| Wylie | e-texts based on the ACIP/ALL Input |
བྱ་བའི་སྔགས་འདི་བཟླས་པར་བྱའོ། །ནོར་རྒྱུན་མའི་སྒྲུབ་ཐབས་སོ། །དཱ་བྱང་ཆུབ་སེམས་དཔའ་ཨི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བ་སུ་དྷ་ར་ཎི་ཨུ་པ་དེ་ཤ། ་བོད་སྐད་དུ། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག། ནོར་རྒྱུན་མའི་ཐང་ཀ་འམ་སྐུ་གཟུགས་ཀྱི་མདུན་ནད་དུ་ཙན་དན་གྱི་མཎྜལ་གྲུ་བཞི་པ་བྱས་ལ། དེ་ལ་བཅོམ་ལྡན་འདས་མ་ཡིད་ཀྱིས་བཞུགས་སུ་གསོལ་ཞིང་མཆོད་པ་བྱས་ཏེ། ཙན་དན་ནས ་བྱུགས་པའི་ལག་པའི་ལག་པས་ནོར་རྒྱུན་མའི་གཟུངS་ཀྱི་བོ?་ཏེ?་བླངས་ལ། སྐུད་པས་ལེགས་པར་སྤྲེལ་བའི་མེ་ཏོག་གི་ཕྲེང་བ་བཏགས་པ་མདུན་དུ་བཞག་པའི་ཆུའི་སྣོད་དུ་བསྐུར་ལ། སེམས་ཅན་རྣམས་ཐམས་ཅད་ལ་ཡང་བྱམས་པ་ཆེན་པོའི ་སེམས་ཀྱིས་ཡང་དག་པར་དམིགས་ཏེ། མངོན་པར་འདོད་པའི་དོན་དུ་གྲུབ་པར་འདོད་པ་སྙིང་ལ་ལེགས་པར་བཞག་པས་ནོར་རྒྱུན་མའི་གཟུངས་བཀླག་པར་བྱ་བའོ། །བཀླགས་ནས་ཀྱང་སྭཱཧཱ་དང་ལྡན་པར་འགྱུར་ཏེ། སྔགས་རྣམས ་ལ་སྭཱཧཱའི་སྒྲ་ཉེ་བར་བརྗོད་པས་མེ་ཏོག་དཀར་པོ་རྩ་དུར་བ་དང་བཅས་པ་དང་འབྲུ་མ་ཉམས་པ་ཆུའི་སྣོད་དུ་གཞུག་པར་བྱ་སྟེ། ཇི་སྲིད་ཟླ་བ་དྲུག་གི་བར་དུའོ། །བཀླགས་པའི་རྗེས་ལ་ནི་ས་ཕྱོགས་གཙང་མར་ཆུད་དེ་གཤེགས་སུ་གསོལ་བར ་བྱའོ། །ནོར་རྒྱུན་མའི་གཟུངས་ཀྱི་མན་ངག་རྫོགས་སོ།། །།དཱ་བྱང་ཆུབ་སེམས་དཔའ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་ཤྲཱི་ཧཱ་ཁཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ ་ལྕགས་སྒྲོག་མའི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་གའི་རིམ་པས་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལྗངས་ཁུའི་ཡེ་ཤེས་ངེས་པར་རྫོགས་པ་ལས་རྡོ་རྗེ་ལྕགས་སྒྲག་མ་ཞལ ་གསུམ་ཕྱག་དྲུག་མ་སྟེ། མཐིང་ནག་དང་དཀར་པོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ལོ། །སྤྱན་གསུམ་མ། རྡོ་རྗེ་དང་རྡོ་རྗེ་ལྕགས་ཐག་མདའ་དང་ལྡན་པ་ནི་གཡས་པའི་ཕྱག་གསུམ་མོ། །སྡིགས་མཛུབ་དང། ཞགས་པ་དང། གཞུ་དང་ལྡན ་པ་ནི་གཡོན་པའི་ཕྱག་གསུམ་མོ། །སྐུ་མདོག་ལྗང་སེར་མ། ཞལ་ཅུང་ཟད་བཞད་པ་དང་ལྡན་པ། རྒྱན་ཐམས་ཅད་མ། མ་རུངས་པའི་སེམས་ཅན་གཏན་ནས་འཇོམས་པར་མཛད་པར་བདག་ཉིད་བསྒོམས་ལ། ཕྱག་རྒྱ་བཅིང་པར་བྱ་སྟེ། ལག་པ ་གཉིས་སོ་སོ་སོ་སོར་རྡོ་རྗེའི་ཁུ་ཚུར་དུ་བྱས་ལ། མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་ཀྱང་ལྕགས་ཐག་གི་རྣམ་པར་འདུད་པར་བྱས་པའོ། །ོཾ་བཛྲ་ཤྲཱི་ཁ་ལE་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །རྡོ་རྗེ་ལྕགས་སྒྲོག ་མའི་སྒྲུབ་ཐབས་སོ།། །།མ་ལ་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་ཤྲཱི་ཁ་ལཱ་སཱཾ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས། སྔར ་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལྗང་སེར་ལས་བྱུང་བའི་སྐུ་མདོག་ལྗང་ཁུ་ཞལ་གསུམ་ཕྱག་བརྒྱད་མ་སྟེ། ཞལ་དང་པོ་ནི་ཅུང་ཟད་བཞད ་པའི་མདངས་དང་ལྡན་པའོ། །གཡས་པ་ནི་སེར་བ་སྟེ་སྤྱན་ཡང་སེར་བའོ། །གཡོན་པ་ནི་དམར་བའོ། །ཁྲོ་གཉེར་དང་ལྡན་ཞིང་མཆེ་བ་རྣམ་པར་གཙིགས་པའོ། །གཡས་པའི་ཕྱག་བཞིས་ནི་མི་འཇིགས་པ་དང། རྡོ་རྗེ་དང་རྡོ་རྗེའི་ལྕཌ ་ཐག་དང་མདའ་བསྣམས་པའོ། །གཡོན་པའི་ཕྱག་བཞིས་ནི་ཁྲག་གིས་བཀང་བའི་ཐོད་པ་དང། སྡིགས་མཛུབ་དང། ཞགས་པ་དང། གཞུ་བསྣམས་པའོ། །རོལ་པས་བསྐྱོད་པའི་གདན་ལ་བཞུགས་པ། བྱི་ལའི་པགས་པའི་ ་