| Wylie | e-texts based on the ACIP/ALL Input |
སྒྲུབ་ཐབས་།རྩེ?་བསིལ་བ་ཚལ་ཆེན་མོ་ནི་ཞལ་གཅིག་ཕྱག་བཞི་མ། སྐུ་མདོག་དམར་མོ་སྟེ། གཡས་པའི་ཕྱག་གཉིས་ན་ནི་བགྲང་བའི་ཕྲེང་བ་དང་མཆོག་སྦྱིན་པ་དང་ལྡན་པའོ། གཡོན་པའི་ཕྱག་གཉིས་ན་ནི་རྡོ་རྗེ་དང ་ལྕགས་ཀྱུས་སྙིང་གན?་གནS་པའི་པོ་ཏི་དང་ལྡན་པའོ། །ས་བོན་ཛཾ་ལས་གྱུར་པ་དང། དབུ་རྒྱན་ལ་སྣང་བ་མཛའ་ཡས་དང་སྐྱིལ་ཀྲུང་ཕྱེད་པས་གནས་པ་དང། རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ་དང། ཉི་མའི་གདན་དང། འོད་ཟེར་དང་ལྡན་པ ་ཡང་ཡིན་ནོ་བྱ་བས་ནི་འཕགས་མ་བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས་རྫོགས་པ་ཡིན་ནོ།། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨ་ཐཱ་མ་ནཱ་ཡཱནྟ་རེ་ཎ་པཉྩ་དེ་བ་ཏོ་ཥྙི?་དེ། བོད་སྐད་དུ ་དེ་ནས་གདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟན་པར་བྱ་བའོ། །ང་ལ་སོ་སོར་འབྲང་མ་ཆེན་མོ་སེར་མོ་ཞལ་གསུཾ་སྟེ། ཞལ་སོ་སོར་སྤྱན་གསུམ་གསུམ་མ་ནག་མོ་དང་དཀར་མོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ལོ། །ཕྱག་བཅུ་ལས ་གཡས་ཀྱི་ཕྱག་ལྔ་ན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་རྡོ་རྗེ་དང། མདའ་དང་མཆོག་སྦྱིན་པ་དང་སྙིང་གར་གནས་པའི་ཕྱག་གིས་གདུགས་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་ལྡན་ཡང་གཞུ་དང། རྒྱལ་མཚན་དང་རིན ་པོ་ཆེའི་གདུགས་དང། མདུང་དང་དུད་ངོ། །དབུ་རྒྱན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །སྟོང་ཤག་ནི་ནག་པོའོ། །སྟོང་གཡོགས་དམར་པོ་བསྣམས་པའོ།། སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བསྐྱོད་པ། ལྷ་རྫས་ཀྱི་རྒྱན་རྣམས་ཀྱིས་ཀྱང་བརྒྱན་? ་རྫོགས་སོ།། །།རྨ་བྱ་ཆེན་མོ་ནི་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་སྟེ། ཕྱག་གཡས་པ་དང་གཡོན་པས་ནི་མཆོག་སྦྱིན་པ་དང་ལྷ་རྫས་ཀྱི་རྨ་བྱའི་མཇུག་སྒྲོ་བསྣམས་པས་ཀྱང་རྫོགས་པ་ཡིན་ནོ། །སྟོང་ཆེན་མོ་རབ་ཏུ ་འཇོམས་མ་ནི་སྔ་མ་ཉིད་ཁོ་ན་བཞིན་ནོ། །གསང་སྔགས་རྗེས་སུ་འབྲང་བ་ཆེན་མོ་ནི་ཞལ་གཅིག་ཕྱག་བཞི་མ་སྐུ་མདོག་ནག་མོ་སྟེ། གཡས་པའི་ཕྱག་གཉིས་ན་རལ་གྲི་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གཉིས་ན་ནི་མདུང་དང་ཞགས་པ་སྟེ ་རྫོགས་པ་ཡིན་ནོ། །བསིལ་བའི་ཚལ་ཆེན་མོ་ནི་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་རལ་གྲི་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གཉིས་ཀྱིས་ནི་མདུང་དང་ཞགས་པ་ཡིན་ནོ། །ཡི་གེ་གསུམ་གྱིས ་མཚན་པའི་རང་གི་ས་བོན་བར་དུ་རང་གི་མིང་དང་བཅས་པ་ནི་ཆེ་གེ་མོའི་སྔགས་སོ།། །།རྒྱ་ཀར་སྐད་དུ། མཧཱ་པྲ་ཧཡཾ?་གི་རླ། བོད་སྐད་དུ། ཕྱིར་བཟློག་མ་ཆེན་མོ། ཕྱིར་བཟློག་མ་ཆེན་མོ་ནི་སྐུ་མདོག་ནག་མོ་ཞལ་གཅིག ་ཕྱག་དྲུག་མ་སྟེ། རལ་གྲི་དང་ལྕགས་ཀྱུ་དང་མཆོག་སྦྱིན་པ་ནི་གཡས་པའི་ཕྱག་གིས་སོ། །པདྨ་དམར་པོ་དང། ཏྲི་ཤུ་ལ་དང། ཞགས་པ་དང་བཅས་པའི་བསྡིགས་འཛུབ་སྙིང་ག་ན་གནས་པ་དང་ལྡན་པ་ནི་གཡོན་པའི་ཕྱག་རྣམས་སོ། །ས་བོན་ནི་ཧཱུཾ་བོ།། ་དབུ་རྒྱན་ལ་མི་བསྐྱོད་པའོ། །རྒྱན་ཐམས་ཅད་དང་ལྡན་པ། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་མའོ། ། བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། དྷ་ཛྲ?་ཧྲ་ཀེ་ཡཱ་སཱ་དྷ་ནཾ། བོད་སད་དུ། ་རྒྱལ་མཚན་གྱི་དཔུང་རྒྱན་གྱི་རྩེ་མོའི་སྒྲུབ་ཐབས། རྒྱལ་མཚན་གྱི་དཔུང་རྒྱན་གྱི་རྩེ་མོའི་སྐུ་མདོག་ནི་ནག་མོ་ཞལ་གསུམ་ཕྱག་བཞི་མའོ། །གཡས་པ་དང་གཡོན་པའི་ཞལ་ནི་དམར་པོ་དང་ལྗང་གུའོ། །རལ་གྲི་དང་ཞགས་བ་བསྣམས་པ་ནི་གཡས ་པའི་ཕྱག་གཉིས་སོ། །རྡོ་རྗེས་མཚན་པའི་ཁ་ཊཝཱཾ་ག་དང་འཁོར་ལོ་ནི་གཡོན་པའི་ཕྱག་གཉིས་ན་སྟེ། སྐྲ་ཁམ་སེར་གྱེན་དུ་གྱུར་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་རྒྱན་དུ་མཛད་པ་སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་གྱི་མཆེ་བ་གཙིགས ་