| Wylie | e-texts based on the ACIP/ALL Input |
མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཀལ་པོ་ཀ་ཏ་མཱ་རཱི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱིས་སྒྲུབ་ཐབས། འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །བླ་མེད་བདེ་?་ནི་ཆགས་མེད་པར ་ཤེས་རབ་ཕ་རོལ་གཤེགས་པའི་བླ་མ་ལ། །ལེགས་པར་ཕྱག་འཚལ་རྟོགས་པའི་འོད་ཟེར་ཅན། །སྒྲུབ་ཐབས་བཟང་རྣམས་དོན་དུ་བྲི་བར་བྱ། །དེ་ལ་དང་པོར་རེ་ཤིག་རྣལ་འབྱོར་པས་སྐྱེ་དགུ་མཛའ་དག་བསྒྲལ་བར་འདོད་པའི་ལྷག་པའི་བསམ་པས། ་ཨོཾ་ཕཊ། བྱ་བའི་སྔགས་འདིས་སྙིང་ག་དང། མགུལ་པ་དང། སྨིན་མཚམས་དང། སྤྱི་བོ་རྣམས་སུ་ཁྲོ་བོའི་ཁུ་ཚུར་བཞག་ལ། ཨོཾ་མཱ་རཱི་ཙཡཻ་བགེགས་རྣམས་ཚང་ཆོད་ཧཱུཾ་ཕཊ་ཅེས་བྱ་བ་འདིས་ཀྱང་བགེགས་ངེས་པར་བཅོམ་སྟེ། རང་གི་སྙིང་གར་ཡི་གེ ་ཨོཾ་ཡོངས་སུ་གྱུར་པ་ལས་ཉི་མ་ལ་ཡི་གེ་མཾ་སེར་པོ་བསྒོམས་པར་བྱ་བའོ། །དེ་ལས་ངེས་པར་བྱུང་བའི་འོད་ཟེར་ཅན་གྱིས་ཚོགས་འཕྲོས་པས་ནམ་མཁའ་ལས་ཡང་དག་པར་སྤྱན་དྲངས་ལ་བཅོམ་ལྡན་འདས་མ་མདུན་དུ་བཞུགས་སུ་གསོལ་བར་བྱ ་སྟེ། སེར་མོ་ཞལ་གསུམ་སྤྱན་གསུམ་མ་ལ་ཕྱག་བརྒྱད་མ། གཡས་ཀྱི་ཞལ་ནི་དམར་མོའི་རྣམ་པར་བསྒྱུར་བའི་མཐིང་ན་?། གཡོན་པ་ནི་ཕག་གི་ཞལ་ལོ། གཡས་པའི་ཕྱག་བཞིས་ནི་རྡོ་རྗེ་དང། ལྕགས་ཀྱུ་དང། མངའ་དང། ཁབ་བསྣམས ་པའོ། །གཡོན་པའི་ཕྱག་བཞིས་ནི་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པ་དང། བཞུ་དང། སྐུད་པ་དང། བསྡིགས་མཛུབ་བསྣམས་པའོ། །དབུ་རྒྱན་ལ་ནི་རྣམ་པར་སྣང་མཛད་དེ། སྣ་ཚོགས་པའི་རྒྱན་དང་ལྡན་པ། མཆོད་རྟེན་ཀྱི་ནང ་ན་བཞུགས་པ། ན་བཟའ་དམར་པོ་དང་སྟོང་ཤག་བསྣམས་པ། ཕྱག་བདུན་གྱི་ཤིང་རྟ་ལ་གཡས་སྐུམ་པའི་ཞབས་ཀྱིས་བཅིབས་པ་སྟེ། ཡི་གེ་ཡཾ་གིས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧི་ལས་བྱུང་བའི་གཟའ་ཆེན ་པོ་སྒྲ་གཅན་འཛིན་ཉི་མ་དང་ཟླ་བ་གཉིས་བཟུང་བ། ཀུན་ནས་གནས་པར་གྱུར་པའི་ཤིང་རྟའི་དབུས་ན་ལྷ་མོ་བཞིས་ཡོངས་སུ་བསྐོར་བའོ། །དེ་ལ་ཤར་གྱི་ཕྱོགས་སུ་ནཏྟི?་ལའི་སྟེ། དམར་མོ་ཕག་གི་ཞལ་བཞི་མ། གཡས་པའི་ཕྱག་གིས ་ནི་ཁབ?་དང་ལྕགས་ཀྱུ་བསྣམས་པ། གཡོན་པའི་ཕྱག་གིས་ནི་ཞགས་པ་དང་ཤིང་མྱ་ངན་མེད་བསྣམས་པ་དང། སྟོང་ཤག་དམར་པོ་བསྣམས་པ་ཡིན་ནོ། །དེ་བཞིན་དུ་ལྷོར་ནི་པ་དཱ་ལི་ཏེ་སེར་མོ་གཡོན་པའི་ཕྱག་ན་ཤིང་མྱ་ངན་མེད་དང་ཁ་པོ། །གཡས་པའི ་ཕྱག་ན་རྡོ་རྗེ་དང་ཞགས་པའོ། །གཞོན་ནུ་མའི་གཟུགས་སུ་གྱུར་པ་ལང་ཚོ་ལ་བབ་པ་དང་རྒྱན་རྣམས་དང་ལྡན་པའོ། །དེ་བཞིན་དུ་ནུབ་ཕྱོགས་སུ་ནི་བར་ལི་ཏེ་དཀར་མོ་གཡས་པའི་ཕྱག་ན་ནི་རྡོ་རྗེ་དང། ཁབ་དང། ཞགས་པ་དང། ཤིང ་མྱ་ངན་མེད་ནི་གཡོན་པའི་ཕྱག་ན་བསྣམས་པ་དང། ཞབས་གཡས་སྐུམ་པ་དང། གཟུགས་ལེགS་པ་ཡང་ཡིན་ནོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་ཆ་ན་ཕག་གི་གདོང་པ་སྟེ་དམར་མོ་སྤྱན་གསུམ་མ། ཕྱག་བཞི་མ། ཕྱག་གཡས་པས་ནི་རྡོ་རྗེ ་དང་མདའ་དང་ལྡན་ནོ། །ཕྱག་གཡོན་པས་ནི་ཤིང་མྱ་ངན་མེད་དང་གཞུ་བསྣམས་པ་དང། ལྷ་རྫས་ཀྱི་སྐུ་དང་ལྡན་པར་ཡང་བསྒོམས་པར་བྱ་བའོ། །མཆོད་པ་དང་ཕྱག་འཚལ་པ་དང། བསྟོད་པ་དང། སྡིག་པ་བཤགས་དང། ་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ཡོངས་སུ་བསྔོ་བ་དང། གསོལ་བ་གདབ་པ་དང། སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་ལ་རྟེན་པར་བྱ་བ་ལ་སོགས་རྣམས་ཀྱང་བྱས་ཤིང་ཚངས་པའི་གནས་བཞི་ཡང ་བསྒོམས་ལ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་པོ་ང་ཡིན་ནོ། །ཞེས་བྱ་བས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་པར་བྱ་བའོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་གྱིས་བསྐྱེད་པའི་རྣམ་པར་སྣང་མཛད ་སེངྒེའི་ཁྲི་ལ་བཞུགས་པ། སྐུ་མདོག་དཀར་པོ་རལ་པ་དང་དབུ་རྒྱན་དང་ལྡན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ་ཞི་བར་གྱུར་པ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཉི་ཤུ་རྩ་ལྔས ་ཡོངས་སུ་བསྐོར་བའི་ས་བོན་གྱིས་ཡི་གེ་མཾ?་ཡོངས་སུ་རྫོགས་པ་ལས་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པའོ། །དེའི་སྟེང་དུ་ཟླ་བ་ལ་ས་བོན་མཾ་ངོ། །དེ་དག་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་ཕྱག་ལ་སོགས་པའི ་མཚན་ཉིད་དང་ལྡན་པའི་འོད་ཟེར་ཅན་གྱི་སྐུར་བདག་ཉིད་སྐད་ཅིག་གིས་བསྒོམ་པར་བྱ་བའོ། །ོཾ་མཱ་རཱི་ཙཡཻ་བཏྟ་ལི་བ་དཱ་ལི་བ་རཱ་ཧཱ་མུ་ཁི་ཨཱ་ཀར་ཥ་ཡ་ཛ:སྭཱཧཱ། ཞེས་བྱ་བ་འདིས་པ་ཏྟཱ?་ལི་ཤར་ཕྱོགས་སུ་དགོད་པར་བྱ་བའོ། །དེ་བཞིན་དུ་ཨོཾ་མའ་རཱི་ཙཡཻ ་པཏྟ་ལི་བ་དཱ་ལི་བ་རཱ་ལི་བ་ར་ཧའི་གདོང་མ་རུངས་པ་དང་རབ་ཏུ་མ་རུངས་པ་རྣམས་ཐམས་ཅད་ཀྱི་ཁ་ཆིངས་ཆིངས་ཧཱུཾ་སྭཱཧཱ་ཞེས་བྱ་བ་འདིས་ལྟོ་ཕྱོགས་སུ་བ་དཱ་ལཱི?་ངོ། །དེ་བཞིན་དུ་ཨོཾ་མཱ་རཱི་ཙཡཻ་བཏྟཱ་ལི་བ་དཱ་ལི་བ་རཱ་ལི་བ་རཱ་ཧའི་གདོང་མ་རུངས་པ་ཐམས ་ཅད་ཀྱི་ཁ་རེངས་པར་བཾ་སྭཱཧཱ་ཞེས་བྱ་བས་ནུབ་ཏུ་བ་རཱ་ལཾ་ངོ། །དེ་བཞིན་དུ་ཨོཾ་མཱ་རཱི་ཙཡཻ་བཏྟ་ལི་བ་དཱ་ལི་བ་རཱ་ལི་བ་རཱ་ཧ་ཕག་གི་གདོང་མ་སེམས་ཅན་ཐམས་ཅད་དབང་དུ་འགྱུར་བར་ཧོ:སྭཱཧཱ་ཞེས་བྱ་བ་འདིས་ཀྱང་བྱང་དུ་ནི་ཕག་གདོང་མ ་ཡིན་ནོ། །ོཾ་མཱ་རཱི་ཙཡཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བྱ་བའི་སྔགས་འདི་བསྒོམ་པའི་རྗེས་ལ་བཟླས་པར་བྱ་བའོ། །དེ་ལྟར་ཐུན་ཚོང་གསུམ་དུ་བྱིན་གྱིས་བརླབས་ལ་ལྷའི་རྣལ་འབྱོར་གྱིས་བསྒྱུར་བར་བྱ་བ་ཡིན་ནོ། །རྟོག་པ་ནས་གསུངས་པའི་འོད ་ཟེར་ཅན་གྱི་སྒྲུབ་ཐབས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ།། །།*། །རྒྱ་གྲ་སྐད་དུ། མཱ་རཱི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས ་