| Wylie | e-texts based on the ACIP/ALL Input |
བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏཱ་རོ་ད་བྷ་བ་ཀུ་རུ་ཀུ་ལླེ་སཱ་དྷ་ནི། བོད་སྐད་དུ། སྒྲོལ་མ་ལས་འབྱུང་བའི་ཀུ་རུ་ཀུ་ལླEའི་སྒྲུབ་ཐབས། སྒྲོལ་མ་ལས་འབྱུང་བའི་ཀུ་རུ་ཀུ་ལླེ་ལ་ཕྱག་འཚལ་ལོ། །རེ་ཤིག་ཐོག ་མར་སྔགས་པས་ཡིད་དུ་འོང་བར་འགྱུར་བའི་གནས་འགའ་ཞིག་ཏུ་འཇམ་པོའི་སྟན་ནད་ཚངས་ཅན་ལ་སོགས་པ་ལ་ཉེ་པར་གནས་ཏེ། ཐད་ཀ་ལ་སོགས་པ་ལ་ཞུགས་པའི་བཅོམ་ལྡན་འདས་མ་བཀྲམ་ལ། ཕྱི་རོལ་གྱི་མཆོད་?་བྱང? ་ནས་རང་གི་སྙིང་ཁར། དྲི་མེད་ཟླ་བ་ཉ་བའི་མདོག། དབྱངས་ཡིག་དང་པོ་ལས་ལེགས་བྱུང། །སེམས་ཀྱི་ཟླ་བ་ལེགས་བསྒོམས་ལ། །ས་བོན་དེ་རྟེན་དགོད་པར་བྱ། །དྲོ་བ་རྣམས་ཀྱི་བཞི་པ་ནི། །མེའི་ཡི་གེའི་སྟེང་ན་གནས། །ཡི་གེ་ཨི ་དང་ཡང་དག་ལྡན། །ནམ་མཁའ་གཉིས་ཀྱིས་བརྒྱན་པའོ། །དེ་ཡི་འོད་ཟེར་སྣ་ཚོགས་ཀྱིས། །འཇིག་རྟེན་དྲི་མ་མེད་བྱས་ཤིང། །མི་མཆེད་ཁམས་སོགས་སྦྱང་བྱས་ནས། །ཀུ་རུ་ཀུ་ལླེའི་རིང་སོང་སྟེ། །དེ་ནི་ལེགས་པར་བསྐུལ་ནས ་ཀྱང། །སྤྱན་དྲངས་ནས་ནི་མདུན་དུ་བཞུགས། །ས་བོན་དེ་ལས་མཁས་པ་ཡིས། །མཆོད་པའི་སྤྲིན་ཚོགས་ཆེན་པོ་སྤྲོ། །མེ་ཏོག་བདུག་པ་དེ་བཞིན་སྒྲོན། །དྲི་དང་ལྷ་བཤོས་ཚོགས་རྣམས་དང། །འགྱིང་བག་ཕྲེང་བ་གར་དང་གླུ། །རོལ ་མོའི་མཆོད་སོགས་དེ་བཞིན་དུ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །བདག་གི་སྡིག་ཀུན་སོ་སོའི་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །སྔགས་འདི་ལན་གསུམ ་བརྗོད་བྱས་ལ། །དེ་ནས་བཟོད་པ་མཛོད་ཅེས་ཀྱང། །དེ་ལ་ཚིགས་སུ་བཅང་པའི་དབྱངས་ནི་འདི་ཡིན་ཏེ། །བདག་ནི་རྨོངས་པའི་ཡིད་ཀྱིས་ཀྱང། །སྡིག་པ་ཅུང་ཟད་གང་བགྱིས་པ། །ལུས་ཅན་གང་ཡིན་སྐྱོབ་མཛད་པའི། །ལྷ་མོ་ཁྱོད ་ཀྱིས་དེ་བཟོད་མཛོད། །སེམས་ནི་བྱམས་པ་ལ་གནས་པར་བྱ་ཞིང་དེ་ནས་ནི་ཡང་སེམས་སྙིང་རྗེ་ལ་ངེས་པར་གཞག་པར་བྱས་ལ་རབ་ཏུ་དགའ་བའི་སེམས་ཀྱང་ལེགས་པར་བསྐྱེད་བས་གནས་པར་བྱས་ཏེ། ཕྱི་ནས་ནི་བཏང་སྙོམས་སུ་བྱས་པས་ཐཾས་ཅད་ཀྱང་སེཾས ་ཅན་དུ་རྣམ་པར་གཞག་པར་བྱའོ། །རང་བཞིན་ང་རྒྱལ་གཞོམ་དོན་དུ། །དེ་ནས་སེམས་ཀྱང་སྟོང་པར་བྱ་།སྟོང་ཉིད་མེ་ཡིས་བསྲེགས་པས་ནི། །ཡང་སྲིད་ཕུང་པོ་ལྔ་མི་འབྱུང། །ོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི ་ད་ཡིན་ནོ། །ཡུད་ཙམ་སྟོང་ཉིད་རྣལ་འབྱོར་བྱ། །སེམས་ངལ་བསོ་བར་བྱ་བ་དང། །དང་པོའི་སྨོན་ལན་དྲན་བྱས་ལ། །ཡང་ནི་ས་བོན་ཙམ་དྲན་བྱ། །གཅིག་ཏུ་ཡོངས་སུ་མྱང་འདས་ལས། །བདག་གིས་སེམས་ཅན་རབ་ཏུ་བསྒྲལ། །འཁོར་བའི ་རྒྱ་མཚོ་རྒལ་དཀའ་ལས། །ཇི་ལྟར་དེ་དག་བདག་གིས་བསྒྲལ། །སྙིང་རྗེས་ཟིན་པས་འདི་རྟོགས་ནས། །སྤྱོད་མེད་སྟོང་པ་ཉིད་གཏང་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སེམས་བསྐྱེད་པ་དང་ལྡན་པ་ལ། །ས་བོན་སངས་རྒྱས་བྱིན ་བརླབས་ཀྱིས། །དེ་ལ་ཨུད་པ་ལ་ཞེས་བྱ་འབྱུང། །ུད་པལ་ལ་ནི་ཟླ་བའི་གཟུགས། །དབྱངས་ཡིག་ཨེ་ལས་ལེགས་འབྱུང་ངོ། །ཟླ་བ་དེར་ཡང་ས་བོན་ནོ། །དེ་ལས་འོད་ཟེར་སྦྱོད་བ་ཡིས། །འཇིག་རྟེན་ཁམས་རྣམས་མ་ལུས་པ། །དེ་ཡིས་རྣམས ་སྦྱངས་བསྒོམ་པར་བྱ། །སྦྱངས་ནས་མཁྱེན་བྱ་འོད་ཟེར་གྱིས། །སངས་རྒྱས་བྱེ་བ་ཐམས་ཅད་ནི། །ུད་པ་ལ་དེ་ལ་ཞུགས་པར་བསྒོམ། །དེ་ལས་སྒྲོལ་མ་འབྱུང་བ་ཡིན། །སྐུ་མདོག་དམར་མོ་ཕྱག་བཞི་མ། །པདྨ་དམར་པོའི་གདན་ལ་བཞུགས། །གོས ་དམར་ཐུང?་མནབས་བསྐལ་ལྡན་མ། །རྣ་གདུབ་དབུ་རྒྱན་དམར་པོ་ཅན། །གཡས་ཀྱི་ཕྱག་གཉིས་མི་འཇིགས་དང། །མདའ་བསྣམས་པ་དང་གཞན་མ་ཡིན། །གཡོན་པའི་ཕྱག་ནི་གཉིས་ཀྱིས་ཀྱང། །གཞུ་དང་མཆོག་དམར་ཨུད་པལ་བསྣམས། །ཀུ་རུ ་ཀུལླེའི་རི་ཕུག་གི། ནང་བཞུགས་སྣང་མཛའ་ཅོད་པན་གནས། །པདྨ་དམར་པོའི་གདན་འོག་ན། །དགྲ་ཅན་དེ་སྟེངས་ཡོངས་གནས་པ། །འདོད་པའི་ལྷ་ནི་ཁྱོ་ཤུག་གཉིས། །ཤིན་ཏུ་རྒྱལ་བ་བསྒོམ་བྱ་སྟེ། །དེ་ལ་རྡོ་རྗེ་དཀྱིལ ་གྱིས་བཞུགས། །རིག་པ་ཀུན་ལ་རྣམ་སྦྱངས་མ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའི། །བཅོམ་ལྡན་འདས་མ་ཡང་དག་བསྒོམ། །དམ་ཚིག་སྐུ་ནི་ལེགས་ལྡན་པས། །ཡེ་ཤེས་འཁོར་ལོ་ལེགས་པར་དགུག། སྐད་ཅིག་སྣང་བ་ཡོངས ་རྫོགས་པས། །ཡེ་ཤེས་འཁོར་ལོ་མདུན་དུ་བཞུགས། །ཛ:ཧཱུཾ་བཾ་ཧོ:ཞེས་བྱ་བ་འདིས་སྤྱན་དྲངས་གཞུག་བརྟན་པར་བྱ་དགྱེས་པར་ཡང་བྱ་བའོ། །དམ་ཚིག་གི་ཕྱག་རྒྱའི་སྦྱོར་པས་ཁའི་ལམ་ནས་གཞུག་པར་བྱ་སྟེ། ལག་པ་གཉིས་སྙིམ་པར ་བྱས་ལ་གུང་མོ་གཉིས་ཀ་ཡང་རྩེ་སྤྲད་ཅིང། །རྩེ་འོག་མཐིལ་དུ་སྲིན་ལག་གཉིས་དགུག་ང་མཐེབ་མོ་གཉིས་ཁོགས་སུ་བཏང་བའི་འོག་ཏུ་མནན་ལ། །མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་གློར་སྦྱར་ཞིང་གང་གི་ཚེ་མཐེ་ཆུང་གཉིས་ཀྱང་ཅུང་ཟད ་རྩེ་དགུག་པའོ། །འདིས་ནི་དམ་ཚིག་ལ་བཅིང་བར་བྱ་བ་དང། །འདིས་འཁོར་ལོ་གཞུག་པར་བྱ་བ་ཡང་ཡིན་ནོ། །དེ་ནས་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བའི་ཚིགས་སུ་བཅད་པའི་དབྱངས་བརྗོད་པས་དབང་བསྐུར་བ་དོན་དུ་གཉེར་བར་བྱ ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་བྱིན་པ་ཆེན་པོའི་ཆེ། །བདག་ཀྱང་སྐྱབ་པར་བགྱི་དོན་དུ། །མཁའ་རྟོར་ལ་སོགས་བདག་ལ་གསོལ། །དེ་དག་ཆེར་གྱུར་སྦྱིན་མཛད་དེ། །དབང་བསྐུར་རྒྱལ་པོ་ཞེས་བྱ་བའོ། །མེ་ཏོག་དབང ་བཞིན་རྒྱལ་པོ་ཡང། །སྤྱན་མ་ལ་སོགས་ལྔ་དག་གིས། །ཁམས་གསུམ་པ་ཡིས་ཕྱག་རྒྱས་པའི། །དབང་བསྐུར་རྡོ་རྗེ་ཆེན་པོ་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱིས། །གནས་ལས་ལེགས་བྱུང་བདག་གིས་སྦྱིན། །སངས ་རྒྱས་དབང་བསྐུར་བ་ཡིས་སྒྲོལ། །ཆོས་ནི་གཙུག་གི་ནོར་བུར་བཞུགས། །ངོ་མཚར་འོད་ཟེར་དམར་འོད་ཀྱིས། །འཇིག་རྟེན་གསུམ་པོ་གསལ་བར་མཛད། །དབང་བསྐུར་རིན་ཆེན་ཐོབ་པས་ནི། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །ལོ་ཕྱེད་བརྟན ་པས་ལེགས་གནས་དང། །ཇི་སྐད་བཤད་ཆོག་སྔོན་དུ་བཏང། །སྒོམ་པའི་རིཾ་པ་སྔོན་འགྲོ་བས། །སྒྲོལ་མའི་སྙིང་པོ་ཡིས་ནི་འདིར། །སྔགས་ནི་མཉམ་པར་གཞག་པས་བཟླས། །ོཾ་ཀུ་རུ་ཀུལླE་ཧྲཱི(རྒྱུད་འགྲེལ་བཟླས་པ་ལས་ཡང་དག་པར་བརྩམ་པར་བྱ་བའོ། །ཆ་ཤས་ཀྱིས་ནི་ཤེས་རབ་འཕེལ། །ཆ་གཞན་གྱིས་ནི་དབང་དུ་བྱེད། །ཆ་ནི་གསུམ་པ་ཉིད་ཀྱིས་ཀྱང། །མི་ཡི་དགུ་ནི་འབྱིན་པར་བྱེད། །དེ་ནི་འཇིག་རྟེན་ཀུན་གྱིས་མཆོད་པར་བྱེད་འགྱུར་ཞིང ་བུད་མེད་རྒྱགས་པ་དག་གིས་དྲེག་ལྡན་རྣམས་ཀྱང་སྟེ། །ཇི་ལྟར་འདོད་བཞིན་སྔགས་འཛིན་བྱེད་པའི་རྗེ་བོ་ཡི། །བཤད་ལ་ངེས་པའི་སྦྱོར་བས་ལྷ་མི་མཛེས་རྣམས་ཀྱང། །བསྒྲིན་པོས་རིམས་ཀྱིས་གོམས་བྱས་ཏེ། །དངོས་གྲུབ་ཡིན? ་ཚེགས་བསྒྲུབ་བྱས་ལ། །དངོས་གྲུབ་ཆེན་པོས་བསྒྲུབ་པར་བྱ། །ཐམས་ཅད་དུ་འདིར་ཐེ་ཚོམ་སྤང། །སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླEའི་སྒྲུབ་ཐབས་རྟོགས་པ་ལས་གསུངས་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ལས་དགེ ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུལླE་སཱ་ཧཱ་ནོཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མ་ལས་ངེས་པའི་འབྱུང་བའི་ཀུ་རུ་ཀུལླE་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ ་