| Wylie | e-texts based on the ACIP/ALL Input |
བཟླས་པའི་དུས་སུ་ཡི་གེ་བཞི་པོ་རྣམས་རྗེས་སུ་བསམ་པར་བྱ་བའོ་བྱ་བ་ཡིན་ནོ། །གསེར་གྱི་མདོག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་དྷ་ཡའི་ཞལ་སྔ་ནས་དགེ ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། སྔར་བཤད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས ་ལ། པདྨ་དམར་པོའི་ཟླ་བ་ལ་གནས་པའི་ཡི་གེ་དྷཱི:སེར་པོ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་སྟེ། རལ་པ་དང་དབུ་རྒྱན་གྱི་མཛའ་ན་མི་བསྐྱོད་པ་བཞུགས་པ། ཆོས་བཤད་པའི་ཕྱག་རྒྱ་མཛད་པ། པོ་ཏི ་དང་ལྡན་པའི་ཨུཏཔ་ལ་སྔོན་པོ་གཡོན་པའི་ཟུར་ན་བསྣམས་པ། སྟོད་གཡོགས་དང་སྟོད་ཤག་མནབས་པ། ལྷ་རྫས་ཀྱི་ན་བཟའ་དང་རྒྱན་མངའ་བ་ཞེས་བྱ་བ་དེ་ལྟ་བུར་བསྒོམས་ལ། ཨོཾ་དྷཱི(རྒྱུད་འགྲེལ་སྔགས་བཟླས་པར་བྱ་བའོ། །མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོ། །མ་ལ་བཞེས་བྱ་བ་དཱའི?་བྱང་ཆུབ་སེམས་དཔའ་ཨི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་ནས་གང་ཞིག་བསྒོམས་ཙམ་གྱིས། །རྒོལ་བ་ཐམས ་ཅད་ཆེག?་གཅོད་པར། །ཤེས་རབ་ཕ་རོལ་ཕྱིན་འབྱུང་བའི། །དེ་ཕྱིར་བདག་གི་རབ་བཤད་བྱ། །ཞལ?་གཅིག་ཕྱག་ནི་གཉིས་མ་སྟེ། ཁ་དོག་དཀར་མོ་ཡིད་འོང་མ། །དབུ་སྐྲ་ཕྱེད་ཕྱེད་འཁྱིལ་བ་དང། །པད་དཀར་ལ་ནི་ལེགས ་པར?་བཞུགས་པའང། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །པདྨ་གཡས་པའི་ཕྱག་ན་དང། །ཤེས་རབ་ཕ་རོལ་ཏུ་ཕྱིན་མའི་གཡོན། །ཁ་དོག་དཀར་མོ་རྣམ་པར་བསྒོམ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ནས། །ལྟེ་བའི་དཀྱིལ་འཁོར་དུ ་བསྒོམ་བྱ། །ོཾ་ཡིག་ཡེ་ཤེས་ལས་ལེགས་བྱུང། །མཆོག་ཏུ་མཛའ་ཡས་དགའ་བྱེད་མའོ། །དམ་ཚིག་སེམས་དཔའ་རྫོགས་བྱས་ལ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཟླ་དྲུག་སྦྱོར་བ་གོམས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན ་པར་འགྱུར། །ཞག་བདུན་ན་ནི་རབ་སྦྱར་བས། །བསྟན་བཅས་ཀུན་ལ་འཇིགས་མེད་འགྱུར། །འབུམ་ཕྲག་འདས་པའི་སྦྱོར་བ་ཡིས། །ཉིན་རེ་ཚིགས་བཅད་བརྒྱ་བརྒྱ་བྱེད། །རབ་ཏུ་བརྩོན་པ་དག་གིས་ཀྱང། །གཞུང་ནི་བརྒྱ་ཡང་འཛིན་པར ་བྱེད། །འདི་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་རྣམས་ནི། །ོཾ་པི་ཙུ་པ་ཙུ་པྲཛྙཱ་བརྡྷ་ནི་ཛཝ་ལ་ཛཝ་ལ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱཧཱ། སྔགས་འདིས་མ་བཙལ་བའི་སྦྲང་རྩི་ལ་ལན་བདུན་མངོན་པར་བསྔགས་ནས་ཇི་སྲིད་ཟླ་བ་དྲུག་གི་བར་དུ ་གྲུ?་གུས་འཐུངས་པS་ཤེས་རབ་ཆེན་པོར་འགྱུར་རོ། །ོཾ་པྲི་སྭཱཧཱ། སྔགས་འདི་ལ་ཡང་མི་བསྐྱོད་པས་རྒྱས་གདབ་པར་བྱ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། །པཎྜི་ཏ་ཆེན་པོ་མ་ལ་ཞེས་བྱ་བ་དཱ་བྱང་ཆུབ་སེམས ་དཔའ་ཨི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་རང ་གི་སྙིང་གར་པདྨ་དཀར་པོ་འདབ་མ་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་པྲཾ་དཀར་པོ་རྣམ་པར་བཀོད་དེ། དེ་ཉིད་ལས་སྔར་བཞིན་དུ་ཐམས་ཅད་ཚུལ་བཞིན་དུ་བྱས་ནས་ཡི་གེ་བྲཾ་དང་པདྨ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན ་