CLOSE WINDOW

N2895: khams gsum rnam par rgyal ba'i sgrub thabs
Wyliee-texts based on the ACIP/ALL Input

སྟེ། ཞལ་སོ་སོ་ཞིང་སྤྱན་གསུམ་པའོ། །སྤྲུལ་གྱི་རྒྱན་དང་ལྡན་པ། ཞབས་བརྐྱང་བསྐུམས་གྱིས་བཞུགས་པ། ཁྲོ་བོའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་པ། ཞལ་དང་པོ་ནི་མཛུམ་པ་དང་ལྡན་པའོ། །ཞལ་གཡས་པ་ནི ་ལྗགས་འདྲིལ་བར་མཛད་པའོ། །ཞལ་གཡོན་པ་ནི་མཆེ་བས་སོམ་ཚིགས་མཛད་པའོ། །སྟག་གི་པགས་པའི་ཤམ་ཐབས་མནབས་པ། གཡས་པའི་ཕྱག་བཞིན་རྡོ་རྗེ་དང། དབྱུག་ཐོ་དང། བ་དན་རྩེ་གསུམ་པའི་ཕྱག་རྒྱ་དང། མངའ་གདེངས ་པའོ། །གཡོན་པའི་ཕྱག་བཞི་ནི་སྡིགས་མཛུབ་དང་ཉིད་ཀྱི་དགུ་བརྟེན་པ་དང། པདྨ་དང་གཞུ་སྐོར་བའོ། །མི་བསྐྱོད་པ་ཅོད་པན་ལ་བསྒོམ་པར་བྱ་བ་སྟེ། རྟ་མཆོག་གི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །བཟླས་པའི་སྔགས་ནི་ཨོཾ་ཧཾ་ཧ ་ཡ་གྷྲི?་བ་སྭཱཧཱ། རྟ་མགྲིན་གྱི་སྒྲུབ་ཐབས།། །། བྷ་ཡ?་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་བི་ཛ་ཡ་སྭཱ་དྷ་ནཾ། བོད་སྐད་དུ། ཁམས་གསུམ་རྣམ་པར་རྒྱལ ་བའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཉི་མ་ལ་ཡི་གེ་ཧཱུཾ་མཐིང་ནག་ལས་བྱུང་བའི་རྗེ་བཙུན་ཁམས་གསུམ་རྣཾ་པར་རྒྱལ་བ་སྟེ། སྐུ་མདོག་མཐིང་ནག་ཞལ་བཞི་པ། ཕྱག་བརྒྱད་པའོ། །ཞལ་དང་པོ་ཁྲོ་བོ་སྒེག་པ་དང་ལྡན་པའོ། །གཡས ་པ་ནི་དྲག་རྐན་དང་ལྡན་པའོ། །གཡོན་པ་ནི་ཤིན་ཏུ་འཇིགས་སུ་རུང་བའོ། །རྒྱབ་མ་ནི་དཔའ་བོའི་ཉམས་དང་ལྡན་པའོ། །རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་ནི་ཐུགས་ཀར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཛིན་པའོ། །གཡས་པའི་ཕྱག ་གསུམ་གྱིས་ནི་རལ་གྲི་དང་ལྕགས་ཀྱུ་དང་མདའ་སྣམས་པའོ། །གཡོན་པའི་ཕྱག་གསུམ་གྱིས་ནི་གཞུ་དང། ཞགས་པ་དང། རྡོ་རྗེ་བསྣམས་པའོ། །ཞབས་གཡོན་པ་བརྐྱང་བསྐུམ་གྱིས་དབང་ཕྱུག་ཆེན་པོའི་མགོ་བོ་མནན་པ། ་ཞབས་གཡས་པས་གཽ་རཱི་ནུ་མ་གཉིས་ཀུན་ནས་མནན་པ། སངས་རྒྱས་ཀྱི་ཕྲེང་བ་དང་ཕྲེང་བ་ལ་སོགས་པ་རྣམ་པར་བཀྲ་བའི་ན་བཟའ་དང་རྒྱན་དང་ལྡན་པར་བདག་ཉིད་རྣམ་ཐར་བསམས་ལ་ཕྱག་རྒྱ་བཅིང་པར་བྱ་སྟེ། དེ་ལ་ཁུ་ཚུར་གཉིས་ཀྱི་རྒྱབ ་སྦྱར་ལ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པར་སྦྱར་བར་བྱས་པ་འདིའོ། །སྔགས་ནི་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲིཧྣཱ་གྲིཧྣཱ་ཧཱུཾ། གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུཾ། ཨཱ་ན་ཧོ་བྷ་ག་བཱན་བདྱ་རཱ་ཛ་ཧཱུཾ་ཕཊ། ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས་སོ།། །། ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་ཛཝཱི?་ལཱ་ན་ལཱརྐ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་མེ་འབར་བའི་གཟི་བརྗིད་ཀྱི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་ལ་ཉི ་མ་ལ་ཡི་གེ་ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མེ་འབར་པའི་གཟི་བརྗིད་སྐུ་མདོག་མཐིང་ནག། འབར་བའི་ཕྲེང་བས་ཀུན་ནས་དཀྲིགས་པའི་འོད་ཟེར་ཅན། ཞལ་བཞི་པ་ཕྱག་བརྒྱད་པ་སྟེ། སྒེག་པ་དང། དཔའ་བ་དང། འཇིགས་སུ་རུང་བ ་དང། ཐུགས་རྗེའི་རོ་དང་ལྡན་པའི་ཞལ་བཞིའོ། །གཡས་པའི་ཕྱག་བཞིན་ནི་རྡོ་རྗེ་དང་རལ་གྲི་འཁོར་ལོ་དང་མངའ་བསྣམས་པའོ། །གཡོན་པའི་ཕྱག་བཞིན་ནི་དྲིལ་བུ་དང། གཞུ་དང། ཞགས་པ་དང། ཁ་ཊཝཱཾ་ག་དང། བསྒྲིལ་ནས་རྣམ་པར ་དཀྲ་བའི་བ་དན་བསྣམས་པའོ། །དབུ་སྐྲ་སེར་པོའི་ཐོར་ཚུགས་ཀྱི་མེ་དཔུང་འབར་གྱུར་པ། ཤིན་ཏུ་འཇིགས་ཆེན་པོ་དང་ལྡན་པར་གྱུར་པའི་དཔུང་རྒྱན་དང། ལག་གདུབ་དང་།སྨད་སྐ་དང། དོ་ཤལ་དང། རྐང་གདུབ་དང། མགུལ་རྒྱན་དང། རྣ ་གདུབ་དང། དབུ་རྒྱན་རྣམས་ཀྱིས་བརྒྱན་པ། སྒྱུ་མ་ཆེན་པོ་དང་འཁོར་ལོ་མ་དང། ར་ཙ་ན་དང། ཙ་ཏུ་རཾ་ཁྱིམ་ཐབ་དང། བཅས་པའི་ཁྱབ་འཇུག་གཡོན་བསྐུམས་པའི་ཞབས་ཀྱིས་མནན་ནས་ལེགས་པར་གནས་པར་བསྒོམས་པར ་