CLOSE WINDOW

N2883: dzam+bha la tshon po'i sgrub thabs
Wyliee-texts based on the ACIP/ALL Input

རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨུཙྪུཥྨི?་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛམྦྷ་ལ་ཚོན་པོའི་སྒྲུབ་ཐབས། དཔལ་དང་ལྡན་པའི་ཛམྦྷ་ལ་ཆེན་པོ་ལ་ཕྱག་འཚལ་ལོ། །མིག་གསུམ་རྩ་ལགས་གི་ནི་སྤྱི་གཙུག་བརྒྱན་པ་ཡིན? ་ནོར་བུམ?་ཞབས་དག་ལ་ནི་གཏུགས་བ་གང་ཡིན་པ། །ཕུན་ཚོགས་ཕལ་ཆེན་དང་ལྡན་མཆོག་གྱུར་ཐུབ་དབང་སྲས། །ལྷ་དེ་ཐུབ་པ་གཞོན་ནུར་གྱུར་པ་དེ་ཉིད་ཡིན་ཏེ། བླ་མེད་ཡོན་ཏན་གཉིས་མེད་པའི། །རིན་ཆེན་ཆར་འབེབས་འདྲན་པ་པོ། །ཉིད་ཀྱི་ཕུན ་ཚོགས་སྐྱེ་དབུ་ལ། །མྱུར་འབྱུང་འདི་ནི་བརྟེན་བྱ་ཡིན། །དེ་ལ་རེ་ཤིག་བདག་གིས་དཔལ་ཛམྦྷ་ལ་མཉེས་པར་བྱས་ལ་ས་དང་མངོན་པར་རྟོགས་པའི་རིམ་པས་དེའི་བདག་ཉིད་དུ་གྱུར་ཏེ། སྐྱེ་དགུ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུཾ ་ཚོགས་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བའི་བསམ་པ་དང་ལྡན་པས། སྙིང་གི་ནང་ནི་བུག་པར་དང་བར་འགྱུར་ཞིང་འོད་ཟེར་འཕྲོ་བ་དང་ལྡན་པའི་ཡི་གེ་ཨ་ཀླད་ཀོར་མེད་པ་སྟེ་དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ནི་ཡི་གེ་ཧཱུཾ་མགོ ་གྱེན་ལ་སྟན་བ་སྟེ། ཕྱི་རོལ་གྱི་ཉེ་འཁོར་ན་ཅུང་ཟད་སེར་བའི་འོད་ཟེར་གྱི་ཚོགས་འཕྲོ་བར་གྱུར་པའོ། །དེས་བསྐྱེད་པ་ནི་རྡོ་རྗེ་སྟེ་དབུས་ཀྱི་རྩེ་མོ་ལ་འབྲེལ་པའི་རྩེ་དགུ་པ་སྟེང་དང་འོག་གཅིག་ཏུ་བྱས་པས་གསུངས་རབ་ཡན་ལག་དགུ་རྣམ་པར་དག་པའོ། །ཁ ་དོག་ནི་ཡི་གེ་ཧཱུཾ་བཞིན་དུ་བྱ་སྟེ། ལྟ་བའི་ནང་དུ་ཆུང་པའི་ཟླ་བ་ལ་གནས་པར་དེ་དང་འདྲ་བའི་ཧཱུཾ་དང་ལྡན་པ་བསྒོམ་བར་བྱ་བའོ། །དེ་ནས་ཡི་གེ་ཧཱུཾ་དང་རྡོ་རྗེ་དག་ལས་འོད་ཟེར་སྤྲོས་པར་གྱུར་པས་ཨོཾ་ཨཱ(རྒྱུད་འགྲེལ་གྱི་ཕྱོགས་བཅུར་སེམས་ཅན་གྱི་དོན་མཛད་པའི་ཛམྦྷ་ལའི་སྐུ་མཛའ་ཡས་བ་མར་མེ་གཅིག་ནས་གཅིག་ཏུ་མཆེད་པའི་ཚུལ་གྱིས་སྤྱན་དྲངས་ལ། མདུན་དུ་དེའི་སྐུ་གཅིག་ཏུ་རྣམ་བར་བསྒོམ་པར་བྱ་བའོ། །འོད་ཟེར་གྱི་ཉེ་བར་མཁོ་བའི་མཆེད་བ་རྣམ་བ་ལྔ་དང། ་སྡིགས་པ་དང། ཇི་སྲིད་དུ་བཏང་སྙོམས་ཀྱི་བར་དུའོ། །དེའི་རྗེས་ཐོགས་ལ་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་མཛའ་དག་ལུས་ཀྱི་ནང་དུ་བསྟིམས་ལ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ན་སྟོང་བ་ཉིད་ཀྱི་རང་བཞིན་དུ་གྱུར་བ་ཟླ་བ་དང་རྡོ་རྗེ་དང་ས་བོན་དང ་འོད་ཟེར་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་ལོ་ལྔ་ལོན་པའི་གཞོན་ནུའི་རྣམ་པ་བོང་ཐུང་བ། །སྣ་ཚོགས་བད་མ་ལ་གནས་པའི་ཟླ་བའི་སྟེང་ན་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཅིང། རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ཁ་ནས་རིན་པོ་ཆེ་སྒྱུག?་པ། ལུས་ཀྱི་མདོག་སེར་པོ་ཕྱིS ་སྐན?་ལ་ཉལ་བའི་ནོར་སྦྱིན་གྱི་དཔྲལ་བར་ནི་ཞབས་གཡས་བས་སོ། །རྐང་པ་གཉིས་གཡོན་པས་མནོན་པར་མཛད་པ། ཞབས་གཡས་པ་བསྐུམ་པས་གྱེན་དུ་འགྱོགས་པ་གཅེར་བུ་རྟགས་གྱེན་ལ་ལངས་པ་གསུམ་པ་འཇོལ་བ། ཁྲག་གིས་གང་བའི ་ཐོད་པ་ཕྱག་གཡས་བས་ཐུགས་ཀར་བསྣམས་པ་ལ་ཞལ་མངོན་དུ་ཕྱོགས་ནས་གཟིགས་པ། ཁ་འོག་ཏུ་བརྟན་ནས་རིན་པོ་ཆེའི་ཚོགས་སྐྱུག་པར་གྱུར་པའི་ནེའུ་ལེ་བརླ་གཡོན་པ་ལ་ལེགས་པ་འཁྲིལ་བར་ཕྱག་གཡོན་པས་བསྣམས་པ། ནང ་ཆེ་བའི་རྣ་བ་མ་ཕུག་པ་ཟླ་ཚེས་པ་ལྟ་བུའི་ཞལ་མཆེ་བ་རྣམ་པར་གཙིགས་པ། སྤྱན་གཉིས་དམར་ཞིང་ཟླུམ་པ། ཁྲོ་གཉེར་དང་ལྡན་པ། དཔྲལ་བར་ཐོད་ལེབ་མས་བཅིངས་པའི་དབུ་སྐྲ་ཁམ་སེར་གྱེན་དུ་འཕྱུར་བ། ས་གནོན་གྱི་ཕྱག་རྒྱ་དང ་ལྡན་བའི་ཐུབ་པ་མི་བསྐྱོད་པ་མཐིང་ནག་གིས་དབུ་ལ་རྒྱས་བཏབ་པ། ཏ་མཱ་ལ་སྔོན་པོ་དང་དགའ་བོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་བའི་གདུབ་ཀོར་དུ་བྱས་པ། པདྨ་དཀར་པོ་དང་པདྨ་ཆེན་བོས་དོ་ཤལ་དུ་བྱས་པ། དུར་བ་ལྗང ་ཁུ་དང་ཀར་ཀོ་ཊ་ཀ་ཚངས་པའི་དག་བྱེད་དུ་བྱས་པ། ནོར་རྒྱས་དཀར་བོས་སྨད་སྐར་བྱས་པ། འཁྱིལ་པ་ལེགས་པ་དང་པདྨས་རྐང་རྒྱན་དུ་བྱས་བ། དུང་སྐྱོང་སེར་པོས་ལག་གདུབ་དུ་བྱས་པ། དུང་མདོག་ཀར་བུར་དང་རིགས་ལྡན་གྱིས་དབུ་རྒྱན ་དུ་བྱས་པ། ཁ་དོག་མཐིང་ནག་ལ་ཕྱི་རོལ་གྱི་ཉེ་འཁོར་ཅུང་ཟད་སེར་བའི་འོད་ཟེར་སེར་པོའི་ཚོགས་རྣམས་སྤྲོ་བར་བྱེད་པར་བསྒོམ་ལ། དཔྲལ་བ་དང། ཁ་དང། དཔུང་པ་གཡས་པ་དང། གཡོན་པ་དང། སྙིང་ཁ་དང། རྡོ་རྗེའི་སྟེང་དང། བརླ་ ་གཡས་བ་དང། གཡོན་པ་དང། རྐང་པ་གཡས་གཡོན་རྣམས་ཀྱི་ནང་གི་སྦུབས་ན་གནས་པའི་ཟླ་བ་ཚེས་པ་དཀྱིལ་འཁོར་རྣམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ་ཞེས་བྱ་བའི་ཡི་གེ་སེར་པོ་འོད་སེར་པོ་དང་ལྡན་པ་བལྟ་བར་བྱ་བའོ། །དེའི་རྗེས་ལ་སྣ་བུག་གི་རླུང ་ཕྱིར་འབྱུང་བའི་དུས་སུ་ཨོཾ་ལ་སོགས་པ་རྣམས་ཀྱི་འོད་ཟེར་དང་སྙིང་ཁའི་རྡོ་རྗེ་དང་ཧཱུཾ་གི་འོད་ཟེར་གྱིས་ཀྱང་ཕྱོགས་རྣམས་སུ་སྤྲོས་པས་རེག་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱིས་སྐུར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་བྱུང་བའི ་དབུགS་འཇུག་དུས་སུ་ཡི་གེ་ཧཱུཾ་ལ་ལེགས་པར་བཅུག་ལ། སེམས་གནས་བར་བྱ་བའི་དོན་དུ་གནན་པར་བྱ་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱང་ཀླུ་དང་ནེའུ་ལེ་དང་ནོར་སྦྱིན་རྣམས་ཀྱི་ཁང་ལེགས ་པར་གཞུག་པར་བྱ་བའོ།། ཡང་རླུང་ཕྱིར་རྒྱུ་བ་ན་ནི་ཀླུ་ལ་སོགས་པ་རྣམས་ཀྱི་མིན་པའི་རིན་པོ་ཆེ་རྣམས་མདུན་གྱི་གཡོན་དུ་བསྒོམ་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་ཀུན་ཏུ་སྤྲོ་བ་དང་ལེགས་པར་བསྡུ་བ་ལ་སོགས་པ་ཡང་བྱའོ། །སྐྱོན་དེའི་རྗེས་ལན ་མོ་རང་ན་ཏྲ་ཡཱ་ཡ། ན་མོ་གཱ?་ཎཱི?་བྷ་དྲཱ་ཡ་མཧཱ་ཡཀྵ་སེ་ན་བ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱཧཱ་ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་སྟེ། བཀོད་པའི་ཡི་གེ་བཅུའི་སྔགས་ཀྱང་རུང་ངོ། །ཆུ་སྦྱིན་པའི་དུས་སུ་ནི་ལག་པ་གཡས་པའི་ཁ་བཀན་པའི ་དབུས་སུ་ཡི་གེ་བགྱིས་ལག་པ་བུམ་པ་བཟང་པོ་བཞིན་དུ་བྱས་ཤིང། ལག་འབུམ་དུ་ནི་ཡི་གེ་ཨོཾ་གྱི་འོད་ཀྱིས་ལག་གདུབ་ཀྱི་རྣམ་པ་དང་ལྡན་པར་ཏེ། བཾ་གི་དབུས་སུ་ནི་ཛཾ་ངོ། །མཛུབ་གུ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོང ་རྣམས?་གྱི་རྩེ་མོ་ལ་ནི་ཛམྦུ?་ལ་ཛ་ལེན་དྲའི་ཡི་གེ་རྣམས་རིམ་པ་བཞིན་ནོ། །ོཾ་དང་བཾ་གཉིས་ཀྱི་བར་དུ་ནི་ཡའོ། །ཡི་གེ་ཡའི་གཡས་དང་གཡོན་གྱི་བློ་གཉིས་ལ་ནི་ཡི་གེ་སྭཱ་དང་ཧའོ། །ཡི་གེ་ལ་སོགས་པ་དེ་དག་རྣམས་ནི་རང་རང་གི་གནས་ཀྱི་སྦུབས་ ་ན་ཟླ་བ་ལ་གནས་པ་སྟེ། ཁ་དོག་སེར་པོ་དང་འོད་སེར་པོ་ཅན་དུ་བསྒོམས་ལ། ཆུ་དང་བཅས་པ་མེ་ཏོག་གི་སྙིང་པོ་ཅན་གྱི་ཁ་དང་ཐག་ཉེ་བར་བྱས་ཏེ། ཨོཾ་ཨིནྡྲ་ནི་མུ་ཁ་བྷྲ་མ་རི་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་བདུན་དུ་མངོན་པར ་བསྔག་གོ། དེའི་རྗེས་ཐོག་ལ་ལག་པ་བརྐྱང་བས་སྦྱིན་པར་གྱུར་པ་ན་ཆུ་རང་གི་ཁ་ནས་ཞུགས་པར་གྱུར་ཏེ། ཡི་གེ་ཛཱཾ་གི་འོད་ཟེར་དང་སྙིང་ཁ་ན་གནས་པའི་ཛཱ་དང་རྡོ་རྗེ་དང་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་ཀྱང་བྱས་པས་ཁ་དོག་སེར་པོའི་ཁ་ནས་ངེས་པར་བྱུང ་སྟེ། ལག་པ་ནས་བབ་པས་སྐད་ཅིག་གིས་མདུན་དུ་བསྒོམས་པ་མདུན་གྱིས་ཕྱོགས་པ་དེའི་འམ། བཅོམ་ལྡན་འདས་འདིའི་སྐུ་གཟུགས་ཀྱང་རུང་སྟེ། ཞལ་གྱི་སྒོར་ཨོཾ་ཛལུཾ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱི་ལན་བརྒྱ་རྩ་བརྒྱད་དང། ན་མོ་རད་ན་ཏྲ་ཡཱ ་ཡ་ཞེས་བྱ་བ་ལ་སོགས་པས་ཀྱང་ལན་བདུན་དུ་སྦྱིན་པར་བྱའོ། །ཡང་ན་མོ་རད་ན་ཞེས་བྱ་བ་ལ་སོགས་པ་ལན་གཅིག་བརྗོད་པས་བུ་རམ་དང་བསྲེས་པའི་སྐྱ་ཁུར་རམ་འབྲུ་ལ་སོགས་པའི་གཏོར་མ་བཅོམ་ལྡན་འདས་ལ་དབུལ་བར་བྱ་བའོ། །དེ ་དག་དེ་ལྟར་ནུས་པ་ཇི་ལྟ་བ་བཞིན་དུ་ཐུན་སུམ་མམ་ཐུན་གཅིག་ལ་རྗེས་སུ་བསྒྲུབ་པར་བྱ་ཞིབ། བསྟོད་པ་དང་སྨོན་ལམ་ཡང་གདབ་པར་བྱ་པའོ། །དེའི་རྗེས་ལ་བསྒོམས་པའི་བཅོམ་ལྡན་འདས་ཨོཾ་བཛྲ་མུ:ཞེས་བྱ་བས་གཤེགས་སུ་གསོལ་ལོ། །གཞན ་ཡང་སྨིན་དྲུག་དང་སྟ་དང་ས་ག་དང་ཆུ་སྟོད་རྣམས་སམ། ཉ་གཞན་ཡང་གང་ཡང་རུང་བ་འམ། དགེ་བའི་ཉི་མ་ལ་གཞན་དག་ལ་ཡང་རུང་སྟེ། རྡོ་བ་རངས་པ་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་པར་བྱ་ཞིང་ལེགས་པར་ཡང་མཆོད་ལ།? ་བཟོ་པོ་སྙེན་གནས་བླངས་པར་གྱུར་པས་ཉི་མ་གཅིག་ཉིད་ལ་སྐུ་བཞེངས་སུ་གསོལ་བར་བྱ་སྟེ། དཔའ་བོ་ཉོ་བ་ནི་མ་ཡིན་བས་སོ་བྱས་ལ་ཡང་བདག་ཉིད་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་རིམས་པ་ཇི་ལྟ་བ་བཞིན་དུ་ཡི་གེ་འགོད་པ་དང་བཅས་པ་རྣམ་པར ་བསྒོམས་ལ། ཆུ་སྦྱིན་པ་ལ་སོགས་པས་མཉེས་པར་བྱ་བའོ་ཞེས་བྱ་བ་ནི་གདམས་ངག་གོ། དེའི་ཚེ་ན་ནི་གཤེགས་སུ་གསོལ་བར་མི་བྱ་སྟེ། སྐུ་གཟུགས་ཀྱི་སྐུའི་བཅོམ་ལྡན་འདས་ནི་གང་གི་ཕྱིར་རྟག་ཏུ་གནས་པ་ཡིན་པས་བསྙེན་བཀུར་བར་བྱ་བ་ཡིན་ནོ། །ཞེས ་བྱ་བའོ། །པཎྜི་ཏ་ཨོཾ་བྷ་ཡ་ཀ་ར་གུ་པ་ཏས་མཛེས་པར་སྦྱར་བའི་ཛམྦྷ་ལ་ཚོན་པོའི་སྒྲུབ་ཐབས་རྫོགས་སྟོ?།། །།པཎྜི་ཏ་མཁས་པ་དེ་ཉིད་དང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་གཙང་མར་བསྒྱུར་བའོ།། རྒྱ་གར་སྐད་དུ། ་