CLOSE WINDOW

N2877: rdo rje dri ldan ma'i sgrub thabs
Wyliee-texts based on the ACIP/ALL Input

པར་གྱུར་པ། གསུས་པ་འབྱང་བར་གྱུར་པ། གཡས་བསྐུམས་པའི་ཞབས་ཀྱིས་ཉི་མའི་གདན་དང་འོད་ཟེར་ཅན་ཏེ། སྟོང་ཤག་སེར་པོ་ན་ནབས་པར་གྱུར་པ་དང། ས་བོན་ནི་ཧཱུཾ་དང་དབུ་རྒྱནལ་མི་བསྐྱོད་པའོ། ། ་རྒྱལ་མཚན་གྱི་དཔུང་རྒྱན་གྱི་རྩེ་མོའི་སྒྲུབ་ཐབས། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏཱ་སཱ་དྷ་ནཾ། །བོད་སྐད་དུ། གཞན་གྱིས་མི་ཐུབ་མེའི་སྒྲུབ ་ཐབས། གཞན་གྱིས་མི་ཐུབ་མ་ནི་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པར་གྱུར་པའི་ཚོགས་བདག་ལེགས་པར་མནན་པ་ཕྱག་གཡས་པ་ནི་ཐལ་མོ་གདེངས་པའི་སྟངས་མཛད་པ། ་ཕྱག་གཡོན་པ་ནི་ཞགས་པ་བསྣམས་པའི་སྡིགས་མཛུབ་ཐུགས་ཀ་ན་གནས་པའོ། །ཤིན་ཏུ་འཇིགས་པར་མཛད་པ། གདུག་པའི་ཞལ་མཆེ་བ་རྣམ་པར་གཙིགས་པ། བདུད་རྣམས་མ་ལུས་པ་ངེས་པར་བརླག་པར་མཛད་པ། ཚངས ་པ་ལ་སོགས་པ་དང་དྲག་ཅིང་མ་བགྲུངས་པའི་ལྷ་འཁོར་དང་བཅས་པ་རྣམས་ལ་ཆེར་མཐོ་བའི་གདུགས་བཏེགས་པའོ། །གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། ཨ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་རྒྱ་གར་སྐད་དུ། བཛྲ་གདྷཱ་རླི་སཱ་དྷ་ནི། བོད་སྐད་དུ། རྡོ་རྗེ་དྲི་ལྡན་མའི་སྒྲུབ་ཐབས། རྡོ་རྗེ་དྲི་ལྡན་མ་ནི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་སྟེ། སྐྲ་སེར་པོ་གྱེན་དུ་གྱུར་པ། ཞལ་མཆེ་བ་རྣམ་པར་གཙིགས་པའི་ཞལ་དང་པོ་?་པ། ་གཞན་མ་རྣམས་ནི་ཁ་དོག་རྣམ་པ་ལྔ་སྟེ། ཞལ་རེ་རེ་ཞིང་སྤྱན་གསུམ་མ། གཡས་པའི་ཕྱག་དྲུག་པོ་རྣམས་ན་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་རལ་གྲི་དང་ཏྲི་ཤུལ་དང་མངའ་དང་མཚོན་ཆའི་འཁོར་ལོ་རྣམས་སོ། །གཡོན་པའི་ཕྱག ་དྲུག་པོ་རྣམས་ན་ནི་ཁཊཝཱཾ་ག་དང་ལྕགས་ཀྱུ་དང་གཞུ་དང་?་པ་དང། ཐུགས་ཀ་ན་སྡིགས་མཛུབ་རྣམས་སོ། །སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡས་བསྐུམས་པའི་ཞབས་ཀྱི་སྟེ། བཟླས་པའི་སྔགས་ནི། ཨོཾ་ཧཱུཾ་ཧཱུཾ་སྭཱཧཱ་ཞེས་བྱ་བའོ། །རྡོ་རྗེ་དྲི་ལྡན་མའི ་སྒྲུབ་ཐབས། མཁས་པ་ཨ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པྲ་སནྣ་ཏཱ་རཱ་ཡཱ(རྒྱུད་འགྲེལ་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ཅན། །གང?་གྱི་མདོག་སྟེ་འཇིག་ཆེན་མ། །སྤྱན་གསུམ་མ་སྟེ་ཞལ་བརྒྱད་མ། །བཅུ་དྲུག་ཕྱག་ནི་རྒྱན་དུ་འགྱུར། །སྐྲ་ཁམས་སེར་གྱེན་དུ་འཁྱིལ་པ་འཇོག་པ་དང་ལྡན་པའི་མི་མགོ་བརྒྱ་བྱེད་ཀྱི ་ཕྲེང་བས་དོ་ཤལ་དུ་རྒྱན་པ། སྐྱེ་དགུ་རྣམས་ཀྱི་སྐྱབས་མཛད་པའི་སྟོབས་ཆེན་མོ་དང་ལྡན་པ། གཡས་བསྐུམས་པའི་ཞབས་ཀྱིས་གནས་པ་དང་ལྡན་པ། གཞན་པ་དང་ལྡན་ཞིང་གཞོན་ནུ་མ་ལང་ཚོ་ལ་བབ་པ། རྣམ་པར་བཀྲ་བའི་ན་བཟའ་གསོལ་བར ་གྱུར་པ། ཞལ་གྱི་གཙོ་བོ་ནི་སེར་མོའོ། །གཡས་ཀྱི་གཉིས་པ་ནི་མཐིང་ནག་གོ། གསུམ་ག་ནི་ལྗང་གུའོ། །བཞི་པ་ནི་ནམ་མཁའ་ལྟར་སྔོ་བའོ། །གཡོན་པ་ནི་ཀུན་ད་ལྟར་དཀར་བའོ། །གཉིས་པ་ནི་དམར་བའོ། །གསུམ་པ་ནི་ནམ་མཁའ་ལྟར་སྔོ་བའོ། །སྟེང་གི ་ཞལ་ནི་དུ་བའི་མདོག་ལྟ་བུ་སྟེ། ཤིན་ཏུ་འཇིགས་སུ་རུང་བའོ། །ཞལ་དབུས་མ་ནི་རྣམ་པར་བསྒྱུར་ཞིབ་ཚེམས་གཙིགས་པའོ། །གཡས་པའི་ཕྱག་རྣམས་ཀྱིས་ནི་རལ་གྲི་དང་ཨུཏཔ་ལ་དང་མདའ་དང་རྡོ་རྗེ་དང་ལྕགས་ཀྱུ་དང་དབྱུག་ཐོ་དད་གྲི་གུག་དང་? ་འཇིགས་བའི་ཕྱག་རྒྱ། གཡོན་པའི་ཕྱག་རྣམས་ཀྱིས་ནི་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་ཐོད་བ་དང་གཞུ་དང། ཁ་ཊཝཱཾ་ག་དང་རྡོ་རྗེ་དང་ཞགས་པ་དང། ཚངས་པའི་མགོ་བོ་དང། རིན་པོ་ཆེའི་བུམ་པ་བསྣམས་པའོ། །སྣ་ཚོགས་པདྨ་དང་ ་