| Wylie | e-texts based on the ACIP/ALL Input |
བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དབང་ཛམྦྷ་ལའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྙིང་ཁའི་ཟླ་བའི་དབུས་སུ་ས་བོན ་གསུམ་པ། ཁ་དོག་སེར་པོ་སྟོང་པའི་ལྟས་མནན་པར་གྱུར་པ་ཟླ་བ་ཚེས་པས་མགོ་བོ་བརྒྱན་པའོ། །དེ་དག་ཉིད་ལས་གྲུབ་པའི་ཛམྦྷ་ལ་སྐུ་མདོག་སེར་པོ་ཕྱག་གཉིས་པ། ཕྱག་གཡས་པས་ས་བོན་གྱི་སྙིང་པོ་སྟེ། ཕྱག་གཡོན་པས་རིན་པོ་ཆེའི ་ཆར་རབ་ཏུ་འབེབས་པར་གྱུར་པའི་ནེའུ་ལེ་བསྣམས་པ། དབུ་རྒྱན་ལ་སངས་རྒྱས་ལྔ་དང་ལྡན་པ། ཞབས་གཉིས་ཀྱིས་དུང་གི་ཁ་རྒྱན་དང། པདྨའི་ཁ་རྒྱན་དང་ལྡན་པའི་གཏེར་ཆེན་པོ་ཀུན་ནས་མནན་པ། ཨུད་པ་ལ་སྔོན་པོའི ་ཕྲེང་བས་བརྒྱན་པ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པར་གྱུར་པའི་ཛམྦྷ་ལའི་སྐུར་བདག་ཉིད་བསྒོམ་པར་བྱ་བའོ། །རིན་པོ་ཆེ་སྣ་ཚོགས་ལ་སོགས་པའི་ཆར་རབ་ཏུ་འབེབས་པར་བྱེད་པས་རང་གི་ཁྱིམ་དུ་ཡང་ལེགས ་པར་འཇུག་པར་བདག་ཉིད་ཀྱིས་བསམ་པར་བྱ་བའོ། །དེ་ནས་ནི་ཕྱག་རྒྱ་བཅིངས་པར་བྱ་སྟེ། ལག་པ་གཉིས་ཀྱིས་ཁུ་ཚུར་བཅངས་ལ་གུང་མོའི་ཚིགS་གསུམ་པ་དགུགས་པར་བྱ་པའོ། །འདི་ནི་ཛམྦྷ་ལའི་ཕྱག་རྒྱའོ། །ོཾ་ཛམྦྷ་ལ་ཛ་ལེན ་དྲཱ་ཡ་སྭཱཧཱ། སྔགས་འདིས་རྗེ་བཙུན་ལ་ཆུ་ཁྱེར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱ་བའོ། །ཕྱི་ནས་ནི་མཆོད་པ་བྱས་ལ་སྔགས་བཟླས་པར་བྱ་བའོ། །དེ་ནས་ནི་གྲུབ་ནས་ནི་ནོར་གྱི་བདག་པོ་ཆེན་པོར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དཔལ་ཛམྦྷ་ལའི ་སྒྲུབ་ཐབས་མདོར་བསྡུས་པའོ། །དཱ་ཆེན་པོ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སཾ་ཥྐི་པ་ཏ་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། མདོར་བསྡུས་པའི་ཛམྦྷ་ལའི་སྒྲུབ་ཐབས། སྔར ་