| Wylie | e-texts based on the ACIP/ALL Input |
ཆོས་ཀྱི་ཡི་གེ་རང་ཉིད་འབབ་སྟེ། །སྒྲོལ་མའི་སྙིང་པོ་འདི་ནི་ཁམས་གསུམ་རྣམ་པར་རྒྱལ་བྱེད་ཤེས་བྱ་སྙིང་རྗེའི་ཞིང་རྣམས་ཀྱིས། །གདམས་ངག་གི་ཁྱད་པར་ཨ་བྷ་ཨ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སྭཱཧཱ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་གདོང་པའི་བྱི་བྱང་ལ་སོགས་པ་བྱས་ཏེ། བདེ་བའི་སྟན་ལ་གནས་པས་ཡི་གེ་ཨ་ལས་བྱུང་བའི་རང་གི་སྙིང ་ཁའི་ཟླ་བ་ལ་ཡི་གེ་ཧྲཱི(རྒྱུད་འགྲེལ་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། གནས་བཞི་བསྒོམ་པར་བྱ་བ་རྣམས་ཀྱང་བྱས་ཏེ་།སྟོང་པ་ཉིད་ཀྱང་རྣམ་པར་བསྒོམ་ཞིང་སྔགས་ཀྱིས་ཀྱང་བྱིན་གྱིས ་བརླབས་ལ། སྙིང་ཁའི་ས་བོན་ལས་དེས་པར་གྲུབ་པའི་ཨུད་པ་ལ་དམར་པོ་ལས་སྐྱེས་པའི་ཟླ་བཱི་དཀྱིལ་འཁོར་ལ་ས་བོན་དེ་ཉིད་བསྒོམ་པར་བྱ་བའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྟེ། སྐུ་མདོག་དམར་མོ་པདྨ་དང་ཟླ ་དམར་པོའི་གདན་ལ་ན་བཟའ་དམར་པོ་དབུ་རྒྱན་དང་ལྡན་པ། །ཕྱག་བཞི་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཞན་གྱིས་ནི་ལེགས་པར་བཀང་བའི་མདའོ། །གཡོན་པའི་གཅིག་གིས་ནི་རིན་པོ་ཆེའི་གཞུ་བསྣམས་པ། གཞན་གྱིས་?་ཨུད་པ་ལ་དམར ་པོ་བསྣམས་པ། དབུ་རྒྱན་ལ་སྣང་བ་མཛའ་ཡས། །ཀུ་རུ་ཀུ་ལླེའི་ཁོང་ན་བཞུགས་པར་གྱུར་པའི་སྒེག་པའི་ཉམས་དང་ལྡན་ཞིང་མཆོག་ཏུ་འབར་བར་གྱུར་པའི་གཞོན་ནུ་ལང་ཚོལ་བབ་པའི་ཀུ་རུ་ཀུལླེ་ཇི་སྲིད་སྐྱོ་པར་མ་གྱུར་པ་དེ་སྲིད་དུ ་བསྒོམ་པར་བྱ་བའོ། །སྐྱོ་ན་ནི་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ོཾ་ཀུ་རུ་ཀུལླེ་ཧྲཱི(རྒྱུད་འགྲེལ་མེ་ཏོག་དམར་པོས་ལྷ་མོ་ཡང་དག་པར་མཆོད་ཅིང། བདག་ཉིད་ཀྱང་གོས་དམར་པོས་བསྒྲུབ་བྱ་སྐྲ་གྲོལ་བ་གཅེར་བུར་བུར་གྱུར་ཅིང་སྨོས་པ་རྡོག་པས་མནན་ཏེ། སྙིང་ཨུད་པ་ལ་དམར་པོའི་མདས་འབིགས་བཞིན་པས་སྔགས་བཟླས་པར་བྱ་བའོ།། ་དེ་ལ་སྔགས་ནི་འདི་ཡིན་ཏེ། །ོཾ་ཀུ་རུ་ཀུལླེ་ཆེ་གེ་མོ་བདག་གི་དབང་དུ་གྱིས་སྭཱཧཱ་ཞེས་བྱ་བའོ། །ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སོ། ། ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནི། བོད ་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ལ། སྙིང་ཁའི་ས་བོན་གྱིས་འོད་ཟེར་གྱིས་མདུན་དུ་བཅོམ་ལྡན་འདས་མ་དང་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ཀྱང་སྤྱན་དྲངས་ཏེ། ལེགས་པར་མཆོད་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྣམས་བྱ་བའོ། །དེ་ནས་སྟོང་པ་ཉིད་དུ་མོས་པར་བྱས་ཏེ། སྔགས་ཀྱིས་ཀྱང་བྱིན་གྱིS་བརླབས་ལ། ཡི་གེ་ཨོཾ་ལས་ཡང་དག་པར་བྱུང་བའི་ཟླ་བ་ལ ་དཀྱིལ་འཁོར་ལ་ཡི་གེ་ཏཱཾ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་རྣམ་པར་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེར་བལྟ་བར་བྱ་བ་ནི་པདྨ་དང་ཉི་མེ་དམར་པོའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ་ཕྱག་དྲུག་མ། གཡས་པ་དང་གཡོན་པའི་ཕྱག་དང་པོ་གཉིས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པ། གཡས་པ་དང་གཡོན་པའི་ཕྱག་རྒྱ་གཉིས་པ་དག་གིས་ནི་ལྕགས་ཀྱུ་དང་ཨུད་པ་ལ་དམར་པོ་བསྣམས་པའོ།། ་