| Wylie | e-texts based on the ACIP/ALL Input |
ཕཊ་སྭཱཧཱ། །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་སོ།། །། བྷ་ཡ་ལ་སོགས་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཀྲིཥྞ་ཨ་མཱ་རི་སཱ་དྷ་ན། བོད ་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། དཔའ་བོ་ཐོད་པའི་ཕྲེང་ལྡན་ཞིང། །ཀླུ་སོགས་ཀྱིས་བརྒྱན་བཞིན་སྒྱུར་བའི། །གཤིན་རྗེ་མཐར་མཛད་མགོན་བཏུད་ནས། །དེའི་སྒྲུབ་ཐབས་བྲི་བར་བྱ། །བདེ་བའི་སྟན་ལ་ལེགས ་གནས་ལ། །སྙིང་གི་ཉི་མར་ཧཱུཾ་གཟུགས་དགོད། །དེ་བྱུང་མཆོད་པའི་ཁྱད་པར་གྱིས། །རྗེ་བོ་གུས་པས་ཡང་དག་མཆོད། །མདུན་ཕྱོགས་སུ་ནི་སྡིག་ལ་སོགས། །བཤགས་པ་ལ་སོགས་དེ་ལ་བྱ། །དེ་ཉིད་དུ་ན་འཇིག་རྟེན་ཀུན། །རང་བཞིན ་མེད་པར་སྐད་ཅིག་ལྟ། །སྙིང་ས་བོན་སྐྱེད་ཕྱག་མཚན་ལས། །བཞེངས་པར་པདྨར་བརྐྱང་བསྐུམས་ཞབས། །ཁྲོ་གཉེར་སྡུད་པའི་འཇིགས། །?་ཞལ། །སྨིན་མ་སྨར་སེར་བ་གྱེན། །ཞལ་གསུམ་ལྗགས་ནི་འདྲིལ་བར་མཛད། །འཇིགས་པའི་མཆེ་བ་རྣམ་པར་གཙིགས ་སྤྱན་མིག་དམར་ཞིང་གསུས་པ་ཆེ། །མཐིང་ནག་གཞོན་ནུ་སྟུག་པོའི་འོད། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། །མགོ་བའི་རུས་པས་རྒྱན་པ་སྟེ། །བོང་ཐུང་སྟགས་ལྤགས་ཤམ་ཐབས་ཅན། །དྲེགས་པ་ཐམས་ཅད་འཇོམས་པར་མཛད། །ཉི་མ་འོད་ལྡན་བཟི? ་བརྗིད་ཆེ། །ས་འོག་མ་ལུས་རྣམས་ཀྱིས་མཆོད། །འབར་བས་འབར་བའི་ཕྲེང་གདུག་པ། །དུས་མཛའ་ཨི་མེ་དང་མཚུངས་པ་ཡིན། །རྡོ་རྗེ་རལ་གྲི་དབྱུག་གདུག་པའི། །ཆུ་དྲི་མདུང་དང་ཞགས་པ་རྣམས། །གཡས་དང་གཡོན་གྱི་ཕྱག་གིས་ནི། །རྣམ ་གསལ་སྣམས་ལ་ལྷ་རྫས་དྲུག། ཁྲོ་ལྡན་འཇིགས་པ་ཤིན་ཏུ་དྲག། གཤིན་རྗེ་གཤེད་པོ་བདུད་རྣམས་འཇོམས། །ཧཱུཾ་སྒྲས་མགྲིན་པ་གང་བར་ནི། །བསྒོམ་པར་བྱ་བའི་ང་རྒྱལ་དེས། །སྟོང་ཉིད་སྙིང་རྗེ་སྙིང་འོད་ཀྱིས། །མཁའ་ལ་སྤྱན་དྲངས ་གཤིན་རྗེ་གཤེད། །མདུན་ཡུལ་བཞུགས་ལ་ལེགས་མཆོད་དེ། །རང་རྣམས་གཅིག་ཏུ་བརྗོད་བྱ་བ། །ཛ:ཧཱུཾ་བཾ་ཧོ:ས་བོན་བཞིས། །ལེགས་པར་སྤྱན་དྲངས་རབ་གཞུག་དང། །བཅིང་དང་མཉེས་བྱ་བདག་ཉིད་ལ། །བསམ་གཏན་མཆོད་པས ་མཆོད་བྱ་བ། །ལེགས་སྟོད་དེ་ནས་སྔགས་བཟླས་པ། །དགེ་བ་ཡོངས་སུ་བསྔོ་བྱས་ཏེ། །ལྷའི་རྣལ་འབྱོར་གྱིས་ལངས་ལ། །གཅིག་ཏུ་སྙིང་རྗེའི་ཡིད་ཀྱིས་བརྒྱུ། །དེ་ལྟར་ན་མ་རེ་བྱས་པས། །དངོས་གྲུབ་ཐོབ་པའི་རྒྱུ་མཚན་ཅན། །བརྗོད་པའི་དངོས་གྲུབ་སྒྲུབ ་པར་བྱ། །ལས་མཆོག་ཁ་ཚོར་བ་ཡིས་ཀྱང། །ལས་དང་རྗེས་མཐུན་སྐུ་ཡིན་ཏེ། །ཤིན་ཏུ་རྒྱས་པ་འདིར་མ་བརྗོད། །དེ་ཡང་བླ་མའི་གདམ་ངག་ལས། །རྒྱུད་ལས་འདོད་པ་གྲུབ་པར་འགྱུར། །བརྩོན་པས་ཤེས་བྱ་བློ་ལྡན་གྱིས། །འཁོར་ལོ་དང ་གཞན་ཡང་ཀུན་འགྲོ། །གཏོར་མ་གཏང་བའི་སྦྱོར་བ་ཡིས། །ཐུན་བཞི་ལ་ནི་མཆོག་ཏུ་བྱ། །བཟླས་པའི་སྔགས་ནི། །ོཾ་ཧྲཱི:ཥྚཱི་བི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཕཊ་སྭཱཧཱ། བླ་མའི་བཞེད་པའི་ཆོ་ག་བཞིན་དུ་ལེགས་རྟོགས་ནས། ། ་སྒྲུབ་ཐབས་བདག་གིས་བཀོད་ལས་བྱུང་བའི་བསོད་ནམས་ཀྱིས། །མྱུར་དུ་མངོན་པར་འདོད་པའི་འབྲས་བུ་ཐོབ་བྱེད་པའི། །ས་ཡི་ཕུན་ཚོགས་ཐམས་ཅད་འཇིག་རྟེན་ལ་འདིར་ཤོག་།གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །། ་པཎྜི་ཏ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཡ་མཱནྟ་ཀ་སཱ་དྷ?་ནཾ། བོད་སྐད་དུ། གཤིན་རྗེ་མཐར་མཛད་ཀྱི་སྒྲུབ་ཐབས། །གཤིན་རྗེ་མཐར་མཛད་ལ་ཕྱག་འཚལ་ལོ། ། ་