CLOSE WINDOW

N2899: gshin rje gshed nag po'i sgrub thabs
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་ནག་པོའི་སྒྲུབ་ཐབས། དང་པོར་རེ་ཞིག་བདེ་བའི་སྟན་ལ་ཉེ་བར་གནས་པར་གྱུར་པའི་སྒྲུབ་པ་པོས་ཡི་གེ་ཨཾ་དམར་པོ་ལས་ངེས་པར་གྲུབ་པའི་ཉི་མའི་དཀྱིལ་འཁོར་རང་གི ་སྙིང་ལ་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ནག་རྣམ་པར་བཀོད་དེ། ཧཱུཾ་གི་འོད་ཟེར་གྱི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དམིགས་ལ། མེ་ཏོག་ལ་སོགས་པས ་ཡང་དག་པར་མཆོད་ཅིང་ཕྱག་ཀྱང་འཚལ་ལོ?། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྣམས་བྱས་ཏེ། སྟོང་པ་ཉིད་བསྒོམས་པར་བྱ་བས་ན། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རང་བཞིན་ནི་ང་ཡིན་ནོ་པར་རོ། །དེའི་རྗེས་ལ ་ཡི་གེ་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེས་མཚན་པའི་དབྱུག་ཐོ་སྔོན་པོ་ཡི་གེ་ཧཱུཾ་ལེགས་པར་གནས་པ་རྣམ་པར་བསྒོམ་པར་བྱས་ལ། ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བ་ཅན་གྱི་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བརྐྱང་བསྐུམ་གྱི་ཞབས་ཀྱིས་གནས་པའི་གཤིན་རྗེ་གཤེད་དུ་བདག་ཉིད་བསམ་པར་བྱ་སྟེ། ཞལ་གཅིག་ཕྱག་གཉིས ་པ། སྐུ་མདོག་མཐིང་ནག་ཕྱག་གཡས་པས་རྡོ་རྗེ་མཚན་པའི་དབྱུག་ཐོ་སྔོན་པོ་ཕྱར་ནས་བསྣམས་པ། ཕྱག་གཡོན་པས་ནི་སྡིགས་མཛུབ་དང་ཞགས་པ་ཐུགས་ཀར་རོ། །དེ་ལྟ་བུར་གྱུར་པའི་གཤིན་རྗེ་གཤེད་སྦྲོ་བ་དང་བསྡུ་བའི ་གཟུགས་ཀྱིས་པདྨ་འདབ་མ་སྣ་ཚོགས་པའི་སྟེང་ན་ཉི་མ་ལ་བཞུགས་མ་ཧེ་ཥ་ལ་བཅིབས་པ་བསྒོམ་པར་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཧཱུཾ་གིས ་བྱིན་གྱིས་བརླབས་པའི་དབྱུག་ཐོ་སྔོན་པོ་སྟེ། ཡི་གེ་ཧཱུཾ་ལས་ཀུན་ནས་བྱུང་བའི་འོད་ཟེར་གྱིས་སྐྱེ་དགུ་རྣམས་ཀུན་ཏུ་སྣང་བར་བྱས་ནས་སླར་ཡང་དེ་ཉིད་ལ་ལེགས་པར་གཞུག་གོ། རིམ་པ་དེ་ལྟ་བུ་དག་གིས་ཇི་སྲིད་འདོད་ཀྱི་བར་དུ་སྤྲོ་བ་དང ་བསྡུ་བར་ཡང་བྱ་བའོ། །དམ་ཚིག་ལ་སོགས་པ་ཆོ་ག་བཞིན་དུ་བྱས་པ་སྔོན་དུ་འགྲོ་བས་ཐུན་ཚོད་གཉིས་སེམ་གསུམ་མམ་བཞིར་དེ་ལྟར་བསྒོམ་པར་བྱ་བའོ། །ོཾ་ཧྲཱི:ཥྚར(རྒྱུད་འགྲེལ་བཟླ་བར་བྱ་བའོ། །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་སོ།། །། བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཀྲིརྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། ་