྣམས་ཉིས་འགྱུར་དུ་བྱས་པ ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གཞན་ཡིན་ཏེ། ཐབས་ཀྱི་རང་བཞིན་དུ་གྱུར་པ་འོད་མཛའ་ཡས་པ་འཕྲོ་བ་དང་ལྡན་པར་བསྒོམ་པར་བྱ་བའོ། །དེ་ནས་དེ་གཉིས་ཀ་ཡོངས་སུ་རྫོགས་པ་ལས་ཉི་མ་ལ་ཧཱུཾ་དང་ཡམ་མཐིང ་ནག་ལས་ཡང་དག་པར་བྱུང་བའི་ཆར་སྤྲིན་གཞོན་ནུ་དང་མཚུངས་པའི་སྐུ་མདོག་མཐིང་ནག་སྟེ། གསུས་པ་ཆེ་བ། སྨིན་མ་དང། སྨ་ར་དང། སྐྲ་ཤིན་ཏུ་སེར་བར་གྱུར་པ། གྱེན་ལ་འཕྱུར་པ། མཆེ་བ་གཙིགས་པ། བོང་ཐུབ? ་བ། པདྨ་དང་མ་ཧེ་ཥ་ལ་བཞུགས་པ་དང། སྟག་དང་འཛི་ནའི་པགས་པ་མནབས་པ། རི་དགས་ཀྱི་བདག་པོའི་གོས་བསྟོང་དུ་མནབས་པ། ཤིན་ཏུ་འཇིགས་པར་མཛད་པ། ཉིད་ཀྱི་སྐུའི་འོད་ཟེར་གྱིས་སྤྲུལ་པའི་ཁྲོ་བོ་ལྔ་འཕྲོ་བར ་མཛད་པ་དང། གདེངས་ཀ་ཅན་གྱི་རྒྱལ་པོ་རྒྱན་དུ་མཛད་པ། རྣམ་པར་མཛག་པའི་མིའི་མགོ་བོ་བརྒྱ་ཕྲག་ཕྱེད་ཀྱི་ཕྲེང་བས་བརྒྱན་པ་དང། ཕྱག་དྲུག་གི་གཡས་པའི་ཕྱག་རྣམས་ཀྱིས་ཐོ་བ་དང། འཁོར་ལོ་དང། རྡོ་རྗེ ་བསྣམས་པ་སྟེ། གཡོན་པའི་གསུམ་གྱིས་ནི་སྡིགས་མཛུབ་དང། ཞགས་པ་དང། དབྱུག་ཐོ་བསྣམས་པ་དང། ཞལ་དྲུག་གི་དང་པོ་ནི་གནམ་ཞལ་ཏེ། མཐིང་ནག་དང། དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོ་རྣམས་ནི་གཡས་པ་དང། ་ཅིག་ཤོས་དག་གི་ཞལ་གྱི་རིམ་པ་ཡིན་ལ། ཞལ་རྣམས་ཐམས་ཅད་ཀྱང་དམར་ཞིང་ཟླུམ་པའི་སྤྱན་གསུམ་པ་དང། ཞབས་དྲུག་ཀྱང་ཞབས་གཉིས་ནི་བརྐྱང་བསྐུམ་མོ། །གཉིས་ནི་རྣམ་པར་མཛེས་པའི་གར་རོ། །གཞན་གཉིས་ནི་སེམས་དཔའ་ཨི་སྐྱིལ ་བྲུང་མཛད་པ་སྟེ། འབར་བའི་ཉི་མའི་དབུས་ན་ལེགས་པར་བཞུགས་ནས་བགེགས་རྣཾས་ཀུད་ནས་འདུལ་བར་མཛད་པ་དང། ཐོད་པ་ཆུང་ངུ་བརྒྱད་ལས་ལེགས་པར་བསྡེབས་པའི་ཤིན་ཏུ་འཇིགས་སུ་རུང་བའི་མགོ་བོའི་ཕྲེང་བ་དང། དེའི་རྗེས་ཐོགས་ལ་ཥྐཾ་ཛྲོ་ཁཾ ་ཡཾ་སྐཾ་སཾ་གི་ས་བོན་རྣམས་ལས་ལེགས་པར་བྱུང་བའི་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། རྣམ་སེལ་དང། ཀུན་ཏུ་བཟང་པོ་ཞེས་བྱ་བ་རྣམས་མིག་གཉིས་དང། རྣ་བ་གཉིས་དང། སྣ་དང། ལྕེ ་དང། ནུ་མ་གཉིས་དང། ལྟེ་བ་ལ་བཀོད་དེ། འཁོར་ལོ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། མདའ་དང། རྡོ་རྗེ་རྣམས་ནི་གཡས་པའི་ཕྱག་གིས་བསྣམས་ཤིང། གཡོན་པའི་ཕྱག་གིས་ནི་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་ཅིང། དཀར ་པོ་དང། ནག་པོ་དང། སེར་པོ་དང། ལྗང་གུ་དང། སྐྱ་བོ་ཟླ་བ་ལ་བཞུགས་པ་དང། དེའི་རྗེས་ལ་མགོ་བོ་དང། མགུལ་བ་དང། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་སྐུ་དང། གསུང་དང། ཐུགས་གནས་པ་སྟེ། ཨོཾ་དང། ཨཱ(རྒྱུད་འགྲེལ་ལས་ལེགས་པར་བྱུང་བའི་ཁ་དོག་དཀར་པོ་དང་དམར་པོ་དང་ནག་པོའི་འཁོར་ལོ་དང། པདྨ་དང་རྡོ་རྗེ་རྣམས་གཡས་པས་བསྣམས་ནས་ཕྱག་གཡོན་པས་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་པར་བསྒོམ་བར་བྱ་བ་དང། དེ་ནས ་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་རོ་གཅིག་ཏུ་གྱུར་པར་རྣམ་པར་བསྒོམས་ཏེ། མི་བསྐྱོད་པ་ཅོད་པན་ལ་བཞུགས་པར་བདག་ཉིད་ཡུན་རིང་དུ་བསྒོམ་པར་བྱ་པའོ། །ངལ་བར་གྱུར?་ན་སྔགས་བཟླས་པར་བྱ་བའོ། །དེ་ལ ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བིགྷྣཾ་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། དང་པོར་རེ་ཞིག་བདེ་བའི་སྟན་ལ་ཉེ་བར་གནས་པའི་སྒྲུབ་པ་པོས་ཡི་གེ་ཨཱཾ་དམར་པོ་ལས་ངེས་གྲུབ་པའི་ཉི ་