CLOSE WINDOW

N2867: rdo rje tsar tsi ka'i sgrub thabs
Wyliee-texts based on the ACIP/ALL Input

པ་བསྒོམས་ལ་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་པའི་བསྡིགས་མཛུབ་སྙིང་གར་ལེགས་པར་གཞག་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་པ་གདེང་བར་བྱ་བའོ། །བཟླས་པ་ནི་ཨོཾ་སི་ཏཱ་ཏ་པ་ཏྲE་པར ་ཛི་ཏེ་སརྦ་གྲ་ཧཱ་ན་ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན་དྲུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་བྱ་བ་ནི་འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོའི་སྒྲུབ་ཐབས་སོ། ། བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་རྒྱ་གར་སྐད་དུ། བཛྲ་ཙར་ཙིཀཱ?་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཙར་ཙ་ཀའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་གིས་བསྐྱེད ་པའི་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཅི?་གནས་པར་བསྒོམས་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཙར་ཙི་ཀ་ཞལ་གཅིག་སྤྱན་གསུམ་མ་སྟེ། སྐྱིལ་ཀྲུང་ཕྱེད་པའི་བརྐྱང་བསྐུམ་གྱིས་རོའི་གདན་ལ་བཞུགས་པ། སྐུ་རིང་ཅིང་མཆེ་བ ་གཙིགས་པའི་བཞིན་བསྒྱུར་བས་འཇིགས་སུ་རུང་བ། མི་མགོའི་འཕྲེང་བས་དོ་ཤལ་དུ་རྣམ་པར་བརྒྱན་པ། རུས་པའི་རྒྱན་གྱིས་ཀུན་ནས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པ། མི་བསྐྱོད་པ་དབུ་རྒྱན་ལ་བཞུགས་པ། སྟག་གི་པགས ་བའི་ཤམ་ཐབས་ཅན། སྐྲ་ལྷུག་པར་གྱུར་པ། ཕྱག་དྲུག་མ་སྟེ་གཡས་པས་ནི་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་བསྣམས་པའོ། །གཡོན་པས་ན་ཐོད་པ་དང་ནོར་བུ་དང་པདྨ་བསྣམས་པའོ། །གཡོན་པས་ན་ཐོད་པ་དང་ནོར་བུ་དང་པདྨ་བསྣམས་པའོ། །སྐུ་མདོག་ནི་དམར་མོ་སྟེ། ལས་ཀྱི་རྗེས་སུ་འཐུན ་པས་ནི་དཀར་མོ་ལ་སོགས་པའི་ཁ་དོག་དང་ལྡན་པར་ཡང་བསྒོམ་པར་བྱ་ཞིང། རང་གི་སྙིང་གའི་ཡི་གེ་ཙཾ་གི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་མདུན་དུ་ལེགས་པར་བཞུགས་སུ་གསོལ་ཏེ། མཆོད་པ་ལ་སོགས ་པ་རྣམས་རྫོགས་པར་བྱས་ལ་ལེགས་པར་བཞུགས་པར་བྱ་བའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཙར་ཙི་ཀ་ཧཱུཾ་སྭཱཧཱ། འདིས་ནི་རྡོ་རྗེ་ཙར་ཙི་ཀའི་སྒྲུབ་ཐབས་རྫོགས་པ་ཡིན་ནོ། ། བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར ་?་།།རྒྱ་གར་སྐད་དུ། མཧཱ་པྲ་ཏི་སཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས། སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་བྱ་བའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་མཇུག་ཐོགས་སུ་ཡི་གེ ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་པྲཾ་སེར་པོའི་འོད་ཟེར་རྣམ་པ་སྣ་ཚོགས་པས་གཞན་གྱི་དོན་བྱས་ནས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོར་སྐད་ཅིག་གིས་བདག་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ། ་སྐུ་མདོག་སེར་མོ་ཞལ་བཞི་མ་སྤྱན་གསུམ་མ་ཕྱག་བརྒྱད་མ། ཞལ་དང་པོ་ནི་སེར་བའོ། །གཡས་པ་ནི་དཀར་བའོ། །ནུབ་ཀྱི་ནི་མཐིང་ནག་གོ། གཡོན་གྱི་ནི་དམར་བའོ། །གཡས་པའི་ཕྱག་རྣམས་ཀྱིས་ནི་རལ་གྲི་དང་འཁོར་ལོ་དང་མདུང་ཐུང་རྩེ་གསུཾ ་པ་དང་མངའ་བསྣམས?་པའོ། །གཡོན་པའི་ཕྱག་རྣམས་ཀྱི་ས་ནི་མདུང་དང། གཞུ་དང། ཞགས་བ་དང་རྡོ་རྗེའོ། །སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རོལ་ཅིང་བསྐྱོད་པས་ལེགས་པར་བཞུགས་པ། འོད་ཟེར་དམར་པོའི་ཁོར་ཡུག་གིས་བསྐོར་བ། ་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་རྣམ་པ་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་དང་འོད་ཀྱི་སྟོད་བཤགས་མནབས་པ། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་དང་ལྡན་པ་དེ་ལྟ་བུ་རྣམ་པར་བསམས་ལ། དེ་ནས་སྐུ་དང ་གསུང་དང་ཐུགས་ཀྱི་ཟླ་བ་ལ་ཨོཾ་དང་ཨཱ(རྒྱུད་འགྲེལ་