| Wylie | e-texts based on the ACIP/ALL Input |
བྱ་བ་ཡིན་ནོ། །དེ་ནས་ནི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་མཐིལ་རྡོ་རྗེ་བཅིངས་ལ་སོར་མོ་རྣམས་འབར་བའི་སྙིང་པོར་དབུས་སུ་མཐེ་བོང་གཉིས་མཐོར་བྱས་ཏེ། སྔགས་བཟླས་པར་བྱ་བའོ། །ོཾ་བཛྲ་ཛཝ་ལཱ་ནཱ་ལཱར་ཀ་ཧཱུཾ་བྱ་བའོ། །རྡོ་རྗེ ་འབར་བའི་སྒྲུབ་ཐབས་རྫོགས་སོ།། །།ོཾ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པ་ར་མཱ་ཤྭ་སཱ་དྷ་ནཾ། བོད་སྐད་དུ། རྟ་མཆོག་གི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་ཉི་མ་དང་ཡི་གེ་ཧཱུཾ ་མཐིང་ནག་ལས་བྱུང་བའི་རྟ་མཆོག་དམར་པོ་ཞལ་བཞི་ཕྱག་བརྒྱད་པ། ཞབས་བཞི་པ་སྟེ། ཞལ་དང་པོ་ནི་ཁྲོ་བའི་སྒེག་བག་དང་ལྡན་པའི་སྤྱན་གསུམ་པའོ། །གཡས་པ་ནི་དྲག་རྐན་དང་ལྡན་པའོ?། །གཡོན་པ་ནི་ཚངས་པའི་ཞལ་ལོ། །སྤྱི་བོ་ན་ནི ་འགྱིང་བག་དང་ལྡན་ཞིང་སོ་ཚིགས་ཀྱི་མ་སྐོ་བསྡམས་པའི་རྟའི་ཞལ་ལྗང་ཁུའོ། །གཡས་པའི་ཕྱག་གཅིག་གིས་ནི་སྣ་ཚོགས་རྡོ་རྗེ་དང་བཅས་པས་བ་དན་ལྕེ་གསུམ་པ་བསྣམས་ནས་བསླད་བའི་སྟང་སྟབས་མཛད་པའོ། །གཡོན་པའི ་ཕྱག་བསྙལ་པ་གཅིག་གིས་ནི་སྣ་ཚོགས་པདྨ་བསྣམས་པར་མཛད་པའོ། །ཡང་གཡས་པས་བ་ངན་ལྕེ་གསུམ་པའི་རྣམ་པར་བསླང་པའི་སྟང་སྟབS་མཛད་པའོ། །ཡང་ཕྱག་གཡོན་པས་འཁོར་ལོ་བསྣམས་པའོ། །ཡང་ཕྱག་གཡས་པ ་གཉིས་ཀྱིས་ནི་རལ་གྲི་དང་མངའ་ཨོ། །གཡོན་པའི་ཕྱག་ལྷག་མ་གཉིས་ཀྱིས་ནི་དབྱུག་ཐོ་དང་གཞུ་བསྣམས་པའོ། །ཞབས་གཡས་པ་བརྐྱང་བསྐུམ་དུ་མཛད་པ་ཅིག་གིས་ནི་དབང་མོ་དང་དཔལ་མོ་མནན་ནས་གནས་པའོ། །གཡས་ཀྱི ་ཞབས་གཉིས་པས་ནི་དགའ་མ་དང་སྡུགས་མའོ། །གཡོན་པའི་ཞབས་དང་པོ་གཅིག་གིས་ནི་དབང་པོ་དང་མངར་བྱེད་ཀྱང་ངོ། །གཡོན་པའི་ཞབས་གཉིས་པས་ནི་རྒྱ་ལ་བྱེད་དང་གནས་ལྡན་ཡང་ངོ། །དེ་ལྟར་བདག་ཉིད་བསྒོམ་པར་བྱ་བ ་ཡིན་ནོ་།ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེ་དང། བ་དན་ལྕེའུ་གསུམ་པ་སློང་བ་ནི་རྟ་མཆོག་གི་ཕྱག་རྒྱའོ། །སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཞེས་བྱ་བའོ། །རྟ་མཆོག་གི་སྒྲུབ་ཐབས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱརྱ་ར་ཀ་ཏ་ཡ་མཱ་རེ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གཤིན་རྗེ་དམར་པོའི་སྒྲུབ་ཐབས། གཤིན་རྗེའི་མགོར་བཞུགས་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་བདེ་བའི་སྟན་ལ ་ཉེ་བར་གནས་ཏེ། སྒྲུབ་པ་པོས་རང་གི་སྙིང་གར་ཡི་གེ་ཨ་དམར་པོ་ལས་ངེས་པར་གྲུབ་པའི་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་དམར་པོ་རྣམ་པར་དགོད་པས་གཤིན་རྗེ་གཤེད་དམར་པོ་དང། བླ་མ་དང ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དམིགས་ལ། མེ་ཏོག་ལ་སོགས་པས་ལེགས་པར་མཆོད་ཅིང་ཕྱག་ཀྱང་འཚལ་ཞིང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ལ་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས ་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་པར་རོ། །དེའི་རྗེས་ལ་ཡི་གེ་ཨོཾ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ། །དེ་ཡོངས་སུ་གྱུར་པ་ལས་འཛག་པ་དང་ལྡན་པའི་མགོ་བོས་མཚན་པའི་དབྱུག་ཐོ་དཀར་པོ ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་རྣམ་པར་བསྒོམ་པར་བྱ་བའོ། །དེ་དག་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལ་བདག་ཉིད་གཤིན་རྗེ་གཤེད་དུ་རྣམ་པར་བསམ་པར་བྱ་སྟེ། སྐུ་མདོག་དམར་གཡས་བསྐུམས་པའི་ཞབས་ཀྱི་གནས་པ། ་ཞལ་གཅིག་པ། ཕྱག་གཉིས་པའོ། །ཕྱག་གཡོན་པ་ན་ཁྲག་གིས་ཡོངས་སུ་གང་བར་གྱུར་པའི་ཐོང་པ་སྟེ། ཕྱག་གཡས་པས་ནི་མགོ་བས་མཚན་པའི་དབྱུག་ཐོ་བསྣམས་པའོ། །སྦྲུལ་གྱིས་རྒྱན་གྱིས་བརྒྱན་པ། འཇིགས་སུ་རུང ་