| Wylie | e-texts based on the ACIP/ALL Input |
སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུལླE་སཱ་ཧཱ་ནོཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མ་ལས་ངེས་པའི་འབྱུང་བའི་ཀུ་རུ་ཀུལླE་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ ་གྱིས་ཀྱང། །ལྷར་བཅས་ལྷ་མིན་མི་རྣམས་ཀྱང། །རྟག་ཏུ་ཅི་བགྱི་བར་འགྱུར་བའི། །སྒྲོལ་མ་དེ་ལ་བདག་ཕྱག་འཚལ། །དང་པོར་རེ་ཤིག་སྔགས་པས་བུད་མེད་ཀྱི་འགྲོ་བ་པའི་འདྲུལ་འཇུག་ལ་སོགས་དང་བྲལ་ཞིང་ཡིད་ཀྱི་རྗེས་སུ་འཐུན་ ་པའི་གནས་འགའ་ཞིག་ཏུ་བདེ་བའི་སྟན་ལ་གནས་ལ། །རང་གི་སྙིང་ཁར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཟེར་དངས་པའི་ས་བོན་གྱི་ཡི་གེ་ཧྲཱི:རྣམ་པར་འཕྲོས་པའི་འོད་ཟེར ་དམར་པོའི་ཚོགས་རྣམས་ཀྱིས་འཇིག་རྟེན་ཀུན་ཏུ་སྣང་བར་བྱེད་པ་སྔོན་དུ་འགྲོ་པས། །ཀུ་རུ་ཀུལླེའི་རི་གནས་པའི་ཀུ་རུ་ཀུལླེའི་བཅོམ་ལྡན་འདས་མ་ལེགས་པར་བསྐུལ་ཞིང་སྤྱན་དྲངས་པར་མདུན་གྱི་ནམ་མཁའ་ཨི་ཡུལ་ཕྱོགས་སུ་ལེགས་པར ་བསམས་ལ། །སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ངེས་པར་སྤྲུལ་པའི་རྣམ་པ་སྣ་ཚོགས་པའི་མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་བ་རྣམས་ཀྱིས་མཆོད་པར་བྱ་བའོ། །དེའི་རྗེས་ལ་ཕྱག་འཚལ་བ་དང། །སྡིག་པ་བཤགས་པ་དང། ་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། །ཡོང་སུ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་སྔོན་དུ་འགྲོ་བས། །བདག་གི་དཀོན་མཆོག་གསུམ་ལ་སྐྱབས། །བདག་སྡིག་ཐམས་ཅད་སོ་སོར་བཤགས། ་སྐྱེ་དགུའི་བསོད་ནམས་ལ་རྗེས་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །ཞེས་བྱ་བ་འདི་ལན་གསུམ་དུ་གདོན་ནོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ལ།། ་དེ་བྱིན་གྱིས་རློབས་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་?་ཡིན་ནོ། །དེའི་རྗེས་ལ་འཇིག་རྟེན་ཐམས་ཅད་སྡུག་བསྔལ་བར་སྙིང་རྗེས་དམིགས་ལ། རང་གི་སེམས་ཉིད་ས་བོན་གྱི་གཟུགས་སུ ་རྣམ་པར་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཨུད་པ་ལ་དམར་པོའི་སྟེང་དུ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་པའི་ས་བོན་གྱི་འོད་ཟེར་གྱིས་སྔར་བཞིན་དུ་འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ཤིང། །དེ་བཞིན་གཤེགས ་པ་བྱེ་བ་མཛའ་ཡས་པ་རྣམས་ཡང་དག་པར་བསྐུལ་ནས། །སྤྱན་དྲངས་ལ་ནང་དུ་གཞུགས་པར་བྱའོ། །ུད་པ་ལ་ལ་སོགས་པ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་མོ་སྟོད་ཤག་ཤིན་ཏུ་དམར་པ་འོད་ཟེར་དམར་པོས་ཁོར་ཡུག་ཏུ་གྱུར་པ་རྣ་གདུབ ་དང་དབུ་རྒྱན་དམར་པོ་དང་ལྡན་བ། ཕྱག་བཞི་ལ་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། །གཉིས་པས་ཡང་དག་པར་དགའ་བའི་མདའ། གཡོན་པས་རིན་པོ་ཆེའི་གཞུ་བསྣམས་པ། །གཉིས་པས་ཨུད་པ་ལ་དམར་པོ་བསྣམས་པ། དེ་བཞིན་གཤེགས ་པ་སྣང་བ་མཛའ་ཡས་དབུ་རྒྱན་པ་སྟེ། ཀུ་རུ་ཀུ་ལླེའི་རིའི་ཕུག་ན་བཞུགས་ཤིང་སྒྲ་གཅན་གྱི་མགོ་ལ་གནས་པའི་ཆུང་མ་དང་བཅས་པའི་འདོད་པའི་ལྷའི་སྟེང་ན་པདྨ་དང་ཟླ་བ་དམར་པོའི་གདན་ལ་བཞུགས་པའོ། །སྟེག་པའི་ཉམས་ཀྱིས་འགྱུར ་ལྡོག་ཅིང་ཐོག་མར་ལང་ཚོ་དང་ལྡན་པཱི་ཀུ་རུ་ཀུལླེ་སྒོམ་པར་བྱ་བའོ། །དེ་ལྟར་དམ་ཚིག་སེམས་པ་རྫོགས་པར་བྱས་ལ། །སྐད་ཅིག་གིས་ཡེ་ཤེས་པ་མདུན་དུ་ལེགས་པར་སྤྱན་དྲང་ཞིང་ལེགས་པར་མཆོད་དེ། །དམ་ཚིག་གི་ཕྱག་རྒྱས་ཁའི ་ལམ?་ནས་ནང་དུ་གཞུག་པར་བྱའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མོ་ཁ་སྦྱར་ལ་གུང་མ་གཉིས་རྩི་སྤྲད་ནས་བསླབ་པའི་ནང་དུ་སྲིན་ལག་གཉིས་བཅུག་ལ། གུང་མོ་དག་གི་རྒྱབ་ཏུ་མཛུབ་མོ་གཉིས་ལེགས་པར་བྱ་ཞིང། །མཐེ་བོང ་གཉིས་ན་དུ་བཀུག་པ་ནི་དེའི་རྣམ་པ་ཡིན་པས་ན་ཨུད་པ་ལའི་ཕྱག་རྒྱའོ། །དེའི་རྗེས་ལ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་བྱིན་པ་རིན་པོ་ཆེ། །བདག་ཀྱང་བསྒྲུབ་པར་བགྱི་དོན་དུ། །བདག་ལ་མཁའ་རྡོར་ལ་སོགས་གསོ? ་?་ནི་དོན་?་པའོ། །ཁམས་གསུམ་པ་ཡིས་ཕྱག་བྱས་པའི། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །བདག་གིས་སྦྱིན་བྱ་སངས་རྒྱས་ཀུན། །གསང་གསུམ་གནས་ལས་ལེགས་བྱུང་ཡིན། །ཞེས་བྱ་བ་འདི་བརྗོད་? ་རྒྱས་ཀྱི་བཀས་སྤྱན་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་སྦྱིན་པར་བྱེད་པས་བསྒོཾ་པར་བྱ་སྟེ། དབུ་རྒྱན་ལ་སྣང་བ་མཛའ་ཡས་རྣཾ་པར་གནས་པ་ཡིན་ནོ། །དེ་ལྟར་བསྒོམ་པ་བྱས་ལ་བཟླས་པ་བྱ་སྟེ། མྱུར་བ་མ་ཡིན་བུལ་པར་མ་ཡིན་མི ་གསལ་བ?་མ་ཡིན་ཡན་ལག་དང་བྲལ་བར་མ་ཡིན་པ་དང། ཡན་ལག་མ་ཡིན་པའི་རྟོག་པ་ཡང་སྤངས་ལ། ཨོཾ་ཀུ་རུ་ཀུལླེ་ཧྲི:སྭཱཧཱ། དེ་ལྟར་ཐུན་ཚོང་གསུམ་དུ་རིམ་པ་བཞིན་དུ་སྐྱ་ཁུར་དང་ཤ་ཁ་ར་ལ་སོགས་པའི་གཏོར་མ ་བཏང་བ་སྔོན་དུ་བཏང་པས་གུས་པ་དང་བཅས་ཤིང་རྒྱུན་མི་འཆད་པར་བསམ་པ་བརྟན་པོས་ཟླ་བ་དྲུག་ཏུ་བསྒོམ་པར་བྱ་སྟེ། གྲུབ་པའི་རྟག་འབྱུང་བར་འགྱུར་རོ། །དེ་ནས་ནི་ཟླ་བ་དང་པོ་ལ་ནད་དང་ཉེ་བར་འཚེ་བ་ཞི་བར་འགྱུར་རོ། །ཟླ་བ་གཉིས ་པ་ལ་ནི་ཟས་གསོད་པར་འགྱུར་བ་འབྱུང་བར་འགྱུར་རོ། །གསུམ་པ་ལ་ནི་གོས་རྣམ་པ་སྣ་ཚོགས་པ་རྙེད་པར་འགྱུར་རོ། །བཞི་པ་ལ་ནི་ཏཱཾ་བུ་ལཾ་རྣམ་པ་སྣ་ཚོགས་པ་རྒྱུན་མི་འཆད་པར་རྙེད་དོ། །ལྔ་པ་ལ་ནི་ངོ་མཚར་ཆེ་བའི་གཟུགས་ལ ་སོགས་པའི་ཡོན་ཏན་དང་ལྡན་པའི་བུད་མེད་འདུ་བར་འགྱུར་རོ། །ཟླ་བ་དྲུག་པ་ལ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་འམ་ཅི་ལ་སོགས་པའི་ལྷའི་བུ་མོ་ལེགས་པར་འདུ་བར་འགྱུར་རོ། །བཅོམ་ལྡན་འདས་མ་སྒོམ་པ་ལ་ནི་ཕན་ཆེར ་བུད་མེད་རྣམས་རྙེད་ཀྱིས་ཉེ་བར་འཚེ་བ་འབྱུང་བར་འགྱུར་རོ། །དེས་བདུད་ཀྱི་ལས་དེ་དག་རྣམས་ཡོངས་སུ་སྤངས་ལ་བཅོམ་ལྡན་འདས་མ་བསྒོམ་པར་བྱ་སྟེ། །རྨི་ལམ་སམ་དངོས་སུ་ཡང་སྟེ། །གསལ་བར་བཀའ་བསྒོ་བར་འགྱུར་རོ།། ་རལ་གྲི་དང་མིག་རྩི་དང་རྐད་པའི་བྱུགས་པ་དང། །མི་སྣང་བར་འགྱུར་བ་དང་ཅུད་ཀྱིས་ལེན་དང་མཁའ་སྤྱོད་དང་ཞིང་སྐྱོང་དང་ས་འོག་གྲུབ་པ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །གལ་ཏེ་བཀའ་བསྒོ་བ་མེད་པར་གྱུར ་ན་དེའི་ཚེ་སྔར་བཤད་པའི་ཕྱག་རྒྱ་བཅིངས་ལ་མཆོད་པ་དང་གཏོར་མ་བཏང་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཟླ་བ་དྲུག་པ་གཞན་གྱི་ཟླ་བ་ལ་མཆན་རངས་པ་བཟླས་པར་བྱ་བའོ། །དེ་ནས་ནི་འབར་བར་འགྱུར་ཞིང་དངོས་གྲུབ་ཀྱང་འབྱུང་སྟེ། །ཕྱག ་རྒྱ་དེས་ཚངས་པ་དང་དབང་པོ་དང་ཉེ་དབང་དང་དྲག་པོ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ཡང་དག་པར་དྲངས་ཤིང། ལེགས་པར་འདུས་ནས་ཅི་བགྱི་ཉིད་དུ་བསྙེན་ཏེ། སྒྲུབ་པ་པོ་མངོན་པར་འདོད་པ་རྣམས་ཕུན་སུམ་ཚོགས་པར་བྱེད་དོ། །དེ་ནS ་བཟུང་ནས་སྐྱེ་བ་དང། རྒས་པ་དང། འཆི་བ་དང་བྲལ་བར་འགྱུར་བ་གྲུབ་ནས་འཇིག་རྟེན་གྱི་ཁམས་གཞན་དུ་ཕྱིན་ཞིང་དེ་བཞིན་གཤེགས་པ་རྣམས་མཐོང་བར་གྱུར་པ་དང། ས་དང་གཟུངས་ལ་སོགས་པ་ནས་འཐོབ་པར་འགྱུར་རོ། །སྒྲོལ་མ ་ལས་འབྱུང་བའི་ཀུ་རུ་ཀུལླེའི་ཚིག་ལྷུག་པའི་སྒྲུབ་ཐབས་རྫོགས་སྟོ?།། །།པཎྜི་ཏ་ཆེན་པོ་ཨའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།*། །རྒྱ་གྲ་སྐད་དུ། ཨུ་པ་དེ་ཤ། བོད་སྐད ་