CLOSE WINDOW

N2858: khro gnyer can gyi sgrub thabs
Wyliee-texts based on the ACIP/ALL Input

སྟོད་ཤག་མ་ནབས་པ་དོན་ཡོད་གྲུབ་པའི་དབུ་རྒྱན་པར་གྱུར་བ། དབུ་སྐྲ་མཁན་པ་སེར་གྱེན་དུ་འཕུར་བར་བསམས་ལ། ཨོཾ་བཛྲ་ཤྲཱི་ཁ་ལེ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །གདམས་ངག ་གི་ཁྱད་པར་གཞན་གྱིས་རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་སོ།། །། བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བྷྲཱི་ཀུ་ཊཱི?་སཱ་དྷ་ནཾ། བོད་སྐད་དུ། ཁྲོ ་གཉེར་ཅན་གྱི་སྒྲུབ་ཐབས། སྔར་བཤད་པའི་རིམ་བས་ཡི་གེ་བྷྲུཾ་སེར་པོ་ཡོངས་སུ་གྱུར་པ་ལས་སྐུ་མདོག་སེར་མོ་སྤྱན་གསུམ། ཞལ་གཅིག་ཕྱག་གཉིས་མ། གཞོན་ནུ་མ་ལང་ཚོལ་བབ་པར་འགྱུར་པ། མཆོག་སྦྱིན་པ་དང་ཕྲེང་བ་ནི ་གཡས་པའི་ཕྱག་གིས་བསྣམས་པ། དབྱུག་གུ་གསུམ་པ་དང་རི་ལཾ་པ་སྤྱི་ལུགས་ནི་གཡོན་པའི་ཕྱག་གིས་བསྣམས་པ། སྣང་བ་མཛའ་ཡས་ཀྱིས་རྒྱས་བཏབ་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་བཅོམ་ལྡན་འདས ་པ་བསྒོམས་ལ། ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་སོར་མཉམ་དུ་བརྐྱང་ལ་མཐེབ་སོར་གཉིས་ཀྱིས་མཐེའུ་ཆུང་གཉིས་ཀྱི་སེར་མོ་གཉིས་ཀ་དགབ་པར་བྱ་བའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བྷྲི་ཀུ་ཌི་སྭཱཧཱ། ཁྲོ་གཉེར ་ཅད་གྱི་སྒྲུབ་ཐབས་སོ།། །།མལ་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བྷྲི་ཀུ་ཌཱི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི ་རིམ་པས་རང་གི་སྙིང་གའི་ཟླ་བའི་དབུས་སུ་ས་བོན་ནི་དྲུག་པའི་བཞི་པ་སྟེ། དང་པོའི་བརྒྱད་པས་རྒྱས་པར་བྱས་ཤིང་སྟོང་པ་ཉིད་ཀྱིས་ལེགས་པར་མནན་ཏེ་ཟླ་བ་ཕྱེད་པས་མགོ་བོ་བརྒྱན་པའོ། །དེ་ཉིད་ལས་གྲུབ་པའི་ཁྲོ་གཉེར ་ཅན་སྐུ་མདོག་སེར་མོ་སྟེ། ཕྱག་བཞི་མ། རལ་པ་དང་ཅོད་པན་དང་ལྡན་པ། ཞི་བར་གྱུར་པ། གཡས་པས་མཆོག་སྦྱིན་པ་དང་ཕྲེང་བ་བསྣམས་པ། གཡོན་པས་དབྱུག་གུ་དང་རིལ་པ་སྤྱི་བླུགས་བསྣམས་ཤིང། པདྨ་དང་ཟླ་བའི་གདན་ལ་བཞུགས ་པར་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་བརྐྱང་བར་བྱས་ལ་མཐེབ་མོ་གཉིས་ཀྱིས་མཐེའུ་ཆུད་གཉིས་ཀྱིས་སེན་མོ་བཀབ་པ་སོ་སོར་བྱས་པའི་ལྷག་མ་ནི་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདི་ནི་ཁྲོ་གཉེར་ཅན་གྱི་ཕྱག ་རྒྱའོ། །ཕྱི་ནས་ནི་སྔགས་བཟླས་བར་བྱ་སྟེ། ཨོཾ་ཎཧྲཱི?་སྭཱཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་སོ། །།འི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།དུག་སེལ་མའི་བསྟོད་པ་བཞུགས་སོ། །། ་རྒྱ་གར་སྐད་དུ། ?་གུ་ལཱི་སཱ་དྷ་ནཾ། །བོད་སྐད་དུ། །དུག་སེལ་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་རང་ཉིད་ཀྱི་སྙིང་གའི་དཀྱིལ་འཁོར་དམར་པོར་ཡི་གེ་ཛཱཾ་གི་ཡེ་ཤེས་ངེས་པར་རྫོགས་པ་ལས་རིག་པའི་མཚན་དུ་གྱུར ་པ་ནི་དུག་སེལ་མ་སྟེ། སྐུ་མདོག་སེར་མོ་གདེངས་ཀ་བདུན་གྱི་ཀུན་ནས་ལོངས་སྤྱོད་པ། འབར་བར་གྱུར་པའི་རིན་པོ་ཆེ་དམ་པས་བརྒྱན་བ། ཞལ་གསུམ་སྤྱན་གསུམ་མ། ཕྱག་དྲུག་མ། རོལ་པས་བསྐྱོད་པ་དབུ་ལ་མི་བསྐྱོད་པ་ལེགས་པར་བཞུགས ་པ་གཞོན་ནུ་མའི་མཚན་ཉིད་ཀྱིས་མཆོག་ཏུ་འབར་བར་གྱུར་པ། ཁྲོ་བ་དང་བཅས་པའི་བཞད་པ་ཉྡ་དང། སྦྲུལ་གྱི་སྨད་ཀ་དང་ལྡན་པ། གཡས་པའི་ཕྱག་ན་རྡོ་རྗེ་བསྣམས། །གཉིས་པས་རལ་གྲི་གདེངས་པར་མཛད། །གསུམ་པ་གར་གྱི་སྟངས ་ཀྱིས་འདུད། །སྐྲག་མཛད་མངའ་ནི་བསོར་བར་མཛད། །གཡོན་པ་སྡིགས་མཛུབ་ཞགས་བ་སྟེ། །གཉིས་པ་དུག་གི་མེ་ཏོག་ཅན། །གསུམ་པའི་ཕྱག་ན་གཞུ་བསྣམས་ཤིང། །སྨད་ཀ་ལ་ནི་མེ་ཏོག་ལྡན། །པདྨའི་གདན་ལ་བཞུགས་པ་གསེར་གྱི་མདོག ་