| Wylie | e-texts based on the ACIP/ALL Input |
ནཾ། བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་བསྒོམས་ལ། སྐད་ཅིག་གིས་འཇམ་བྷ་ལའི་གཟུགས་སུ་བདག་ཉིད་བསྒོམས་ཏེ། རང་གི་སྙིང ་ཁར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་པཾ་གི་ས་བོན་ལས་ངེས་པར་བྱུང་བའི་བཅོམ་ལྡན་འདས་མ་ནོར་རྒྱུན་མ་བསྒོམ་པར་བྱ་བ་ནི་གསེར་གྱི་མདོག་ཅན། རྒྱན་མཛའ་དག་དང་ལྡན་པ། ལོ་བརྒྱད་པ་གཉིས་ཀྱི་ཆད་དུ་གྱུར་པ། ཕྱག་གཡས ་པས་མཆོག་སྦྱིན་པར་མཛད་པ། ཕྱག་གཡོན་པས་འབྲས་ཀྱི་སྙེ་མའི་དྲུང་པ་མཆོག་བསྣམས་པ། མི་བསྐྱོད་པ་དང་ལྡན་པའོ། །མདུན་ན་ནི་བཅོམ་ལྡན་འདས་མ་དཔལ་གྱི་ནོར་རོ། །གཡས་ཕྱོགས་ན་ནི་ནོར་གྱི་དཔལ་ལོ། །རྒྱབ་ན་ནི་ནོར་བ ་གྱི་ཞལ་ལོ། །གཡོན་ནི་ནོར་དཔལ་གྱི་བློ་གྲོས་མའ། །དེ་དག་ཀྱང་ས་བོན་རང་གི་དང་པོའི་ཡི་གེ་ལས་གཙོ་མོ་དང་མཚུངས་པའི་གཟུགས་སུ་བསམ་པར་བྱ་བའོ། །དེ་ལྟར་རྣམ་པར་བསྒོམས་ལ་སྔགས་ལེགས་པར་བགྲང་བར་བྱ་སྟེ། ་ཨོཾ་བ་སུ་དྷཱ་རི་ནི་སྭཱཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱཧཱ། ཨོཾ་བ་སུ་བ་ཏི་ཤྲཱི་ཡེ་སྭཱཧཱ། ཉི་མ་རེ་རེ་བཞིན་དུ་བ་ལང་གི་ལྕི་བ་ཁྲུ་གཉིས་ཙམ་གྱི་ཚད་ཀྱི་མཎྜལ་གྲུ་བཞི་པ་བྱས་ལ། མེ་ཏོག་དྲི་ཞིམ་པོས་ཐུན་ཚོད་གསུམ་དུ་ལེགས ་པར་མཆོད་དོ།?་འབུམ་ཕྲག་བཞི་བཟླས་པ་བྱས་པས་ཟླ་བ་དྲུག་ནི་ཡིད་ལ་ར་བ་རྣམས་ཡོངས་སུ་རྫོགས་བར་འགྱུར་རོ། །ཇི་ལྟར་རྙེད་པ་དང་གྱུར་པའི་མེ་ཏོག་རྣམས་ཀྱིས་འབུམ་ཕྲག་བཞིའི་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བྱས་པས་ནི་དཔལ ་ཤིན་ཏུ་ཆེན་པོ་དང་ལྡན་པར་འགྱུར་རོ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སྟོ།། །།མཁས་པ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བ་སུ་དྷཱ་ར་སཱ་དྷ་ནཾ?། ་བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། དེ་ནས་ནོར་རྒྱུན་མ་བསྒོམ་པར་འདོད་ན་དེ་ནས་དེ་ལྟར་ཐམས་ཅད་ཀྱང་སྔར་བཞིན་ནོ། །འོན་ཀྱང་དྲུག་པའི་གསུམ་པ་ནི་ས་བོན་ཏེ། ཟླ་བ་ཚེས་པ་དང་ཐིག་ལེས་བརྒྱན་པའོ། །དེ་ཉིད་ངེས་པར་རྫོགས་པ་ནི་ནོར་རྒྱུན་མ ་སྐུ་མདོག་སེར་མོ་འབྲས་དྲུངས་པའི་སྙེ་མ་མཆོག་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་པར་འགྱུར་བའི་བུམ་པ་ཕྱག་གཡོན་པ་ན་བསྣམས་པ། །གཡས་པས་མཆོག་སྦྱིན་པར་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབང་པོའི་སྐྱེ་བོས ་ཡོངས་སུ་བསྐོར་བར་བསྒོམ་པར་བྱའོ། །བདག་ཁོ་ན་ནོར་རྒྱུན་མ་ཡིན་ནོ་བྱ་བར་རོ། །ལག་པ་གཉིས་ཀྱི་ཁུ་ཚུད་བཅངས་པ་གུད་མོའི་ཚིགས་གསུམ་པ་བཀུག་པ་ན་ནོར་རྒྱུན་མའི་ཕྱག་རྒྱ་ཡིན་ནོ། །དེ་ནས་བཟླས་པ་བྱ་སྟེ། ཨ་ཤྲཱི་བ་སུ་ནི་དྷཱ་ན་ཥ?ཻ་དྲ་སྭཱཧཱ། ་ནོར་རྒྱུན་མའི་སྒྲུབ་ཐབས་སོ།། །།པཎྚི་ཏ་ཆེན་པོ་ཨ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བ་སུ་དྷ་རེ་སཱ་དྷ་ནཾ། བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ ་པས་ཡི་གེ་བ་སེར་པོ་ཡོངས་སུ་གྱུར་པ་ལས་ཞལ་གཅིག་ཕྱག་གཉིས་མ་སེར་མོ། །གཞོན་ནུ་མ་ཡང་ཚོལ་བབ་པ། རྒྱན་དན་གོས་ཀ་ཡིས་རྣམ་པར་བརྒྱན་པ། འབྲས་དྲུངས་ཀྱི་སྙེ་མའི་མཆོག་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབབ་པའི་བུམ་པ་ཕྱག ་གཡོན་ན་བསྣམས་ཤིང། གཡས་པས་མཆོག་སྦྱིན་པར་མཛད་པ། དགའ་བར་གྱུར་བའི་འཁོར་དུ་མས་ཡོངས་སུ་བསྐོར་ཞིང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རིན་ཆེན་འབྱུང་ལྡན་དབུ་རྒྱན་ལ་སྟེ། རང་གི་ས་བོན་ལས་སྙིང ་གར་སྐད་ཅིག་གིས་བསྐྱེད་ལ། ཕྱག་རྒྱ་བཅིང་བར་བྱ་བ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུད་མོ་གཉིས་རྩེ་སྦྲང་ཕའི་ཚིགས་གསུམ་ལ་སྒུར་བར་བྱས་པ་ནི་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས། བ་སུ་དྷཱ་རཱ་དང་ན་ནི་དྷཱ་ན་ཥྲེ་ཏེ་སྭཱཧཱ། ཞེས ་