| Wylie | e-texts based on the ACIP/ALL Input |
རང་གི་སྙིང་གའི་ཡི་གེ་མཾ་ལས་ཕག་གི་གཟུགས་ཀྱི་འོད་ཟེར་དུ་མ་སྤྲོས་པས་མ་རུངས་རྣམས་འཇོམས་པར་བྱེད་པར་བསམ་པར་བྱ་བའོ། །ོཾ་མཱ་རཱི་ཙཡཻ་སྭཱཧཱ། དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལ་ཇི་ལྟར་བདེ་བར ་རྒྱུ་བར་བྱ་བའོ། །འགྲོན་ལམ་དུ་འགྲོ་བར་གྱུར་ན་ནི། བདག་ཉིད་ཀྱི་སྟོད་གཡོགས་ཀྱི་གྲཝ་ནས་བཟུང་ལ་སྔགས་འདིས་ལན་བདུན་གྱི་བར་དུ་ཡོངས་སུ་བསྔགས་ཤིང། ཟླ་བའི་ཡང་གོས་ཀྱི་མཛའ་མ་ཟུང་སྟེ་ཇི་ལྟ་བ་བཞིན་དུ་མདུད་པ ་བྱས་ལ་འགྲོ་བར་བྱ་སྟེ། ཆོམ་རྐུན་ལ་སོགས་པས་འཇོམས་པར་མི་འགྱུར་རོ། །མངོན་པར་འདོད་པའི་ཡུལ་དུ་ཕྱིན་ནས་ནི་མདུད་པ་འགྲོལ་བར་བྱ་བའོ། །འདི་ནི་གདམས་ངག་གོ། མྱ་ངན་མེད་ལ་དཀའ་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས ་རྫོགས་སོ།། །། བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བི་ཥེ་ཥོ་པ་དེ་ཤ:། བོད་སྐད་དུ། གདམས་ངག་གི་ཁྱད་པར་ཇི་ལྟ་བ་བཞིན་དུ་མདུད་པ་བྱས་ལ་ཞེས་བྱ་བ་ནི ་ལན་བདུན་དུ་སྟོད་གཡོགས་ཀྱི་གྲཝ་ལ་སྔགས་མངོན་པར་ཟློ་བར་བྱེད་པ་སྟེ། ཕྱོགས་བཅུར་རྣམ་པར་ལྟས་ལ་མ་རུངས་པ་རྣམས་ཀྱི་ཁ་དང། མིག་བདག་གིས་བཅིང་བར་བྱའོ་ཞེས་བསམས་ཤིང་དབུགས་རྣམ་པར་བསྡམས་པས ་ནང་དུ་ཟློས་པའི་རྣམ་པ་ཡིས་སྔགས་བརྗོད་པར་གྱུར་པས། མདུད་པ་བཅིང་བར་བྱ་བ་ཡིན་ནོ། །གདམས་ངག་གི་ཁྱད་པར་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། དྷ་ར་ཎི་པཱ་ཐོ་པ་དེ་ཤ:། ་བོད་སྐད་དུ། གཟུངས་གདོན་པའི་མན་ངག་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །བློ་ལྡན་སེམས་དཔའ་སྐྱིལ་ཀྲུང་གིས། །སྙིང་རྗེ་ཆེན་པོས་དམིགས་བྱ་བ། །ནང་ལྔ་དགོངས་ཀྱང་སྙིང་གར་སྔགས། །ོཾ་ཡིག་དཀར་ལ་བསྒོམ་བྱ་བ།། ་རྣམ་སྣང་ཞེས་བྱ་བདག་ཉིད་དོ། །ཐམས་ཅད་དཀར་པོ་དེ་འོད་ཀྱིས། །ར་བ་ཟླུམ་པོ་མཆོད་རྟེན་གྱིས། །བརྒྱན་པ་སྟེང་དུ་འབར་འོད་ཅན། །བསྲུང་ཕྱིར་མདུན་དང་རྒྱབ་དད་ནི། །གཡས་གཡོན་དེ་དག་སྤྱི་བོར་ནི། །རིམ་བཞིན་དབྱངས་སོགས་གནས་སྐབས་སོགས ་མི་མཉམ་སོགས་དང་བསྐྱེད་སོགས་ཀྱང། །སྐུ་གཟུགས་ཐད་ཀ་བཤེས་གཉེན་དང། །པོ་ཏི་སོགས་ལ་ཅི་འབྱོར་པས། །དེ་རྗེས་སྙིང་ཟླར་མཱཾ་སེར་ཏེ། །མྱ་ངན་མེད་སྟེང་མཱཾ་བྱུང་པར། །འཕགས་མ་འོད་ཟེར་ཅན་བསམ་སྟེ། །ཁབ་དང་སྐུད་པ་བསྣམས་པའི ་སྐུ། །བཞེངས་པའི་སྟང་སྟབས་དང་ལྡན་མ། །སྣ་བུག་གཡས་ནས་དེ་མདུན་དུ། །ལེགས་པར་བཞུགས་བྱ་མ་རུངས་མིག། ར་བའི་ཕྱི་རོལ་དེ་ཡིས་སོ། །ལན་གཅིག་བྱང་ཆུབ་མཆོག་བཅིངས་ལ། །གཟུགས་ནི་བཀླག་བྱ་དེ་ནས་ནི། །དང་པོར་ཨོཾ་མོ་མཱ ་རཱི་ཙཡེ་སྭཱཧཱ། །སྔགས་ནི་ཅི་ནུས་བཟླས་པར་བྱ། །དེ་ནས་སྔགས་རིགས་པས། །སྣ་བུག་གཡོན་ནས་དེ་སྙིང་ལ། །ལེགས་གཞུག་མྱ་ངན་མེད་དགར་གྱུར། །འོད་བྱུང་ཕག་ནི་སེར་རྣམས་ཀྱིས། །ཕྱི་རོལ་མ་རུངས་དེས་ལེགས་གཞོམ། །མཚམས ་བཅད་པར་ཡང་བྱས་ནས་ནི། །བཙོ་མའི་གསར་ལྟའི་འོད་འབར་མ། །སྣ་ཚོགས་པདྨ་ཟླ་ལེགས་བརྟེན་ནས། །འགྱིང་བས་བདག་གི་བཞེངས་བཞུགས་པས། །གསེར་མདོག་ཕག་ལ་བཅིབས་གྱུར་ཅིང། །མྱ་ངན་མེད་ཤིང་ལྗོན་པ་ཡི། ། ་ཕྱག་གཡོན་ཡལ་གའི་རྩེ་ནས་འཛིན། །མཆོག་སྦྱིན་ཕྱག་ནི་བསྣམས་གྱུར་པ། །གཡས་པའི་ཕྱག་ནི་བསྐྱོད་པར་མཛད། །རིན་ཆེན་འབར་བས་ཉེར་མཛེས་པའི། །ཅོད་པན་ལ་ནི་སངས་རྒྱས་ཐས། །མི་འཇིགས་རབ་སྦྱིན་འོད་ཟེར་ཅན། །ན་བཟའ་ ་དཀར་ལ་བདག་ཕྱག་འཚལ། །འཕགས་མ་འོད་ཟེར་ཅན་གྱི་གཟུངས་འདོན་པའི་མན་ངག་གོ། །མཁས་པ་ཨའི་ཞལ་སྔ་ནས་དགེ་སློང་ཚུལུ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བ་སུ་དྷཱ་ར་སཱ་དྷ ་